སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་སེམས་བདེ་བ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་འདོད་བློ་ཚིམ་པའི་གྲུབ་འབྲས་ལེན་པར་འབད་དགོས།
2023.07.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 7

—མངགས་བཅོལ་ཡིད་ལ་བཅངས་ཤིང་དྲིན་གཟོ་ཧུར་བརྩོན་བསྐྱེད་དེ། ཏན་ཏན་ཏིག་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས།

ཞིང་ཆེན་ཏང་ཨུའི“མངགས་བཅོལ་ཡིད་ལ་བཅངས་ཤིང་དྲིན་གཟོ་ཧུར་བརྩོན་བསྐྱེད་དེ། ཏན་ཏན་ཏིག་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན”སྐོར་གྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་ལས་བསྟན་དོན། “ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཉེན་ཁ་གདོང་གིས་བསུས་ཏེ། དཀའ་ཁག་ལ་གདོང་གཏོད་ཐུབ་པ། གནོན་ཤུགས་འཁུར་གྱིས་བཟོད་པ། དམིགས་ཡུལ་དུ་མ་སླེབས་ན་གཉའ་མི་སྒུར་ཞིང་། སྔར་ལས་རྡོག་རྩ་གཅིག་སྒྲིལ་གྱི་བྱ་སྒྲུབ་ལས་སྐྲུན་གྱི་སེམས་ཤུགས་ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་སེམས་བདེ་བ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་འདོད་བློ་ཚིམ་པའི་གྲུབ་འབྲས་ལེན་པར་འབད་དགོས།” ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས། ཡིད་ཆེས་བརྟན་པོ་དང་། དཀའ་ཁག་གདོང་གཏོད། དཀའ་སྤྱད་ཧུར་བརྩོན། ནན་སྒྲུབ་ལྷོད་མེད་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སྟོང་ཟད་དུ་མི་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ་བྱེད་དགོས།

དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་གི་རེ་བཞག་ཆེན་པོ་ཉར་ཡོད་ལ། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་རེ་ལྟོས་ཀྱང་བཅོལ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་རྩ་བར་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་རམ་ཏང་གི་ལྟེ་བའི་ལས་འགན་འདི་ལ་སྟངས་འཛིན་དམ་ཟབ་དང་། མ་འོངས་པའི་ལོ་ལྔ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་མཚམས་གལ་ཆེན་ཡིན་པར་ངོས་འཛིན་གང་ལེགས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པས་གཏན་འཁེལ་བྱས་པའི་དམིགས་འབེན་འགན་འཁུར་ལ་གཞིགས་ནས། ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་གཏིང་ཟབ་དོན་འཁྱོལ་བྱེད་པ་དང་། ཧུར་ཐག་གིས“ཧ་ཅང་གཙིགས་ཆེན་དུ་བརྩི་བ་དྲུག”སྒྲུབ་པ་དང་། སྒོས་སུ་ད་ལོའི་ཕྱོགས་བདུན་གྱི་བྱ་བ་གནད་དུ་བཟུང་ནས། ཡིད་ལ“སྤྱི་ཡོངས་གཉིས”ཉར་བ་དང་། སེམས་ལ“རྒྱལ་དོན་གྱི་ཆེ་ཕྱོགས”བཅངས་ནས། ཧུར་སེམས་ཆེན་པོས་རྣམ་པ་གསར་པའི་འཕེལ་རྒྱས་ཀྱི་སྒྲིག་གཞི་ལ་ཞུགས་ཤིང་ཞབས་འདེགས་ཞུ་བ་དང་། སྟབས་བསྟུན་གྱིས་སྒྲུབ་པ། གོ་སྐབས་བརྩོན་ལེན། དཀའ་ཁག་ཁྱད་གསོད། གསར་སྤེལ་གསར་གཏོད་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་མཐོའི་འཕེལ་རྒྱས་ཀྱི་ལམ་ཁར་མཚམས་མ་ཆད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་རྩ་དོན་དུ་བཟུང་ནས། བསམ་བློ་བཅིངས་འགྲོལ་དང་ཧུར་བསྐྱེད་མདུན་སྐྱོད་སྔར་ལས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སེམས་ལ་དམ་དུ་འཛིན་པ་དང་། ཞིང་ཆེན་གྱི་གནས་ཚུལ་ལ་གཞིགས་པའི“ཆེས་ཆེ་བ་གསུམ”དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་ཀྱི་གོ་གནས་ཡིད་ལ་བཅངས་ནས། འཕེལ་རྒྱས་གསར་པའི་བསམ་བློས་སྤུས་མཐོའི་འཕེལ་རྒྱས་ལ་སྣེ་ཁྲིད་པ་དང་། འཕེལ་རྒྱས་གསར་པའི་སྒྲིག་གཞིའི་ཁྲོད་རྒྱལ་ཁབ་ཀྱི་དགོས་མཁོ་དང་། མཚོ་སྔོན་གྱིས་སྒྲུབ་ཐུབ་པ་གང་དེ་ལ་དམིགས་པ་གཏད་དེ། སྐྱེ་ཁམས་བདེ་འཇགས་དང་རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁུར་གལ་ཆེན་མཐའ་གཅིག་ཏུ་ཁུར་དུ་ལེན་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་མཐོ་ས་བསྐྲུན་པར་ཤུགས་རྒྱག་པ་དང་། ཐོན་ལས་ཀྱི“གནས་བཞི”གཙོར་བྱས་པའི་ལྗང་མདོག་ཐཱན་ཉུང་གི་རྒྱུན་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པར་ཤུགས་རྒྱག་པ་དང་། ཐུན་མོང་ཕྱུག་འགྱུར་གྱི་ལག་ལེན་བགྲོད་ལམ་ལ་ཤུགས་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོས་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་དང་ཇེ་བརྟན་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་གནད་སའི་བྱེད་ལས་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་དཔལ་ཡོན་མདུན་སྐྱོད་ལ་ཤུགས་རྒྱག་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་ཤུགས་རྒྱག་དགོས།

ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་སྦྲེལ་བྱས་ཏེ། གནད་དོན་གྱི་ཁ་ཕྱོགས་རྒྱུན་སྐྱོང་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་སྤེལ་བ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱས་ཏེ་མི་མང་གི་སྐད་སྒྲར་ཉན་ནས། གནད་དོན་ཐག་གཅོད་པའི་བསམ་བློ་གསར་པ་དང་རིགས་ལམ་གསར་པ། བྱེད་ཐབས་གསར་པ་མཚམས་མི་ཆད་པར་འདོན་དགོས། ཉམས་མྱོང་གི་ཕན་ནུས་ལ་སྤྱི་སྡོམ་དང་བྱ་བའི་སྒྲུབ་སྲོལ་འཐུས་ཚང་། བྱ་བའི་འགན་འཁུར་ནན་འགེལ། འཕེལ་རྒྱས་ཀྱི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། ཤུགས་དང་ལྡན་པའི་བྱེད་ཐབས་དང་། གཟབ་ནན་གྱི་སྤྱོད་ཚུལ་ལ་བརྟེན་ནས། ཆབ་སྲིད་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ། ལག་ལེན་གྱི་ནུས་པ་བཅས་མཐོ་རུ་བཏེགས་ན། ལྗང་མདོག་ཐཱན་ཉུང་གི་སྤུས་མཐོའི་འཕེལ་རྒྱས་ཀྱི་ལམ་ལ་ལེགས་པར་བགྲོད་ཐུབ། སྐྱེ་ཁམས་ཁོར་ཡུག་བཟང་པོ་གང་ཞིག་རིགས་སོ་སོའི་མང་ཚོགས་ཀྱི་ཡོང་སྒོ་འཕེལ་ཞིང་ཕྱུག་འགྱུར་གྱི་རྐྱེན་དུ་འགྱུར་དགོས་ན། སྐྱེ་ཁམས་ཀྱི་ཁྱད་སྟོབས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་ཁྱད་སྟོབས་སུ་བསྒྱུར་དགོས། གྲོང་ཁྱེར་དང་གྲོང་གསེབ། ས་ཁུལ་གྱི་ཡོང་སྒོའི་ཧེ་བག་ཇེ་ཆུང་དུ་གཏོང་བ་ལ་བརྟེན་ནས། འཕེལ་རྒྱས་ཀྱི་དོ་མཉམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། གུ་ཡངས་རང་བཞིན་ལ་ཤུགས་རྒྱག་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་སྙེག་པའི་དགོས་མཁོ་མཚམས་མ་ཆད་པར་སྐོང་བ་དང་། ཐུན་མོང་ཕྱུག་འགྱུར་རིམ་བཞིན་མངོན་འགྱུར་ཡོང་བར་བྱེད་དགོས། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འགྱུར་བ་མེད་པར། ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་གཟོ་བ། ཏང་གི་རྗེས་འབྲང་བ་ལ་སྣེ་ཁྲིད་དེ། སེམས་ཕྱོགས་གཅིག་ཏུ་བསྒྱུར། སྟོབས་ཤུགས་གཅིག་ཏུ་བརྒྱབ་ནས་རྡོག་རྩ་གཅིག་སྒྲིལ་བྱེད་པ་དང་། ཧུར་ཐག་སྒོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཀྱི་མཚོ་སྔོན་གྱི་ལེའུ་འབྲི་བར་འབད་དགོས།

ཉིན་རྒྱུན་བསྐྱོད་ན། ལེ་དབར་ཁྲི་ཕྲག་ལ་ཡང་སྐྲག་དགོས་དོན་མེད། རྟག་པར་བསྒྲུབས་ན་བྱ་བ་ཁྲི་ཕྲག་ཡོད་ཀྱང་སྐྲག་དོན་མེད། ང་ཚོས་འབད་བརྩོན་ལྷོད་མེད་ཀྱི་ངར་ཤུགས་ལ་བརྟེན་ནས། འགྱུར་མེད་རང་རྟོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་མཆན་བཀོད་མཛུབ་སྟོན་ལྟར། ཏན་ཏན་ཏིག་ཏིག་དང་གོམ་པ་རེ་རེ་བཞིན་དོན་འཁྱོལ་ཡོང་བར་བྱས་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཡིད་སེམས་བདེ་བར་བྱེད་ཐུབ་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་འདོད་བློ་ཚིམ་པའི་གྲུབ་འབྲས་ཀྱང་ལེན་ཐུབ་པ་ཐག་ཆོད་ཡིན་ནོ།

རྩོམ་སྒྲིག་པ།ཤ་བོ་རིན་མཚོ།