སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པར་བྱས་ཏེ་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་དགོས།
2023.06.28 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 12

    བརྗོད་དོན་སློབ་གསོར་ཕན་འབྲས་ཏན་ཏིག་ཐོན་པར་སྐུལ་འདེད་གཏོང་དགོས།

“སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་བྱེད་པར་ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་རྟོགས། བྱ་ཐབས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱས་ཏེ་ཁྱིམ་སྐྱོང་གི་འཇོན་ཐང་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཇོན་ཐང་བཅས་སྦྱོང་ཐུབ་པ་བྱེད་དགོས”  ཉེ་ལམ།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་སྐབས། བརྗོད་དོན་སློབ་གསོ་སྤེལ་བར་བླང་བྱ་གསལ་བོ་བཏོན་པར་མ་ཟད། “སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པར་བྱེད་པའི”སྐོར་ལ་འཆད་འགྲེལ་གཏིང་ཟབ་གནང་ནས“བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་བ”དང་། “བྱ་དངོས་ཀྱི་ངོ་བོ་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ།   ལས་དོན་གྱི་འགག་རྩ་ཁོང་དུ་ཆུད་པ། སྲིད་ཇུས་ཀྱི་ཚད་གཞི་ཁོང་དུ་ཆུད་པ་བཅས་བྱས་ནས་ལས་དོན་གྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

མིག་སྔར། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་འཛམ་གླིང་འདི་ཉིད་ཟང་ཟིང་དང་འཕོ་འགྱུར་གྱི་དུས་སྐབས་སུ་སླེབས་པས། ཕྱི་རོལ་ཡུལ་གྱི་ཉེན་ཁ་དང་འགྲན་སློང་སྔར་བཞིན་གནས་ཡོད་ལ། ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། འཐབ་ཇུས་ཀྱི་བསམ་གཞིག་དང་། རྩོད་སྒྲུབ་ཀྱི་བསམ་གཞིག མ་ལག་གི་བསམ་གཞིག གསར་གཏོད་ཀྱི་བསམ་གཞིག ལོ་རྒྱུས་ཀྱི་བསམ་གཞིག ཁྲིམས་སྐྱོང་གི་བསམ་གཞིག མཐའ་ཚད་ཀྱི་བསམ་གཞིག་བཅས་ཀྱི་ནུས་པ་ཧུར་ཐག་གིས་ཆེ་རུ་བཏང་ནས། སྔོན་ལ་བྱེད་ཐབས་འདོན་པ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ཚེ།  གཞི་ནས་དཀའ་ངལ་སྣ་ཚོགས་དང་ཐ་ན་དེ་ལས་དཀའ་ཚེགས་ཆེ་བའི་ཚོད་བགམ་ཆེན་པོའི་ཉམས་སད་ཐེག་པ་མ་ཟད། མུ་མཐུད་དུ་དཀའ་ངལ་ཁྱད་བསད་དང་ཞུམ་མེད་མདུན་སྐྱོད་ཀྱིས་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་ཐུབ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་བཅས་བྱས་ནས་བསམ་གཞིག་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ལོ་རྒྱུས་ལ་བརྟེན་ནས་དོན་དངོས་ལ་ལྟ་བ་དང་སྣང་ཚུལ་ལ་བརྟེན་ནས་ངོ་བོར་ལྟ་མཁས་པོ་བྱེད་པ། འགལ་ཟླ་དབྱེ་ཞིབ་ཀྱི་བྱེད་ཐབས་སྤྱད་ནས་འགག་རྩར་དམ་འཛིན་ནན་མོ་དང་། གཙོ་གནད་འཚོལ་ཞིབ། ཆོས་ཉིད་གསལ་བཤད་བཅས་མཁས་པོ་བྱེད་པ། བྱ་བ་དང་གནས་བབ་དོན་གཉེར་དང་མིག་སྔར་དང་འབྱུང་འགྱུར་དོན་གཉེར་བཅས་གཅིག་གྱུར་བྱེད་པ།  སྤྱི་ཡོངས་དང་ཆ་ཤས། མིག་སྔར་དང་སླད་ཕྱིན། གཞི་ཁྱོན་ཆེ་ཆུང་།  འགལ་ཟླ་གཙོ་ཕལ།  དམིགས་བསལ་དང་སྤྱིར་བཏང་བཅས་ཀྱི་འབྲེལ་བར་སྟངས་འཛིན་ནན་མོ་བཅས་བྱས་ཏེ།  སྔོན་མཐོང་རང་བཞིན་གྱི་བསམ་གཞིག་དང་། སྤྱི་ཡོངས་རང་བཞིན་གྱི་འཆར་འགོད་དོན་གཉེར། སྤྱི་ཡོངས་རང་བཞིན་གྱི་ལས་དོན་སྣ་ཚོགས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི། བེད་སྤྱོད་བྱེད་རྒྱུ་དེ་ཡིན་པ་དང་བསམ་གཞིག་གི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན་ལག་ལེན་བརྒྱུད་ནས་ཞིབ་བཤེར་བྱེད་རྒྱུ་དེ་ཡིན།  བྱ་དངོས་ཀྱི་ངོ་བོ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ལས་དོན་གྱི་འགག་རྩ་ཁོང་དུ་ཆུད་པ། སྲིད་ཇུས་ཀྱི་ཚད་གཞི་ཁོང་དུ་ཆུད་པ་བཅས་བྱས་ཚེ། གཞི་ནས་ལས་དོན་ཁག་གི་མྱུར་ཚད་དང་ཕན་འབྲས་ཁོང་དུ་ཆུད་ཐུབ་པ་དང་། ལས་དོན་གྱི་ཚན་རིག་དང་མཐུན་པའི་རང་བཞིན་དང་། སྔོན་དཔག་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་བཏང་ཚེ། གཞི་ནས་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་དང་པོ་དེར་དམ་པོར་དམིགས་ནས།  ངེས་པར་དུ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ནས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་ལག་ལེན་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། བསམ་གཞིག་གི་ངེས་གནས་ལས་ཚད་བརྒལ་དང་། བསམ་བློའི་འདུ་ཤེས་བསྒྱུར་བ། དོན་དངོས་དང་བསྟུན་ནས་ལས་དོན་ཇུས་འགོད། བཏོན་པའི་བྱེད་ཐབས་དང་། སྲིད་ཇུས། ཇུས་གཞི་བཅས་གནས་ཚུལ་དངོས་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད། ཚན་རིག་དང་མཐུན་པའི་དགོངས་པ་དང་མཐུན་པ་བཅས་བྱས་ཏེ། གསར་གཏོད་རང་བཞིན་གྱི་ལས་དོན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི། དེང་སྐབས་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཀྱང་ཡིན་པས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱུང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་དགོངས་པ་དེ་བསམ་བློའི་མཚོན་ཆ་སྟོབས་ལྡན་དུ་འགྱུར་བར་བྱས་ནས།  བསམ་གཞིག་གི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཏང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཚེ། ང་ཚོས་འཕེལ་རྒྱས་ཀྱི་དཀའ་གནད་སྣ་ཚོགས་སེལ་ཐུབ་པ་དང་དཀའ་ཚེགས་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པའང་མངོན་འགྱུར་བྱེད་ཐུབ་ངེས་ཡིན།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།