བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
2023.07.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། བརྗོད་དོན་སློབ་གསོ་དངོས་འབེབས་དང་ཕན་འབྲས་ཐོབ་པ། གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་གཏོང་དགོས་ན། ང་ཚོས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་དང་ཁོང་དུ་ཆུད་པར་བྱས་ཏེ། བརྗོད་དོན་སློབ་གསོའི་ཁྲོད་བསླབས་ནས་ཐོབ་ཚོར་ཡོད་པར་བྱེད་དགོས།

གཞུང་ལུགས་སློབ་སྦྱོང་ཁྲོད་གཙོ་སྙིང་དོན་བྱ་རྟོགས་པར་བྱས་ཏེ་ཕུགས་འདུན་ཡིད་རྟོན་གྱི་གཞི་རྩ་བརྟན་པོར་བཟོ་དགོས། ཤེས་བྱའི་རྩ་བ་གཞུ་དང་འདྲ་ན་དེ་ཡི་འཇོན་ནུས་མདའ་རྩེ་འདྲ། “མཐོང་རྒྱ་ཡངས་པོས་སྣེ་ཁྲིད་བྱས་ན་འཇོན་ནུས་རྩལ་དྲུག་ངང་གིས་ཐོན།”གཙོ་སྙིང་དོན་བྱར་གོ་བ་ལེན་པའི་ཁྲོད་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་བཏང་སྟེ། བརྗོད་དོན་སློབ་གསོའི་སློབ་སྦྱོང་རྒྱུ་ཆ་དེ་ཡིག་ཚགས་མི་སྣའི་ལས་ཀའི་ནང་དོན་དང་སྔས་འགྲམ་གྱི་དཔེ་ཆ་རུ་འགྱུར་བར་བྱེད་པ། འབད་བརྩོན་ལྷོད་མེད་ཁྲོད་དད་མོས་ཀྱི་རྩ་བ་བརྟན་པོར་བཟོས་ནས། ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཆུད་པ་དང་། གནས་ལུགས་རྟོགས་པ་དང་དད་མོས་ཡིད་ཆེས་ཡོད་པར་བྱེད་པ། ཧུར་ཐག་གིས་སྒྲུབ་པའི་རྣམ་འགྱུར་བཟུང་ནས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་ནི་ལམ་གསར་པ་འབྱེད་པ་དང་། དཀའ་སྤྱད་འབད་འཐབ་ཀྱི་འགག་སྒོ་བརྒལ་བའི་སྟོབས་ཤུགས་དང་སྙིང་རུས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོར་ལག་ལེན་གྱི་ཁྲོད་ནས་མངོན་སུམ་གྱི་གྲུབ་འབྲས་ཡོད་པར་བྱེད་དགོས། གཞུང་ལུགས་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་། ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག  གཞུང་ལུགས་ཞིབ་འཇུག་ཟབ་སྦྱོང་། གྲོས་སྡུར་བརྗེ་རེས་སོགས་ཀྱི་རྣམ་པ་བེད་སྤྱོད་གང་ལེགས་བྱས་ཏེ། ཇི་མ་ཇི་བཞིན་དུ་སློབ་པ་དང་དངོས་གནས་རྟོགས་པར་བྱེད་པ། འབད་པ་ཆེན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ནས། གཞུང་ལུགས་ཤེས་བྱས་བསམ་བློར་དྲག་ཆས་སྤྲས་པ། དད་མོས་གཞི་རྩ་མུ་མཐུད་ཇེ་བརྟན་དང་བསམ་པའི་ཁྱེར་སོ་བརྟན་པོར་བསྐྲུན་ནས། བརྗོད་དོན་སློབ་གསོའི་སློབ་སྦྱོང་གྲུབ་འབྲས་དེ་གྲུབ་འབྲས་གསར་བ་བསྐྲུན་པའི་འཛད་མཐའ་མེད་པའི་སྒུལ་ནུས་སུ་བསྒྱུར་དགོས།

ཞིབ་དུ་བསམ་ནས་རྟོགས་པར་བྱེད་པའི་ཁྲོད་ཏང་གཤིས་སྦྱོང་བརྡར་བྱས་ཏེ་བྱེད་ཕྱོགས་བསྒྱུར་བ་དང་། རུལ་སུངས་དང་ངོ་བོ་འགྱུར་བའི་མཐའ་མཚམས་བརྟན་པོར་བཟོ་བ། “སྤྱོད་ལམ་ལེགས་པར་སྐྱོང་ན་བསླབ་པ་སྔོན་ལ་འཇོག་པ་དང་། བསླབ་པ་གཙོ་བོར་བཞག་ནས་དཔེ་ཀློག་རྩ་བར་འཛིན་དགོས།”སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་དད་སེམས་ཀྱི་ཟིལ་ཤུགས་རྟོགས་པར་བྱས་པ་ནས་རྒྱུགས་སྤྲོད་ཀྱི་ལམ་བུར་ངང་གིས་བསྐྱོད་དགོས། ཏང་ཡོན་ལས་བྱེད་པས་བྱེད་ཕྱོགས་བཟང་པོ་རྒྱུན་འཛིན་བྱས་ཏེ། སྤྱོད་ཚུལ་གཟབ་ནན་བྱེད་པ་དང་། རང་རྟོགས་སྒོས་གྲོགས་པོའི་ཚོགས་དང་། འཚོ་བ་དང་ལས་དོན་གཙང་སྒྱུར་བྱེད་པ། འགོག་སྲུང་གྱང་རགས་བསྐྲུན་པ་དང་མཐོ་མཚམས་དམ་སྲུང་བྱེད་པ། གཅུན་སྡོམ་དམ་པོར་བྱས་ནས། སྤྱོད་པ་གཙང་བར་བྱས་ཏེ་དོན་དག་གཙང་མ་སྒྲུབ་པ་དང་གཞུང་དྲང་ཟོལ་མེད་ཀྱི་མི་ཞིག་བྱེད་དགོས།  རང་འགུལ་གྱིས་གཞི་རིམ་འཐབ་ཡུལ་དང་པོར་བསྐྱོད་ནས། བརྟག་དཔྱད་ཞིབ་འཇུག་ནན་ཏག་སྒོས་སྤེལ་བ་དང་། མང་ཚོགས་ཀྱི་སྐད་ཆ་ངོ་མར་ཉན་པ། འགྲོ་འདུག་ལྟོ་གོས་ནས་ཐོན་ལས་འཕེལ་རྒྱས་དང་། སྡོད་ཁང་འགན་སྲུང་ནས་སྨན་བཅོས་འཕྲོད་བསྟེན། སྤུས་ཚད་སློབ་གསོ་ནས་བསམ་པའི་དཔལ་ཡོན་སོགས་བར་གྱི་བརྟག་དཔྱད་གནད་དོན་གཅིག་བསྡུས་བྱས་ཏེ་དམངས་ཚིས་གསལ་ཁྲ་གྲུབ་པར་བྱས་ནས། བརྩེ་སེམས་དྲོན་མོས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས།

སྦྱངས་པ་གོ་ཆོད་པར་བྱེད་པའི་ཁྲོད་བྱ་བའི་ནུས་ཤུགས་མཐོ་རུ་བཏང་སྟེ། འགག་སྒྲོལ་དཀའ་སེལ་གྱི་འཇོན་ནུས་སྦྱོང་བརྡར་བྱེད་དགོས། “རལ་གྲིའི་རྣོ་ངར་བཙོ་སྦྱང་ལས་བྱུང་ཞིང་། དཔྱིད་མགོའི་མེ་ཏོག་གི་དྲི་བསུང་གྲང་ངར་ལས་ཐོན།” ཏང་ཡོན་ལས་བྱེད་པས་བྲེལ་དཀའ་ཉེན་ཆེའི་ལས་འགན་ལ་ཁ་གཏོད་དུས་གཏོང་ཕོད་དང་སྒྲུབ་ཐུབ་པར་བྱེད་པ་དང་། ཁུར་བོ་ཆེས་ལྕི་མོ་ཕྲག་ཏུ་ལེན་ཕོད་པར་བྱས་ཏེ་དཀའ་ཁག་གི་གནས་བབ་དེ་ཉམས་ལེན་དང་། ཏང་ཡོན་ལས་བྱེད་པའི་སྦྱོང་བརྡར་འཐབ་ཡུལ་དུ་འགྱུར་བ་བྱས་ཏེ། ཏང་ཡོན་ལས་བྱེད་པས་ནམ་ཡང་དཔའ་པར་ཆེར་སྐྱེད་ཀྱི་སྙིང་སྟོབས་སྲུང་འཛིན་བྱེད་པར་སྐུལ་སློང་བྱེད་པ་དང་། བློ་རྩ་བརྟན་ཞིང་གཉའ་མི་སྒུར་བ། བག་ཕེབས་བརྟན་བརླིང་གི་བརྟན་ཤུགས་གསོ་སྐྱོང་བྱེད་པ། ངར་ཤུགས་ནམ་ཡང་སྲུང་འཛིན་བྱེད་པ། དཀའ་ཁག་ཇི་འདྲ་ཆེ་ན་དེ་ལྟར་མདུན་སྐྱོད་ཕོད་པའི་སྤོབས་པ་བསྐྱེད་པ་དང་། དཀའ་བ་བརྒྱ་ཕྲག་མྱངས་ནས་རྒྱལ་ཁ་ལེན་པའི་འཇོན་ནུས་བསྐྱེད་དགོས། དངོས་སྒྲུབ་ཁྲོད་དུ་གོ་སྐབས་དམ་འཛིན་དང་། དཀའ་གནད་སེལ་བ། ཕན་འབྲས་ཐོབ་པར་བྱེད་པ་དང་།  རྒྱུན་ཆད་མེད་པར་བྱང་ཚད་མཐོ་བའི་ཆེད་ལས་ནུས་པ་དང་གསར་གཏོད་ནུས་པ་ལྡན་པར་བྱས་ཏེ། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་དུས་རབས་གསར་བའི་ཏང་ཡོན་ལས་བྱེད་པའི་འགན་འཁྲིའི་ཁག་ཁུར་ཡོངས་སུ་མངོན་པར་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།