ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱིས་མི་རིགས་མཐུན་སྒྲིལ་དང་ཁྱད་ལྡན་ཐོན་ལས་ལ་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་བསྐྲུན།
2023.07.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱིས་ནམ་ཡང་ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་གཞག་ལ་ཤུགས་བསྣན་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ཁྱོན་ཡོངས་ནས་ཞིང་སྡེ་དར་སྤེལ་གྱི་ཐབས་ཇུས་གཙོ་བོར་བཟུང་ནས། གཞི་རིམ་ཏང་གི་འཛུགས་སྐྲུན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་བྱ་གཞག་ནང་སྣེ་ཁྲིད་ཐུབ་པའི་ནུས་བ་བཏོན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་ཏེ་གཞི་རིམ་ཏང་གི་འཛུགས་སྐྲུན་བྱ་བའི་ནང་འདྲེས་ནས། ཐོན་ལས་དར་སྤེལ་དང་སྐྱེ་ཁམས་གཞིས་སྡོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་གི་སྤྱིའི་བླང་བྱར་དམིགས་ཏེ་ཞིང་སྡེ་དར་སྤེལ་གྱི་བྱ་བར་མུ་མཐུད་དུ་སྐུལ་འདེད་བཏང་ཡོད།

ཏང་གི་འཛུགས་སྐྲུན་བྱ་བས་སྣེ་ཁྲིད་དེ་གསར་གཏོད་ཀྱི་རྣམ་པ་ཡག་པོ་ཞིག་ཆགས།

ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱིས་ནམ་ཡང་ཆབ་སྲིད་ཀྱིས་སྣེ་ཁྲིད་པ་གཞི་རུ་བཟུང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བ་གཙོ་བོར་དམིགས་ནས། “ཏང་འཛུགས་དང་གསར་གཏོད”ཀྱི་བྱ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་རྡལ་གྱི་ཏང་ཨུའི་ཚོགས་འདུ་དང་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུའི་སྟེང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་བྱ་བ་འདི་ཆེད་དུ་ཞིབ་འཇུག་དང་གྲོས་བསྡུར་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་སྲུང་བ་དང་ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གི་འདུ་ཤེས་བརྟན་པོར་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཡོད། དུས་མཚུངས་སུ། ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གི་འདུ་ཤེས་གཞི་རིམ་ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་ཏང་གི་བརྗོད་བྱ་གཙོ་བོའི་ཉིན་མོ། དེ་བཞིན་རྩ་འཛུགས་འཚོ་བའི་ཚོགས་འདུ་བཅས་ཀྱི་ཕྱོགས་སུ་འདྲེས་ཐུབ་པར་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་དཔེ་སྟོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། བསམ་པའི་དཔལ་ཡོན་སོགས་ཟུང་འབྲེལ་བྱེད་རྒྱུར་རྒྱུན་འཁྱོངས་བྱས་ནས་ཏང་སྲིད་ཀྱིས་གཙོ་ཁྲིད་བྱས་ནས་ཐུན་མོང་གིས་ལས་ཀ་སྒྲུབ་པའི་རྣམ་པ་ཡག་པོ་ཞིག་ཆགས་ཏེ། ཐང་མགོ་གྲོང་རྡལ་ལ“2022ལོ་འཁོར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་རྫོང་རིམ་པའི་དཔེ་སྟོན་ལས་ཁུངས”ཀྱི་བྱ་དགའ་ཐོབ་ཡོད།

ཐུན་མོང་དང་མཐུན་སྒྲིལ་གྱི་སྒོ་ནས་བྱ་བ་བསྒྲུབས་སྟེ་འབྱོར་ཕྱུག་གི་ལམ་བུ་ཞིག་བསྐྲུན།

ཞིང་སྡེ་དར་སྤེལ་གྱི་བྱ་གཞག་འདིས་སྡེ་བར་སྟོབས་ལྡན་དང་མང་ཚོགས་འབྱོར་ཕྱུག་ཅན་དུ་གཏོང་བར་གཙོ་གནད་དུ་འཛིན་དགོས་ན་ཐོན་ལས་དར་སྤེལ་གཏོང་རྒྱུ་ནི་གནད་འགག་ཡིན། སྡེ་བ་སོ་སོས་རང་ཡུལ་གྱི་ཐོན་ཁོངས་གཞི་རུ་བཟུང་སྟེ་དེའི་དགེ་མཚན་དང་རྨང་གཞི་ལ་བསྟུན་ནས་སྡེ་བའི་ཁྱད་ལྡན་ཅན་གྱི་ཐོན་ལས་དར་སྤེལ་དུ་བཏང་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་གཅིག་གི་འདུ་ཤེས་ཏེ་ཞིང་སྡེ་དར་སྤེལ་གྱི་བྱ་བའི་ནང་འདྲེས་ཐུབ་པར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་འབྲས་བུ་མི་རིགས་སོ་སོས་ལོངས་སུ་སྤྱད་དེ།  ཕྱུགས་ལས་དང་འདེབས་འཛུགས་ལས་རིགས། རིག་གནས་དང་ལྗོངས་རྒྱུའི་འཕེལ་རྒྱས་སོགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། སྤུས་ལེགས་འདེབས་འཛུགས་ཀྱི་གཞི་ས་དང་རྒྱུད་བཟང་གསོ་སྤེལ་གྱི་གཞི་ས། སྐྱེ་ཁམས་ཡུལ་སྐོར་གྱི་གཞི་ས་ཞིག་བསྐྲུན་པར་བརྩོན་པ་བསྐྱེད་དེ། ཐོན་ལས་སྟེང་ནས་ཏང་ཀྲི་པུའུ་ཡི་ཁྱད་ཆོས་འདོན་པ་དང་ཐོན་ལས་སྟེང་ནས་ཏང་ཡོན་གྱིས་ཐབས་བཀོད་འདོན་པ། ཐོན་ལས་སྟེང་ནས་དམངས་ལ་འབྱོར་ཕྱུག་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཅན་དང་ཁྱད་ལྡན་ཐོན་ལས་དར་སྤེལ་ཅན་གྱི་འཕེལ་རྒྱས་ལམ་བུ་ཞིག་བཙལ་ཡོད།

རིག་གནས་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་ཞིང་སྡེ་དར་སྤེལ་གྱི་བྱ་བ་གཙོ་གཞི་རུ་བཟུང་།

ཉེ་བའི་ལོ་འགའི་རིང་ལ། ཐང་མགོ་གྲོང་རྡལ་གྱིས་རིག་གནས་ཡུལ་སྐོར་གྱི་བྱ་གཞག་གཙོ་རུ་བཟུང་སྟེ། མེ་རུ་ཁེ་དང་ན་རིན་སྡེ་བའི་ས་བབ་ཀྱི་བཟང་ཆ་དང་ཡུལ་སྲོལ་གྱི་ཁྱད་ཆོས་ལ་བསྟུན་ནས་རྐ་རྒན་ལུང་བ་རུ་སྐྱེ་ཁམས་ཡུལ་སྐོར་གྱི་གཞི་ས་ཞིག་བསྐྲུན་རྗེས་ས་གནས་དེ་གའི་རིག་གནས་དང་མཛེས་ལྗོངས། ཡུལ་སྲོལ། དེ་བཞིན་མང་ཚོགས་ཕན་ཚུན་བར་གྱི་མཛའ་བརྩེ་སོགས་སྔར་ལས་ཇེ་ལེགས་སུ་བཏང་སྟེ། ཡུལ་སྐོར་སྐབས་ཀྱི་འགྲོ་འདུག་སྤྱོད་གསུམ་དང་ལྟ་སྐོར། འཛད་སྤྱོད། རྩེད་མོ་སོགས་ཀྱི་དགོས་མཁོ་དེ་ལྗོངས་རྒྱུ་བར་ཡིད་ཚིམ་ཐུབ་པར་བྱས་ནས་ཞིང་སྡེ་དར་སྤེལ་གྱི་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོའི་སྒོ་ནས་སྐུལ་འདེད་དུ་བཏང་ནས། དམངས་སྲོལ་རིག་གནས་དང་ཞིང་སྡེ་ཡུལ་སྐོར་ཟུང་འབྲེལ་བྱས་ཏེ་མི་རིགས་སོ་སོས་ལག་གདང་སྦྲེལ་ནས་ཕན་ཚུན་གྱི་མཛའ་བརྩེ་མངོན་པའི་རྣམ་པ་ཡག་པོ་ཞིག་ཆགས་ཡོད། རིག་གནས་ཡུལ་སྐོར་གྱི་བྱ་གཞག་འདི་གོང་འཕེལ་སོང་བ་དང་བསྟུན་ནས་གྲོང་རྡལ་གྱི་སྡེ་བ་སོ་སོའང་འགྱུར་ལྡོན་ཆེན་པོ་བྱུང་སྟེ། ཞིང་སྡེ་དར་སྤེལ་གྱི་བྱ་གཞག་ལ་སྐུལ་འདེད་ཆེན་པོ་བཏང་ཡོད་པར་མ་ཟད་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ལ་བདེ་སྐྱིད་དང་འཆམ་མཐུན། འབྱོར་ཞིག་ལྡན་པའི་འཚོ་བ་ཞིག་རིམ་གྱིས་བསྐྲུན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།