བརྗོད་དོན་སློབ་གསོའི་འཚོ་བཅུད་བསྡུ་ལེན་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མེ་ཏོག་གསོ་སྐྱོང་བྱེད།
2023.06.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བྱ་སྤྱོད་དངོས་ཀྱི་ལས་ཀའི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

དབྱར་དུས་འདིར་མཚོ་སྔོན་པོའི་མཐའ་འཁོར་དུ་ནས་ཀྱི་ལྗང་མྱུག་གཞི་ནས་འབུས་ཤིང་ཁྲུང་ཁྲུང་སྐེ་ནག་གི་ཕྲུ་གུ་ཚོས་ཚང་ནང་ནས་མགོ་བོ་ཕྱིར་བུད་ནས་ལྟ།  དེ་འདྲའི་ཆེ་རྒྱུ་མེད་པའི་བརླན་སའི་ནང་དུ་ངས་འདབ་ཆགས་ཉི་ཤུ་ལྷག་ཙམ་ཞིག་པར་དུ་བླངས་ཡོད་ཅེས་ཐེན་ཅིན་ནས་ཡོང་བའི་སྨྱན་བྱད་པ་ཝང་ཞའོ་རིག་གིས་བརྩེ་བ་ཟབ་མོ་དང་བཅས་ཏེ་དེ་ལྟར་བཤད།   ཝང་ཞའོ་རིག་ནི་ད་ལོ་མཚོ་སྔོན་དུ་འཛོམས་ནས་མཚོ་ཆེན་པོའི་འདབ་ཆགས་ལ་ལྟ་བ་ཞེས་པའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐབས་དང་པོའི་འདབ་ཆགས་ལ་ལྟ་བའི་འགྲན་བསྡུར་ནང་གདན་ཞུ་བྱས་པ་ལྟར་ཞུགས་པ་ཞིག་ཡིན་པ་དང་།  ཡུལ་དེའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་དངོས་རིགས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།

རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་ཡོང་བའི་འདབ་ཆགས་ལ་ལྟ་བའི་ཉམས་མྱོང་ཕུན་སུམ་ཚོགས་པའི་འགྲན་ཞུགས་རུ་ཁག་བཅོ་ལྔ་ཡིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐབས་དང་པོའི་འདབ་ཆགས་ལ་ལྟ་བའི་འགྲན་བསྡུར་དེ་ནི།  མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་ལ་བརྟེན་ནས་བྱ་བ་བསྒྲུབ་པར་སྐུལ་འདེད་གཏོང་བར་མཐོང་ཆེན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་བྱེད་པའི་ཐད་བྱེད་ཐབས་ནུས་ལྡན་འདོན་པ་བཅས་བྱས་ནས།  མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། འགྲན་བསྡུར་ནང་ཞུགས་མཁན་དག་གི་བརྙན་མིག་བརྒྱུད་ནས་མཚོ་སྔོན་པོའི་བྱ་རིགས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གྲུབ་འབྲས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བ་དང་།  འདབ་ཆགས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་སྤྱི་ཚོགས་ཅན་གྱི་ཞུགས་སྟངས་གསར་པ་འཚོལ་ཞིབ་བྱས་པ། མཚོ་སྔོན་པོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་དྲིལ་སྒྲོག་འགྲེམས་སྟོན་བྱས་པ་ཞིག་རེད།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།  བརྗོད་དོན་སློབ་གསོ་དེ་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན།ལྗང་མདོག་འཕེལ་རྒྱས་བཅས་དང་མཉམ་འདྲེས་དམ་ཟབ་བྱས་ནས། བྱ་སྤྱོད་དངོས་དང་ལས་ཀའི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

མཐིང་མདོག་གི་ནམ་མཁའ་དང་སྤྲིན་དཀར།  དྭངས་གཙང་གི་ཆུ་མོ་བཅས་གཞི་གཅིག་ཏུ་འདྲེས་ནས་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་བཀོད་པ་གྲུབ།  མཚོ་སྔོན་པོའི་འདབ་ཆགས་གླིང་གི་ནུབ་ངོས་སུ་ཨེ་ཤ་ཡ་ལྷོ་མ་དང་ཨུ་རུ་སུ་སོགས་ནས་ཡོང་བའི་འདབ་ཆགས་རིགས་ཁྲི་ཕྲག་མང་པོས་རང་ཉིད་ཀྱིས་བཟུང་བའི་མངའ་ཁོངས་སུ་ཚང་བཟོ་བ་དང་རྒུམ་བུ་འཚོལ་བ།  སྒོ་ང་གཏོང་བ་བཅས་བྱས་ཏེ། འདབ་ཆགས་ཁྲི་ཕྲག་འཕུར་བའི་གཤོག་སྒྲ་དང་གསུང་སྐད་སྙན་མོས་ག་ས་གང་དུ་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་འདུག

ཉེ་སྔོན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་དབྱར་དུས་ཀྱི་ཆུ་བྱའི་སྐྱེ་འཕེལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས།  མཚོ་ནང་གླིང་ཕྲན་གྱི་ཆུ་བྱའི་རྒྱུད་སྤེལ་ཁུལ་གྱི་འཕུར་སྐྱོད་ཐད་ལྟ་ཞིབ་ཚད་ལེན་ཐོག་མ་བྱས་མཐར། ཆུ་བྱ་ཁྲི་གསུམ་ལྷག་མཚོ་སྔོན་པོའི་ངོགས་སུ་འཛོམས་ནས་ངལ་གསོ་དང་སྐྱེ་འཕེལ་བྱེད་བཞིན་པའི་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་ཐོབ། སྐབས་དེར་མཚོ་སྔོན་པོའི་བརླན་ས་སྲུང་སྐྱོབ་དང་ཉམས་གསོའི་ཐད་ཚན་རྩལ་འདེགས་སྐྱོར་བྱེད་པའི་བགྲོ་གླེང་ཚོགས་འདུ་དང་སྐོར་དང་པོའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་ལ་རྟོག་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་ཚོགས་ཤིང་། ཆེད་མཁས་པ་རྣམས་ཀྱིས་མཚོ་སྔོན་པོའི་འགྲམ་རྒྱུད་དུ་བྱེ་འགོག་བྱེ་བཅོས་བྱེད་པའི་ཞིབ་འཇུག་གསར་པ་སོགས་ཀྱི་ཐད་ནས་ཐབས་འདོན་ཇུས་འབུལ་བྱས་ཏེ།   མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོབ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་རམ་འདེགས་བྱས།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོའི་ཐད་བྱེད་ཐབས་དངོས་འདོན་རྒྱུར་མཐོང་ཆེན་བྱས་ཏེ། སྔ་རྗེས་སུ་བརླན་ས་སྲུང་སྐྱོབ་དང་སླར་གསོ་བྱེད་པ། མཚོ་སྔོན་པོའི་གཙོ་གནད་ཆུ་ཁོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཉམས་གསོ་སོགས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་ལས་གཞི་ལག་བསྟར་བྱས་ནས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་གཞི་གཅིག་ཅན་སྲུང་སྐྱོབ་བྱེད་པ་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

མཚོ་སྔོན་དུ་འཛོམས་ནས་མཚོ་ཆེན་པོའི་འདབ་ཆགས་ལ་ལྟ་བའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐབས་དང་པོའི་འདབ་ཆགས་ལ་ལྟ་བའི་འགྲན་བསྡུར་དང་། མཚོ་སྔོན་པོའི་བརླན་ས་སྲུང་སྐྱོབ་དང་ཉམས་གསོའི་བགྲོ་གླེང་ཚོགས་འདུ། རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྐོར་དང་པོའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་བཅས་ཚོགས་ནས། ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་སུའུ་དང་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་སྐྱེ་ཁམས་ཁོར་ཡུག་ཐོན་ཁུངས་ཞིབ་འཇུག་ཁང་མཚོ་སྔོན་པོའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་བཙུགས་པའི་སྒོ་བྱང་བཀལ་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་།

མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་ཚད་ལྡན་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཚད་གཞི་ཚད་ལྡན་ཕྱོགས་སྒྲིག་སྒྲིག་བཟོ་ལེགས་འགྲུབ་བྱུང་ཞིང་།  མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གཡེང་ལྟ་ཞིབ་ཚད་ལེན་ལས་དོན་གྱི་ཇུས་གཞི་དང་།  སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་གྱི་ཚད་གཞི་བཟོས་ནས་ལག་བསྟར་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྐོར་གཡེང་ལྟ་ཞིབ་ཚད་ལེན་བྱས།

རེས་སྐོར་གཉིས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལྡོག་འདྲེན་བསམ་འཆར་བཅོས་སྒྲིག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། ཟང་ཟིང་བཞི་གཙང་བཤེར་བྱེད་པ་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་།

མཚོ་ངོས་ཡངས་ཤིང་རྒྱ་ཆེ་ལ་ཆུ་མོ་དྭངས་ཤིང་གཙང་བ། བྱ་བརྒྱ་ལྡིང་སྐོར་རྒྱག་པའི་དུས་ཚིགས་ཤིག་སྟེ།  2022ལོའི་ཟླ་བཞི་པར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་དོན་དེ་དངོས་སུ་ལག་བསྟར་བྱེད་པའི་དུས་སྐབས་སུ་སླེབས་ནས།  ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་དེ་སྐྱེ་ཁམས་མཛའ་མཐུན་དང་ལྗང་མདོག་འཕེལ་རྒྱས། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་རྒྱལ་ཁབ་སྤྱི་གླིང་ཞིག་ཏུ་བསྐྲུན་ནས། ནམ་ཡང་རྦ་རླབས་ལང་ལོང་གཡོ་བའི་མཚོ་སྔོན་པོའི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ཞིག་འབྲི་མགོ་བརྩམས་པ་རེད།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཐད་ཕན་འབྲས་ཐོབ་པར་མཐོང་ཆེན་བྱས་ནས། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པའི་རྨང་གཞིའི་སྟེང་《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དང་ཡན་ལག་ཁུལ་གྱི་རིགས་པས་ཁུངས་སྐྱེལ་སྙན་ཞུ》སོགས་བཟོས་ཏེ།  མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད་པ་རེད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་འཛུགས་སྐྲུན་གྱི་ཇུས་གཞི་བཟོས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་སྤྱི་འདོམས་དང་།  ཆེད་དོན་འཆར་འགོད་རྨང་གཞིར་བྱེད་པ། སྲིད་ཇུས་འགན་ལེན་འདེགས་སྐྱོར་དུ་བྱེད་པ་བཅས་ཀྱི་འཆར་འགོད་མ་ལག་གི་གྲུབ་ཆ་རགས་ཙམ་བསྐྲུན་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་དང་མཐུན་པའི་འཆར་འགོད་དང་། ཚན་རིག་དང་མཐུན་པའི་འཛུགས་སྐྲུན། ཚན་རིག་དང་མཐུན་པའི་དོ་དམ་བཅས་ལ་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

དུས་སྐབས་དེའི་རིང་ལ། ང་ཚོས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ནུབ་བྱང་བརྟག་དཔྱད་འཆར་འགོད་ཇུས་འགོད་ཁང་སོགས་ཚན་ཞིབ་སའོ་དང་འཐབ་ཇུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། འགན་འཁྲི་ཁ་གསལ་དང་འཁོར་སྐྱོད་ནུས་ལྡན། མཉམ་དུ་ཤུགས་འདོན་པ་བཅས་ཀྱི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ། དོ་དམ་སྲུང་སྐྱོབ་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་དེའི་ནང་ཞུགས་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཏན་ཏིག་དང་ཞིབ་ཚགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་འཆར་འགོད་འཛུགས་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིག་ཆིན་ཁྲོན་གྱིས་ངོ་སྤྲོད་བྱས།

མཚོ་ངོགས་སུ་མཐིང་མདོག་གི་ནམ་མཁས་བརྒྱན་ཞིང་རྩྭ་ཐང་དུ་སྔོ་རྩྭ་ནེམ་ཞིང་ལྗང་།  ཞིང་ཁ་རུ་ལོག་དཀར་གྱི་མེ་ཏོག་གསེར་མདོག་གིས་འཚེར། དབྱར་དུས་སླེབས་ཐེངས་རེ་ལ་སྙན་ངག་དང་རི་མོ་བཞིན་མཛེས་པའི་མཚོ་སྔོན་པོ་དེ་ནམ་ཡང་མི་རྣམས་ཀྱི་ཡིད་ངོགས་སུ་བརྗེད་པར་དཀའ་ཞིང་།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཞིག་གིས་ཡིད་སྨོན་བྱེད་པའི་སྙན་ངག་དང་རྒྱང་རིང་དུ་གྱུར་ཡོད།   མཚོ་སྔོན་གྱིས་ལྷོད་གཡེང་སྤུ་ཙམ་མེད་པར་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་ལ་འཆར་འགོད་དང་ཁོར་ཡུག་བཅོས་སྐྱོང་ལས་དོན་དེ་དམ་འཛིན་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པར་སྐུལ་འདེད་བྱེད་བཞིན་ཡོད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་དང་།  སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁོངས་མི། སྐྱེ་ཁམས་བདག་སྐྱོང་བ་བཅས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་མཚོ་སྐོར་རྒྱལ་ལམ་109དང་མཚོ་སྔོན་པོའི་ལྷོ་ངོགས་སུ་སྡོམ་པས་ཁོར་ཡུག་བཅོས་སྐྱོང་གི་བྱ་སྤྱོད་ཐེངས་བཞི་ལ་སྤེལ་རྒྱུར་སྐུལ་ཁྲིད་བྱས་པ་དང་། མི་ཐེངས་ཁྲི་གཉིས་དང་སྟོང་གཉིས་བཞི་བརྒྱ་ཞུགས་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་གུང་ཧོ་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། གཡོན་རུ་སྡེ་བ་དང་ཅང་ཤེས་གྲོང་རྡལ། རྒྱ་ཡེ་སྡེ་བ་བཅས་སུ་སོང་སྟེ། གཞི་རིམ་མང་ཚོགས་དང་ངོ་འཕྲད་ཀྱིས་བརྗེ་རེས་བྱས་ནས། ས་གནས་དེའི་སྡེ་ཁུལ་མང་ཚོགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ཞིབ་ཕྲའི་རེ་འདུན་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་པ་དང་།  དེ་བཞིན་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་མངོན་གསལ་གྱི་འགལ་བ་དང་གནད་དོན་ཤེས་རྟོགས་ཐུབ་པར་བྱས་པ་མ་ཟད། མཚོ་སྔོན་པོའི་ལྷོ་ཕྱོགས་ཀྱི་ཐོན་ལས་བཀོད་སྒྲིག་ཐད་ལུགས་མཐུན་གྱི་གྲོས་གཞི་བཏོན་པ་རེད།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་ཡོང་ཐབས་བྱེད་པ་དང་།  ཐབས་ཇུས་དམངས་ལ་འདྲི་བ་དང་ཉུང་གཏོང་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ནས།  མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རའི་དཀའ་གནད་སེལ་གང་ཐུབ་བྱས་ཏེ་མཚོ་སྐོར་ཡུལ་སྐོར་ཁྲོམ་རའི་རིམ་པ་སྤོར་བར་སྤྱི་འདོམས་སྐུལ་འདེད་བཏང་སྟེ། ས་གནས་སྲིད་གཞུང་གི་རེ་ཞུ་ལ་བསམ་གཞིག་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཡུལ་སྐོར་གྱི་མཛེས་ལྗོངས་ཁ་འགྲེམས་གནས་ཐིག་12ལ་འོས་འཚམ་གྱིས་སྔོན་ལ་ཞིབ་བཤེར་གཏན་འབེབས་བྱེད་རྒྱུ་གཏན་འཁེལ་བྱས་པ་རེད། མཚོ་སྔོན་པོའི་རང་བྱུང་སློབ་གསོ་དང་སྐྱེ་ཁམས་ཉམས་ལེན་གྱི་རྣམ་པ་དང་ཐབས་ལམ་རྒྱ་ཆེར་བཏང་ནས། རྐང་ཚའི་ཁེ་རམས་ཐང་གི་ཞིང་ཆེན་རིམ་པའི་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ།  མཚོ་སྔོན་པོའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་མཛེས་ལྗོངས་ཁུལ་གྱི་རེ་ཞུ་ལེགས་སྒྲུབ་བྱེད་རྒྱུ་རེད།

ང་ཚོས་ད་དུང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཡུལ་སྐོར་དང་། རང་བྱུང་སློབ་གསོ་དང་སྐྱེ་ཁམས་མྱོང་རོལ། དམིགས་བསལ་གཉེར་སྐྱོང་སོགས་ཀྱི་ཆེད་དོན་འཆར་འགོད་བཟོས་ནས་མཚོ་སྐོར་སྲིད་གཞུང་དང་མང་ཚོགས་ལ་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་བྱེད་པར་སྣེ་ཁྲིད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ལྗང་མདོག་དཔལ་འབྱོར་འཕེལ་རྒྱས་ལ་འཚམ་པའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་མ་ལག་ཁྲོད་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་འཚོ་འགན་ལེན་ཕན་ཚུན་མཐུན་སྦྱོར་ཡོང་བའི་ལམ་བུ་གསར་པ་ཞིག་བསྐྲུན་པར་ཁྲིད་སྟོན་བྱས་ཡོད་ཅེས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡི་ཡུལ་སྐོར་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲིན་ཏི་ཧོས་ཀྱིས་གསར་འགོད་པར་དེ་ལྟར་བཤད།

                                                                                     ཡིག་སྒྱུར་བ། གཡང་འབུམ་རྒྱལ།