འབྲི་ཆུའི་སྟེང་གི་ཧོ་ལུང་ཟམ་ཆེན།
2023.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 19

འབྲི་ཆུའི་སྟེང་གི་ཧོ་ལུང་ཟམ་ཆེན།

—དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གི་དམར་དམག་རྒྱང་སྐྱོད་བཤམས་སྟོན་ཁང་གིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། མི་དམངས་ཀྱི་ཆབ་སྲིད་འདུ་ཤེས་མཐོ་རུ་བཏང་།

རི་ཀླུང་འཕྲེད་ཀྱིས་གཅོད་པའི་དམར་དམག་གི་སྙིང་སྟོབས།། འབྲུ་ཆུར་ཟམ་པ་བསྐྲུན་པའི་མི་དམངས་ཀྱི་བརྩེ་བ།། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་གིས་དམར་དམག་རྒྱང་སྐྱོད་བྱས་ཤུལ་གྱི་ཝ་ཁ་གྲོང་རྡལ་དུ་དམར་དམག་རྒྱང་སྐྱོད་རྗེས་དྲན་ཁང་འཛུགས་སྐྲུན་བྱས་ཤིང་། དམར་དམག་གིས་རྒྱང་སྐྱོད་བྱེད་སྐབས་སུ་སྤྱད་མྱོང་བའི་མེ་མདའ་དང་དམག་ལྭ་སོགས་ཤུལ་བཞག་དངོས་རྫས་བཤམས་སྟོན་བྱས་ཡོད་ལ། དུས་སྐབས་དེའི་དམངས་དམག་མཉམ་འདྲེས་ཀྱི་མཛའ་བརྩེ་ཡི་གཏམ་རྒྱུད་མང་པོ་བརྙན་རིས་དང་འཇིམ་བརྐོས་ཀྱི་རྣམ་པས་བཟོས་ཏེ། དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱིས་ཏང་འཛུགས་སྙིང་སྟོབས་ལ་སློབ་སྦྱོང་བྱེད་པའི་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་མ་ཟད། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དར་སྤེལ་བྱེད་པར་སྐུལ་ལྕགས་ཀྱི་ནུས་པ་བླ་ལྷག་ཐོན་འདུག

བཤམས་སྟོན་ཁང་གི་མདུན་དུ་འབྲི་ཆུའི་གཙང་བོ་ཤང་ཤང་བཞུར་གྱིན་འདུག་ལ། འབྲི་ཆུའི་སྟེང་དུ་ལྕགས་ཀྱི་ཟམ་ཆེན་ཞིག་འཕངས་འདུག ས་གནས་མང་ཚོགས་ཀྱིས་ཟམ་ཆེན་དེའི་མིང་ལ་ཧོ་ལུང་ཟམ་ཆེན་ཟེར།བྲག་ནག་རི་ཁུག་གི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས། དམག་སྤྱི་ཧོ་ལུང་ད་ལྟའི་ཧོ་ལུང་ཟམ་མདོ་རུ་ལངས་ནས། མ་འོངས་པར་གནས་འདི་རུ་ཟམ་ཆེན་ཞིག་ལས་དགོས་པ་དང་། ས་གནས་གཉིས་ལ་འབྲེལ་བ་འཛུགས་དགོས་ཞེས་བཤད། བཅིངས་འགྲོལ་བྱས་རྗེས། དམག་སྤྱི་ཧོ་ལུང་གི་རེ་འདུན་ལྟར1959ལོའི་ཟླ7པར། འབྲི་ཆུའི་སྟེང་རིང་ཚད་ལ་སྨི85དང་། ཞེང་ལ་སྨི6ཅན་གྱི་ལྕགས་ཀྱི་ཟམ་པ་ཞིག་ལས་པ་དང་། མིང་ལ་ཧོ་ལུང་ཟམ་པ་ཞེས་བཏགས། དེ་ནི་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ཐོག་དམག་སྤྱིའི་མིང་བཏགས་པའི་ཟམ་པ་དང་པོ་རེད། 2012ལོར། ཧོ་ལུང་ཟམ་པ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྐོར་བརྒྱད་པའི་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་ཁྱབ་བསྒྲགས་བྱས།

ཧོ་ལུང་ཟམ་པའི་མདུན་གྱི་བྲག་རིའི་ངོས་སུ་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཆིག་སྟོང་དགུ་བརྒྱ་སོ་དྲུག་དང་གྲངས་ཆུང་ལྔ་ཡོད་པའི་དམག་དར་ཆེན་པོ་ཞིག་ཡོད། བྲག་ངོས་སུ་ཡོད་པའི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་དར་ཆ་དེ་ཡིས་ཀྲུང་གོའི་བཟོ་ཞིང་དམག་གི་འཐབ་རྩོད་ཀྱི་སྤོབས་པ་དང་རླབས་ཆེན་གྱི་སྙིང་སྟོབས་མཚོན་ཡོད་པ་མ་ཟད། དམར་དམག་རྒྱང་སྐྱོད་ཀྱི་ཞབས་རྗེས་དེ་བསྐལ་བའི་བར་དུ་ནུབ་པ་མེད་པའི་ལོ་རྒྱུས་ཀྱི་དན་རྟགས་ཀྱང་རེད། 

སྡེ་རོང་རྫོང་གིས་དམར་དམག་རྒྱང་སྐྱོད་རྗེས་དྲན་ཁང་འཛུགས་སྐྲུན་བྱས་པ་ལ་བརྟེན་ནས། ས་གནས་ཀྱི་ལས་བྱེད་དང་མང་ཚོགས་ཀྱིས་གསར་བརྗེ་ཡི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབ་བྱས་ཏེ། དུས་རབས་གསར་པའི་ནང་ལ། སྡེ་རོང་ས་ཆའི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་དང་། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཕྱོགས་སུ་ཡར་སྐུལ་གྱི་ནུས་པ་བླ་ལྷག་ཐོན་དུ་བཅུག་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྡེ་རོང་གི་ས་བཅད་བསྐང་བར་འབད་པ་བྱེད་བཞིན་མཆིས། 

བཤམས་སྟོན་ཁང་དུ་བཞག་པའི་གནའ་བོའི་ལག་ཆ།

གསར་འགོད་པ།  ཕྱུག་ལོ། ཤ་བོ་རིན་མཚོ།

སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།