རྒྱུན་སྲིང་ལྷོད་མེད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱེད་དགོས།
2023.07.03 ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། ཀློག་གྲངས། 10

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ ཐེངས་འདིའི་བརྗོད་དོན་སློབ་གསོར་དུས་མཚམས་དང་གོ་རིམ་མི་དབྱེ་བར་རིག་གཞུང་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག གོང་འཕེལ་ལ་སྐུལ་འདེད། འཚོལ་ཞིབ་བཅོས་སྒྲིག་བཅས་འབྲེལ་མཐུད་བྱས་ནས་མཉམ་འདྲེས་དམ་ཟབ་དང་སྡེབ་གཅིག་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།  ཐེངས་འདིའི་བརྗོད་དོན་སློབ་གསོའི་སྟེང“དགོངས་པ་སློབ་སྦྱོང་བྱེད་པ”ནི་འགོ་འཛུགས་ས་དང་། ཐོག་མཐའ་བར་གསུམ་དུ་ཁྱབ་པའི་གཙོ་རྐང་ཡིན་ཞིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱེད་པ་ནི་བྱེད་ཐབས་གལ་ཆེན་གྱི་ནང་གསེས་ཨང་དང་པོ་ཡིན། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱེད་པའི་འགག་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱ་རྒྱུ་དེ་རེད།

མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ནང་དོན་འདུས་ཡོད་པ་དང་།  དེ་ནི་འདས་མ་ད་གསུམ་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ།  བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་དང་། ནང་སྲིད་དང་། ཕྱི་འབྲེལ། རྒྱལ་སྲུང་བཅས་དང་། དེ་བཞིན་ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་སོགས་ཁྱབ་ཁོངས་སོ་སོ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས། གཏན་ཚིགས་ཚགས་དམ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། བརྒྱུད་རིམ་ཆ་ཚང་བ། རྒྱ་ཆེ་ཞིང་གཏིང་ཟབ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་མ་ལག་ཅིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། ལྟེ་བའི་བརྗོད་དོན། ལག་ལེན་གྱི་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ནས་དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཡང་དག་པས་ཁོང་དུ་ཆུད་པར་བྱས་ཏེ།  ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་ཆབ་སྲིད་ཀྱི་དད་སེམས་དང་། བསམ་བློའི་དད་སེམས། རིགས་པའི་གཞུང་ལུགས་ཀྱི་དད་སེམས། བརྩེ་དུང་གི་དད་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྱབ་ཁོངས་སོ་སོ་ནས་བཏོན་པའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ཕྱོགས་སོ་སོའི་ལས་དོན་ལ་བཏོན་པའི་བྱེ་བྲག་གི་བླང་བྱ་ཚང་མ་ཚན་རིག་གི་མ་ལག་ཧྲིལ་པོའི་ཁྲོད་ཁྱབ་པར་བྱས་ནས། ངོས་འཛིན་དང་སྟངས་འཛིན་བྱེད་དགོས་པ་དང་། ཐར་ཐོར་ཅན་དང་ཕྱོགས་རེ་ཅན་དུ་མི་འགྱུར་བར་བྱེད་དགོས་པ་ལས།  ཕྱོགས་གཅིག་མཐོང་བ་ལས་ཕྱོགས་ཡོངས་མི་མཐོང་བ་བྱེད་མི་རུང་།

རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་ཤུགས་ཆེན་གཏོང་དགོས།

རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་ནི་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་དང་། ཏང་ལ་གསར་གཏོད་བྱེད་ནུས་ཆེན་པོ་ལྡན་པའི་གནད་འགག་ཐུག་ས་ཡིན་ལ།  དེ་བས་ཀྱང་ང་ཚོའི་ཏང་གིས་འཐབ་ནུས་ཆེན་པོ་རྒྱུན་འཁྱོངས་ཐུབ་པའི་འབྱུང་རྩའང་ཡིན། དུས་རབས་གསར་པའི་ཚུན་ལ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད་ནི་ཧ་ཅང་གསོན་ཉམས་ལྡན་པ་ཞིག་ཡིན་པས་ང་ཚོའི་སློབ་སྦྱོང་ཡང་གསོན་ཉམས་དང་ལྡན་པ་ཞིག་ཡིན་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པའི་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་སྟངས་འཛིན་ཐུབ་པ་དང་། དུས་རབས་གསར་པའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་དང་རླབས་ཆེན་གྱི་འཕོ་འགྱུར་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དགོངས་པ་འདི་ཉིད་གྲུབ་པ་དང་འཕེལ་རྒྱས་ཀྱི་ལག་ལེན་རྨང་གཞིར་སྟངས་འཛིན་གཏིང་ཟབ་བྱེད་དགོས།

ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་གཙོ་གནད་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་བྱེད་དགོས།

སྐྱོད་ལམ་གསར་པར་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་བ་ནི་སྔར་བྱུང་མ་མྱོང་པ་ཞིག་ཡིན་པ་དང་། ཉེན་ཁ་དང་འགྲན་སློང་དྲག་པོ་ནི་སྔར་བྱུང་མ་མྱོང་པ་ཞིག་ཡིན་པས། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པའི་འགོ་ཁྲིད་ནུས་པར་སྔར་ལས་མཐོ་ཞིང་ཕྱོགས་ཡོངས་ཀྱི་བླང་བྱ་བཏོན་ཡོད། ལྷག་པར་དུ་རྒྱ་ཆེའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་གྱི་འཐབ་ཡུལ་དང་པོར་གནས་པ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་བཅས་ཀྱི་བྱེ་བྲག་གི་ལག་བསྟར་བ་ཡིན་པས། འཇོན་ཐང་ཐད་ཉམས་སད་སྔར་ལས་ཆེ་བ་འཕྲད་ཡོད། བྱ་བ་གང་ཞིག་སྒྲུབ་ན་དེའི་སྐོར་གཙོ་གནད་དུ་སྦྱོང་རྒྱུ་རྒྱུན་འཁྱོངས་བྱས་ནས། བྱ་བའི་དོན་དངོས་དང་། འགན་འཁྲི། ལས་འགན་བཅས་དང་ཟུང་འབྲེལ་བྱས་ཏེ། རང་ཉིད་དེའི་ཁྲོད་ཞུགས་པ་དང་། ལས་དོན་སྒྲུབ་པ། འགན་འཁྲི་འཁུར་བ་བཅས་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཁུལ་རང་དང་། སྡེ་ཁག་རང་།  ཁྱབ་ཁོངས་རང་བཅས་སུ་གནང་བའི་གསུང་གཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་གསར་ཤོས་ལ་རྗེས་སྙེག་སློབ་སྦྱོང་བྱས་ཏེ། འཇོན་ཐང་ཞན་པའི་གནད་དོན་ཧུར་ཐག་གིས་ཁྱད་བསད་བྱེད་དགོས།

སྦྱངས་པ་གོ་ཆོད་དང་ཤེས་སྦྱོར་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

རིགས་པའི་གཞུང་ལུགས་ཀྱི་རིན་ཐང་ནི་ལག་ལེན་ལ་མཛུབ་སྟོན་བྱ་རྒྱུ་དེ་ཡིན་པ་དང་། སློབ་སྦྱོང་གི་དམིགས་ཡུལ་ནི་བེད་སྤྱོད་བྱ་རྒྱུ་དེ་ཡིན། ང་ཚོས་སློབ་སྦྱོང་བྱེད་པ་དེ་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བའི་ཐད་དོན་འཁྱོལ་བྱས་ཏེ། བསམ་བློའི་ཐོག་ནས་རྩ་བ་བརྟན་སྲུང་དང་ཡོང་ཁུངས་གཙང་མ་བཟོ་བ་དང་། གཞི་བརྟན་བསམ་འཕེལ་ཐུབ་པར་བྱས་ཏེ། དད་སེམས་ཀྱི་རྨང་གཞི་བརྟན་གཏོང་དང་། སྙིང་སྟོབས་ཀྱི་འཚོ་བཅུད་ཟབ་འདྲེན། བསམ་བློ་ཡི་ཁ་ཕྱོགས་བརྟན་འཛིན་བཅས་བྱེད་དགོས། ཏང་གཤིས་ལ་ཞུན་བརྡར་བྱེད་པའི་ཐད་དོན་འཁྱོལ་བྱས་ཏེ། རང་ངོས་བློ་སྦྱོང་དང་། རང་ངོས་གཅུན་འདོམས། རང་ངོས་གསར་བརྗེ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱེད་དགོས། རང་འཁྲིའི་བྱ་བ་ལེགས་པར་སྒྲུབ་པའི་ཐད་དོན་འཁྱོལ་བྱས་ཏེ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས། མར་ཁེ་སིའི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱེད་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

འགོ་ཁྲིད་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ནི་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་སྲོག་ཤིང་ལྟ་བུ་ཡིན་པ་དང་། རིགས་པའི་གཞུང་ལུགས་ཐད་བྱང་ཆུབ་པ་ནི་ཆབ་སྲིད་ཐད་གནད་སྨིན་ཡོང་བའི་རྨང་གཞི་ཡིན་ཞིང་། ཆབ་སྲིད་ཐད་ཀྱི་སྲ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཀྱི་རིག་པ་དྭངས་གསལ་ལས་བྱུང་བ་ཞིག་ཡིན། འགོ་ཁྲིད་ལས་བྱེད་པས་འཆད་སྟེགས་སུ་བསྐྱོད་ནས་ཏང་གི་སློབ་ཚན་འཁྲིད་དགོས་པ་དང་། རང་དཔེ་གཞན་སྟོན་དང་སློབ་ཚན་ཁྲིད་དེ་སློབ་སྦྱོང་ལ་སྐུལ་འདེད་གཏོང་དགོས། ཏང་ཀྲི་པུའུ་ཡིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་སློབ་སྦྱོང་བྱེད་སྒོ་སྤེལ་ཏེ་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཡག་པོ་སྤྱད་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཏང་ཡོན་ལས་བྱེད་པས་རང་འགུལ་ངང“དྲིལ་བསྒྲགས་པ”ཡག་པོ་བྱས་ཏེ། ཏང་ནང་ཁུལ་གྱི་སློབ་གསོ་ཁྲིད་སྟོན་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་ལ་སྐུལ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀུན་གྱིས་ཤེས་པར་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།