སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་བབ་ཆགས་ཀྱི་སྲོལ་བཟང་དར་སྤེལ་བྱེད་དགོས།
2023.06.25 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 13

—བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་གི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་དགོས་པ་ཐེངས་མང་པོར་ནན་བཤད་གནང་བ་དང་། “ད་ལྟ་ང་ཚོའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་གཏན་ནས་ཆུང་དུ་གཏོང་མི་རུང་། གྲོན་ཆུང་ལ་བརྟེན་ནས་རང་གཅུན་དང་གྲོན་ཆུང་ལ་བརྟེན་ནས་བྱ་གཞག་དར་སྤེལ་བཏང་སྟེ། གྲོན་ཆུང་བསྲི་ཚགས་དང་ཧུར་བརྩོན་གྱི་སྒོ་ནས་ལས་དོན་མཐའ་དག་བསྒྲུབ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས”ཞེས་གསུངས་པ་དང་།  “རང་རྒྱལ་འཕེལ་རྒྱས་ཀྱི་ཆུ་ཚད་ཅི་འདྲ་ཞིག་ཏུ་སླེབས་པ་དང་མི་དམངས་ཀྱི་འཚོ་བ་ཇི་ལྟར་ཇེ་བཟང་དུ་སོང་ནའང་དཀའ་སྤྱད་འབད་འཐབ་དང་ཧུར་བརྩོན་གྲོན་ཆུང་གི་བསམ་བློ་ནམ་ཡང་འདོར་མི་རུང”ཞེས་བླང་བྱ་བཏོན་ཡོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། གོ་བ་ནན་ཏན་ལེན་པ། ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། སྤྱོད་པ་གཙང་ན་བདེ་བ་དང་འདོད་རྔམ་ཆེ་ན་ཕུང་བའི་གནས་ལུགས་རྟོགས་པ་དང་། དུས་དང་རྣམ་པ་ཀུན་ཏུ་རང་ཉིད་རྨོངས་གཉིད་ལས་སད་པ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་མཐའ་གཅིག་ཏུ་འགོག་པ། གུང་ཁྲན་ཏང་མིའི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་རང་བཞིན་ནམ་ཡང་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱོད་ཚུལ་བཟང་པོར་བརྟེན་ནས་སྙིང་སྟོབས་ཆེར་སྐྱེད་དང་། འཐབ་སེམས་འཕེལ་བ། སྣང་བརྙན་བཏོད་པ། དམངས་སེམས་ཐོབ་པ་བཅས་བྱེད་དགོས།

འཚོ་བ་ནི་ལས་ཀའི་རྨང་གཞི་ཡིན་པས། འཚོ་བའི་ཐད་རང་རྟོགས་དང་རང་གཅུན་བྱེད་མ་ཐུབ་ན་བྱ་བའི་ཐད་གཞུང་དྲང་སྤྱོད་གཙང་ཡོང་ཐབས་བྲལ། “དཀའ་བ་སྔོན་ལ་སྤྱད། ལོངས་སྤྱོད་རྗེས་སུ་བྱ”ཞེས་པ་ནི་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་འོས་འགན་ཡིན་ཞིང་། “བག་ཡོད་སྤྱོད་མཁས”ནི《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》རུ་བཏོན་པའི་བླང་བྱ་གསལ་པོ་ཞིག་རེད། བརྗོད་དོན་སློབ་གསོ་སྤེལ་བའི་རིང་ལ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། བབ་ཆགས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ་དམ་འཛིན་བྱེད་པར། ངེས་པར་དུ་དམིགས་ཡུལ་གྱི་ཕྱོགས་སྟོན་དང་གནད་དོན་གྱི་ཕྱོགས་སྟོན་ཟུང་འབྲེལ་དང་སློབ་བཤེར་དག་ཐེར་ཕན་ཚུན་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་དེ་ཞིབ་བཤེར་དང་དག་ཐེར་ཡོ་བསྲང་གི་ནང་དོན་གལ་ཆེན་དུ་བརྩིས་ནས་སྤྱོད་ཚུལ་དང་བྱ་སྤྱོད་ཀྱི་སྐྱོན་ཆར་གྲལ་བཤེར་ཆེན་པོ་དང་། དག་ཐེར་ཆེན་པོ། གཙང་སེལ་ཆེན་པོ་བཅས་ཐེངས་གཅིག་བྱས་ཏེ། མི་དམངས་མང་ཚོགས་བསམ་འཆར་ཆེ་བའི་གནད་དོན་མངོན་གསལ་ཅན་མང་པོ་ནན་ཏན་གྱིས་ཐག་གཅོད་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིག་པ་གསལ་བོ་རྒྱུན་འཁྱོངས་བྱས་ནས“མུ་མཐུད་རང་བཤེར་བྱེད་པའི”རང་རྟོགས་ཀྱི་བསམ་པས་རང་ཉིད་ལ་བླང་བྱ་འདོན་པ་དང་བསམ་གཞིག་ནན་མོ་བཏང་ནས་འཚོ་བའི་ཐད་བག་མེད་ཆུད་ཟོས་དང་། རང་སྐྱིད་འདོད་ཆེ་བ། མ་རབས་ཀྱི་བྱ་སྤྱོད་ཡོད་མེད་སོགས་ཀྱི་གནད་དོན་རང་འགུལ་ངང་འཚོལ་ཞིབ་བྱས་པ་དང་རང་ཉིད་ཀྱི་སྐྱོན་ཆ་དང་མི་འདང་ས་ཡོ་བསྲང་བྱས་ཏེ། འཚོ་བའི་སྤྱོད་ཚུལ་ཐད་སྤྱོད་གཙང་གཞུང་དྲང་དང་ཡ་རབས་ཚུལ་མཐུན་བྱེད་དགོས།

ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ནི་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུ་ཞིག་ཡིན་ཞིང་། ཏང་གཤིས་ནི་རྩ་བ་དང་། ཏང་སྲོལ་ནི་མཚོན་ཚུལ། ཏང་གི་སྒྲིག་ཁྲིམས་ནི་འགན་སྲུང་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་བཟོས་པ་དང་ལག་བསྟར་བྱས་པ་ནི་རང་རེའི་ཏང་གིས་དུས་རབས་གསར་པར་གཏན་འཁེལ་བྱས་པའི་བྱ་སྤྱོད་ཅིག་ཡིན་པས། ངེས་པར་དུ་དམ་འཛིན་ལྷོད་མེད་དང་སྙིང་རུས་རྒྱུན་འཁྱོངས་ཀྱིས་དངོས་འབྲེལ་དར་སྲོལ་དུ་འགྱུར་བར་བྱས་ཏེ་ཏང་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དམངས་སྲོལ་ལ་སྣེ་ཁྲིད་བྱེད་དགོས” ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་བཀོད་སྒྲིག་གསར་པ་བྱས་ཡོད། ང་ཚོས་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་ནང་གནས་འབྲེལ་བ་དང་“སྤྱོད་ཚུལ་བཞི”དམ་འཛིན་བྱས་ཏེ། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱེད་པ་དང་། “འགག་རྩའི་ཉུང་ཤས”དམ་འཛིན་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་དང་། “སྤྱོད་ཚུལ་བཞི”མུ་མཐུད་ལེགས་བཅོས་ཟབ་མོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་དུ་ལེགས་བཅོས་བྱེད་པ། ཁྱད་དབང་གི་བསམ་བློ་དང་ཁྱད་དབང་གི་བྱ་སྤྱོད་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱས་ཏེ། ཏང་ཡོངས་ཀྱིས་ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།