མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་སོགས་ལས་ཁུངས་འགའ་ཡིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

 བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་སློང་རྩ་འཛུགས་བྱེད་པ་དང་དུས་མཉམ་དུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བརྗོད་དོན་སློབ་གསོ་ནན་ཏན་སྒོས་དམ་འཛིན་དང་། བསླབས་ནས་བཀོལ་སྤྱོད་དང་། བསླབས་ནས་ལས་སྒྲུབ་ལ་སྐུལ་བ་རྒྱུན་འཁྱོངས་བྱས་ཏེ། གཏན་འབེབས་བྱ་བ་ནན་མོར་སྒྲུབ་པ་དང་། ཁྱད་ལྡན་གསར་གཏོད་ལ་ཕན་འབྲས་མངོན་པར་ནུས་ཤུགས་བཏོན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་རྗེས། དུས་ལྟར་པུའུ་ལས་དོན་ཚོགས་འདུའི་གྲོས་ཚོགས་བསྡུས་ཏེ།  པུའུ་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་། བརྗོད་དོན་སློབ་གསོའི་སྤྱིའི་བཀོད་སྒྲིག་རེའུ་མིག་གཏན་འབེབས་བྱས་ཏེ། བྱ་བའི་ལས་འགན་གཙོ་བོ་ཁག་ཞེ་བརྒྱད་གྲུབ་པར་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་དོན་ཚོགས་འདུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྒྲུབ་པ་དང་། འབྲེལ་ཡོད་བརྗོད་དོན་དང་འབྲེལ་ནས་ཆེད་དོན་ཞིབ་སྡུར་ཐེངས་བཞི་ལ་སྤེལ།

ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་ལས་འགན་གཙོ་བོའི་བཀོད་སྒྲིག་ལ་དམིགས་ཏེ། ལས་ཚན་ཉེར་དགུ་གཏན་ཁེལ་དང་། ལས་དོན་ཚོགས་འདུའི་ཁོངས་མིས་སྣེ་ཁྲིད་པའི་རྟོག་ཞིབ་ཚན་ཆུང་དགུ་གྲུབ་པར་བྱས་ནས་ཆེད་དོན་རྟོག་ཞིབ་བྱས། འགན་ཁུར་བློ་མཐུན་གཙོ་བོས་སྔ་གཞུག་ཏུ་གྲོང་ཁྱེར་དང་ཁུལ་བདུན་དང་། རྫོང་ཁག་བཅུ་གཉིས། ཞིང་ཆེན་ཐད་གཏོགས་ལས་ཁུངས་དྲུག་བཅས་སུ་རྟོག་ཞིབ་བྱས་པ་དང་། དེའི་ཁྲོད་གྲོང་རྡལ་གསུམ་དང་སྡེ་བ་བཞི་ལ་ལྐོགས་ཏུ་རྟོག་ཞིབ་དང་། ཆ་རྐྱེན་ཞན་ས་དང་། དཀའ་ཁག་འགལ་ཟླ་མང་བའི་ལས་ཁུངས་དང་ས་ཁུལ་དུ་གནས་ཚུལ་ངོ་མ་རྟོགས་པར་བྱས་ནས་དཀའ་གནད་སེལ་རོགས་བྱས། པུའུ་ཡི་ཏང་ཀྲི་པུའུ་སོ་སོས་ཆ་རྐྱེན་ཞན་ལ་མཚོ་འཕང་མཐོ་བའི་ས་ཁུལ་གྱི་གྲོང་རྡལ་དང་འབྲེལ་གཏུག་བྱེད་པའི་བྱ་འགུལ་སྤེལ་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ས་ཁུལ་དུ་ཆ་སྙོམས་མཚོ་འཕང་སྨི་བཞི་སྟོང་ཡན་གྱི་མཐའ་འཁོབ་གྲོང་གསེབ་ཉེར་ལྔ་རུ་བསྐྱོད་ནས། ལས་བྱེད་པ་དང་། རྩ་འཛུགས། འཇོན་མི། གཞུང་ཞབས་པ། དཔྱད་ཞིབ་སོགས་ཀྱི་ཕྱོགས་ནས་མཚོ་འཕང་མཐོ་བའི་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་བསམ་ཕྱོགས་དང་། ཐབས་ལམ་འདོན་སྤྲོད་བྱས།

དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་དུ་སྤེལ་ཏེ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་གི་ལག་བསྟར་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱས་ནས། དག་ཐེར་གྱི་ལས་འགན་གཙོ་བོ་ཁག་ཞེ་བརྒྱད་ཞིབ་པར་བཀོད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པའི་འགོག་རྐྱེན་དང་། གསལ་ཁྲ་ཅན་གྱི་འགོག་སྡོམ་བྱེད་ཐབས་གཏན་འབེབས་བྱེད་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཉམ་དུ། སློབ་སྲོལ་ལྟ་ཞིབ་དང་ཆེད་དོན་རྟོག་ཞིབ་ཟུང་སྦྲེལ་གྱི་བྱེད་ཐབས་སྤྱད་ནས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཐད་ཀྱི་འབུར་ཐོན་གནད་དོན་གྱི་ཆེད་དམིགས་བཅོས་སྐྱོང་བྱ་བ་སྤེལ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་དང་པོ་གདན་ཞུ་བྱས་ནས་པུའུ་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་འབྲེལ་ཡོད་གྲོས་ཚོགས་གལ་ཆེན་དང་བྱ་འགུལ། པུའུ་ལས་དོན་ཚོགས་འདུར་མཛུབ་སྟོན་བྱེད་པའི་སློབ་སྦྱོང་ཞིབ་སྡུར་ལ་ཟུར་ཞུགས་བྱས།  ལས་ཁུངས་ཏང་ཨུ་དང་། ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཙོ་བྱས་པའི་ལྟ་སྐུལ་ཚན་ཆུང་བཙུགས་ཏེ། པུའུ་ཡི་མགོ་ཁྲིད་བར་རང་འགུལ་གླེང་མོལ་བྱེད་པ་དང་། ཏང་ཀྲི་པུའུ་དང་ཁྲུའུ་སོ་སོར་རྟོག་ཞིབ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། པུའུ་ལས་དོན་ཚོགས་འདུའི་ཁོངས་མི་དང་ཀྲི་པུའུ་སོ་སོས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གི་གཅིག་སྣོན་བདུན་གྱི་ཆེད་དོན་བཅོས་སྐྱོང་བྱ་བའི་བཀོད་སྒྲིག་ལྟར། རྒྱུན་རྣམ་ཅན་དུ་ནག་འཇོམས་ངན་སེལ་གྱི་འཐབ་རྩོད་སྤེལ་པ་འདྲེན་བྱེད་དུ་བྱེད་པ་དང་། འགོ་ཁྲིད་དེ་སློབ་གསོ་དང་དངུལ་རྩའི་ལས་ཁུངས། ཚོང་རའི་འཁོར་རྒྱུག་བཅས་ལས་རིགས་གསུམ་གྱི་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱས་པར་མ་ཟད། དེ་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་བཅོས་སྐྱོང་གི་གདམ་བྱ་རུ་བརྩིས།

ཆེད་དོན་བཅོས་སྐྱོང་གིས་རྩ་འཛུགས་ཡོད་པའི་ཉེས་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ལག་བསྟར་བྱེད་པ་སྣེ་ཁྲིད་དུ་བྱས་པ་དང་། ཆེད་དོན་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པ་བཅས་ཟུང་འབྲེལ་བྱས་ཤིང་། ལས་རིགས་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པར་བརྟེན་ནས། ཁུངས་སྣེ་བསྡུ་རུབ་དང་ཞིབ་འཇུག་བརྡར་གཅོད། ཞིབ་བཤེར་ཐག་གཅོད་སོགས་ཀྱི་གནད་འགག་དུས་རིམ་དམ་འཛིན་བྱས་པ་དང་། ནང་དོན་གཙོ་བོ་བཅུ་གསུམ་འབུར་དུ་ཐོན་པར་བྱས་ཤིང་། བཅོས་སྐྱོང་འགུལ་སྐྱོད་བཅོ་ལྔ་སྤེལ་ནས། རྙོག་འཛིང་གི་གནས་ཚུལ་ལ་རྒྱུན་མཐུད་ངང་བཅོས་སྐྱོང་བྱས། སློབ་གསོ་ཁྱབ་ཁོངས་ཀྱིས་གཙོ་བོར་ནར་མ་སོན་པའི་སློབ་མ་བེད་སྤྱད་དེ་ནག་ཉེས་བཟོ་བ་དང་སློབ་རའི་བརྙས་བཅོས་བྱེད་པ། དགེ་སློབ་ལ་ཁ་གཏད་པའི་གཡོ་བསླུ་དང་། སློབ་རའི་དངུལ་བུན་སོགས་ཀྱི་ཁྲིམས་འགལ་ནག་ཉེས་སྤྱོད་ཚུལ་ལ་རྡུང་རྡེག་བཏང་བ་དང་། སློབ་རའི་བདེ་འཇགས་ཆེད་དོན་བཅོས་སྐྱོང་གི་གྲུབ་འབྲས་ཇེ་ཟབ་ཏུ་བཏང་ལ། སློབ་ར་དང་དེའི་མཐའ་འཁོར་གྱི་བདེ་སྐྱོང་ཐད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། སློབ་རའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་སློབ་རའི་གཡོ་བསླུ་ལ་ངོ་རྒོལ་བྱེད་པ། གླེང་ཕྱོགས་ཀྱི་ཁོར་ཡུག་གཙང་བསྒྱུར་བྱེད་པ་སོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ། དངུལ་རྩ་ལས་རིགས་ཀྱིས་གཙོ་བོར་ཁྲིམས་འགལ་དངུལ་རྩའི་ལས་ཁུངས་དང་བྱ་འགུལ། ཁྲིམས་དང་འགལ་ནས་དངུལ་བུན་སྟེར་བ་དང་བཙན་ཤུགས་ཀྱིས་དངུལ་བུན་ཕྱིར་བསྡུ་བ་སོགས་ཀྱི་ཁྲིམས་འགལ་ནག་ཉེས་སྤྱོད་ཚུལ་ལ་རྡུང་རྡེག་བྱས།

དེ་དང་མཉམ་དུ། ཆེད་དོན་བཅོས་སྐྱོང་གིས་འགོ་ཁྲིད་ཀྱི་འགན་ཁུར་བའི་ལམ་ལུགས་དང་ཞིབ་གཅོད་དབྱེ་ཞིབ་ཀྱི་ལམ་ལུགས། ཁྲིམས་ཆད་གཅོད་པ་དང་སྦྲེལ་མཐུད་བྱེད་པའི་ལམ་ལུགས། ལྟ་སྐུལ་དཔྱད་ཞིབ་ཀྱི་ལམ་ལུགས་སོགས་རྒྱུན་འཁྱོངས་བྱས་པ་དང་། མཉམ་ལས་གཞོགས་འདེགས་དང་གོང་འོག་མཉམ་འབྲེལ་གྱི་བྱ་བའི་རྣམ་པ་གྲུབ་པར་བྱས་ལ། སྟོབས་ཤུགས་ཡོད་རྒུས་ནག་ཉེས་སྟོབས་ཤུགས་མེད་པར་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་པ་དང་། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྲུང་སྐྱོབ་བྱས།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡིག་འབྲི་བཅུ་དྲུག་ཅན་གི་ཆུ་བཅོས་སྐྱོང་བསམ་ཕྱོགས་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་བཅོས་སྐྱོང་བསམ་ཕྱོགས་མཚོ་སྔོན་གྱི་འཕེལ་རྒྱས་དང་བརྗོད་དོན་སློབ་གསོའི་ཁྲོད་སིམ་པར་བྱས་ཏེ། ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ཆུའི་སྐྱེ་ཁམས་སླར་གསོ་བྱེད་པ་དང་། ཆུའི་ཁོར་ཡུག་ལེགས་བཅོས་བྱེད་པ། ཆུའི་བདེ་འཇགས་བརྟན་སྲུང་བྱེད་པ། ཆུ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། ཆུའི་རྨང་གཞི་སྲ་བརྟན་དུ་གཏོང་བ་སོགས་ཤུགས་འདོན་ས་དྲུག་དམ་འཛིན་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་བརྟན་སྲུང་མཁན་བྱེད་དགོས་ལ། བདེ་འཇགས་དང་སླད་མེད། མཛེས་སྡུག་བཅས་ཀྱི་ཆུ་དང་མཚེའུ་སྐྲུན་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་དགོས།

ཆེས་གཟབ་ནན་གྱི་ཆུའི་ཐོན་ཁུངས་དོ་དམ་སྒྲིག་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ཆུའི་ཐོན་ཁུངས་ཟད་ཚད་དང་ཆུའི་ཐོན་ཁུངས་ཀྱི་ཚད་གཉིས་ཚོད་འཛིན་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱས་ནས་ཚད་མཐའ་གསུམ་བརྟན་སྲུང་བྱེད་དགོས། རྒྱུན་མཐུད་ངང་ཆུ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ཆུ་གློག་ས་ཚིགས་ཀྱི་སྐྱེ་ཁམས་ལྕགས་རི་སོགས་ཆེད་དོན་བྱ་འགུལ་སྤེལ་ནས། ཆུ་དང་མཚེའུའི་རྙོག་ཟིང་བཞི་མེད་པར་བྱེད་པ་རྒྱུན་རྣམ་ཅན་དུ་གཏོང་བར་སྐུལ་འདེད་བཏང་སྟེ། ཆུ་ལམ་སྒེར་འཛིན་བྱེད་པ་དང་ཁྲིམས་འགལ་ངང་སྔོག་འདོན་བྱེད་པ་སོགས་གནད་དོན་ཆིག་སྟོང་བདུན་བརྒྱ་ཞེ་དྲུག་གཅིག་བསྡུས་སྒོས་ལེགས་བཅོས་བྱས།

རྨ་ཆུ་དང་ཙོང་ཆུ། མཚོ་སྔོན་པོ་སོགས་བཞུར་རྒྱུད་གཙོ་བོའི་མ་ལག་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས་ཞིང་ཆེན་ཡོངས་ཀྱི་ས་ཆུའི་སྲུང་འཛིན་ཚད་བརྒྱ་ཆའི་དོན་བརྒྱད་དུ་མཐོར་འདེགས་གཏོང་དགོས། ཆུ་དང་མཚེའུའི་ཆུའི་སྐྱེ་ཁམས་ཁོར་ཡུག་ཚད་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་འབྲི་ཆུ་དང་རྨ་ཆུའི་ཡན་ལག རྫ་ཆུ་ཞིང་ཆེན་ནས་ཕྱིར་འབབ་པའི་བར་གྱི་ཆུའི་སྤུས་ཚད་རིམ་པ་གཉིས་པའམ་དེའི་ཡན་དུ་སྲུང་འཛིན་བྱེད་དགོས།

དེ་དང་མཉམ་དུ་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་དང་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཀྱི་སྲོལ་ཡིག་སོགས་ཁྲིམས་ལུགས་སྒྲིག་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ། ཁྲིམས་ལུགས་ཁྱབ་བརྡལ་དང་ཁྲིམས་འཛིན་གྱི་ལྷུ་ཚིགས་སོ་སོའི་བྱ་བ་དམ་འཛིན་བྱེད་དགོས་པར་མ་ཟད། རྨ་ཆུའི་བཞུར་རྒྱུད་དུ་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་སྲོལ་ཡིག་སྔོན་ལ་ལག་བསྟར་བྱས།

དེ་མིན་རིམ་པ་ལྔ་བའི་མཚོ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་ཕྱོགས་ཡོངས་ནས་སྐྲུན་པ་དང་། ཆུ་དཔོན་དྲུག་སྟོང་བདུན་བརྒྱ་ལྷག་དང་ཆུ་དཔོན་དང་མཚོ་དཔོན་གཞུང་སྒྲུབ་ཁང་ང་བཞི། ལས་རིགས་དང་སྡེ་ཁག་སོགས་ཉི་ཤུ་ལྷག ཆུ་དཔོན་དང་ལྟ་སྲུང་བ་ཆིག་ཁྲི་དྲུག་སྟོང་གིས་འགན་སྒྲུབ་ཁག་ཁུར་བྱས་ནས། ལས་འགན་གསལ་ཞིང་མཐུན་སྦྱོར་དང་གོ་རིམ་ཡོད་པ། ལྟ་རྟོག་ནན་མོ་བྱེད་པ། སྲུང་སྐྱོབ་ནུས་ལྡན་བྱེད་པའི་ཆུ་དཔོན་དང་མཚོ་དཔོན་དོ་དམ་སྲུང་སྐྱོབ་འགན་འཁྲིའི་མ་ལག་གྲུབ་པར་བྱས། ཆུ་དང་མཚེའུའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་དོ་དམ་ཁྱབ་ཁོངས་ཀྱི་ཚད་མཐའི་ཕྱོགས་ཚད་དང་གནས་ཚད་ཀྱི་གཞི་གྲངས་མཛོད་བསྐྲུན་ནས་རྒྱལ་ཁོངས་བར་སྟོང་འཆར་འགོད་དང་འབྲེལ་བའི་ཆུ་དང་མཚེའུའི་སྐྱེ་ཁམས་བར་སྟོང་གྲུབ་པར་བྱས།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་ཆེད། བརྗོད་དོན་སློབ་གསོའི་དམངས་ཀྱི་འབོད་པར་ཉན་ཞེས་པའི་མང་ཚོགས་ལ་དོན་དངོས་སྒྲུབ་པ་བརྗོད་དོན་ཡིན་པའི་ལག་ལེན་བྱ་འགུལ་སྤེལ་བ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་གླིང་ཁུལ་དང་། ཚན་རིག་ཞིབ་འཇུག་བྱེད་ཡུལ། ཉིང་རྡུལ་མཁར་སོགས་སུ་སོང་ནས་དམར་པོའི་སློབ་གསོའི་རྟེན་གཞི་རུ་ཚན་རྩལ་ཞབས་ཞུ་སྒྲུབ་ནས།  ཏང་གཤིས་བསྐྱེད་ཅེས་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ཏེ། རང་འགུལ་གྱིས་གླིང་ཁུལ་དང་། ཚན་ ཞིབ་མི་སྣར་སྲིད་ཇུས་འདྲི་རྟོགས་སོགས་ཀྱི་ཚན་རྩལ་ཞབས་ཞུ་འདོན་སྤྲོད་བྱས།

ཞིང་ཆེན་ཚན་རྩལ་ཐིན་གྱིས་ཚན་རྩལ་ཆེད་མངག་པས་གྲོང་གསེབ་དར་སྤེལ་བྱ་བར་རམ་འདེགས་བྱེད་པ་ཧུར་ཐག་གིས་སྒྲུབ་སྟེ། མཚོ་སྔོན་སློབ་ཆེན་དང་དཔེ་སྟོན་གླིང་ཁུལ་གྱིས་མཉམ་དུ་བཙུགས་པའི་མཐོ་སྒང་གི་རྩྭ་སར་ཕྱུགས་ཟོག་འཚམ་པའི་དོ་དམ་ལག་རྩལ་ཞིབ་འཇུག་གསར་སྤེལ་སྟེགས་བུ་དང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་ལ་འཚམ་པའི་དོ་དམ་ཚོད་ལྟ་ཁང་གཙོ་བོར་བཅར་འདྲི་དང་རྟོག་ཞིབ་བྱས། མཚོ་བྱང་ཁུལ་གྱི་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་འཛུགས་སྐྲུན་གནས་ཚུལ་ལ་དཔྱད་ཞིབ་བྱས་ཏེ། འཇོན་མི་གཞི་རིམ་དུ་བསྐྱོད་པ་དང་ཚན་རྩལ་གཞི་རིམ་དུ་དར་བ། ཞིང་གསུམ་ཞབས་ཞུ་བཅས་ལ་སྐུལ་འདེད་བཏང་ཞིང་། ཚན་རྩལ་གྲུབ་འབྲས་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པར་ནུས་ཡོད་ཀྱི་ཚན་རྩལ་འདེགས་སྐྱོར་འདོན་སྤྲོད་བྱས། རྟོག་ཞིབ་མང་པོ་བྱས་པ་བརྒྱུད། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་ཀྱི་གསར་སྤེལ་ཐོན་ཁུངས་དང་ཚན་རིག་ཞིབ་འཇུག་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཚན་རྩལ་མི་སྣ་སྟོང་གཅིག་བདམས་ནས་ཚན་རྩལ་ཆེད་མངག་པ་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་རྫོང་ཞེ་གཅིག་ཏུ་ཚན་རྩལ་ཆེད་མངག་པའི་ལས་སྒྲུབ་ས་ཚིགས་བརྒྱ་དང་བཞི་འཛུགས་སྐྲུན་བྱས། དུས་མཉམ་དུ་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་མངག་པའི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གཉིས་བཀོད་སྒྲིག་བྱས་ཏེ། ཆེད་མངག་པའི་ཆེད་དོན་ ལས་གཞི་དོན་བདུན་ལག་བསྟར་བྱས་པ་དང་། ཚན་རྩལ་ཆེད་མངག་པའི་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་། ཚན་རྩལ་ཆེད་མངག་པས་ཚན་རྩལ་ཆེད་མངག་པའི་ལས་སྒྲུབ་ས་ཚིགས་ལ་བརྟེན་ནས་ཚན་རྩལ་གྲུབ་འབྲས་ལེགས་སྒྱུར་བཀོལ་སྤྱོད་དང་ཐོན་ལས་ཅན། རིགས་སྣ་གསར་བ་དང་ལག་རྩལ་གསར་བ་ནང་འདྲེན་བྱེད་པ་སོགས་དཔེ་སྟོན་ཁྱབ་སྤེལ་བྱ་བ་བསྒྲུབས་པས། གཙོ་གཞིའི་བདག་གཉེར་གསོ་སྐྱོང་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་བྱས་ཏེ། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་།  ཞིང་ལས་དེང་རབས་ཅན་དང་གྲོང་གསེབ་དར་སྤེལ་ཐད་ནུས་ཤུགས་བཏོན།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་རྟེན་གཞིའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་བསྐྱར་དྲན་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་བྱེད་ཕྱོགས་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་ཇེ་བརྟན་དང་། ཞིང་ཆེན་ཚན་རྩལ་ཐིན་གྱི་རྒྱ་ཆེའི་ཏང་ཡོན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་མཐོ་རུ་བཏང་སྟེ། ཏང་གི་གཅིག་བསྡུས་ནུས་པ་དང་འཐབ་རྩོད་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་ཏང་གི་གདོང་ལེན་བཙན་རྫོང་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།