ཏང་གི་བཀའ་དྲིན་ཡིད་ལ་བཅངས། སྐྱིད་པའི་འཚོ་བ་གླུ་རུ་ལེན།
2023.07.19 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 55

 2021ལོའི་ཟླ6པའི་ཚེས8ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་གནང་བར་ཕེབས་པ་དང་།  མཚོ་འཕང་སྨི3400ཟིན་པའི་དཀོན་ལོ་གོང་མ་སྡེ་བའི་བོད་རིགས་མང་ཚོགས་ལ་འཚམས་འདྲི་གནང་བར་ཕེབས་ནས།  མང་ཚོགས་ཀྱི་ཁྱིམ་དུ་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་བ་རེད།  “སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་མེད་དུ་མི་རུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་ང་ཚོ་ཚང་མ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་སྤུན་ཟླའི་མཛའ་བརྩེ་དང་ཕན་ཚུན་རོགས་རེས་བྱས་ཚེ།  གཞི་ནས་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གཞི་ནས་དབྱར་མཚོ་རྒྱས་པ་བཞིན་འཕེལ་ཐུབ”ཅེས་གསུངས་པ་རེད།

ལོ་གཉིས་འགོར་རྗེས། ཏང་འཛུགས་སྐྲུན་འཕེལ་རྒྱས་ཕྱིན་པ་དང་། ཐོན་ལས་སྟོབས་ཆེར་ཕྱིན་པ། སྐྱེ་ཁམས་ལེགས་པ། ཡུལ་མི་ཕྱུག་པོར་གྱུར་བ། དཀོན་ལོ་གོང་མ་སྡེ་བའི“རྣམ་པ་གསར་རྐྱང་དུ་གྱུར་པ”སོགས་ཀྱི་སྣང་ཚུལ་མངོན་ཡོད།

དཀོན་ལོ་གོང་མ་སྡེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ཁེ་ཕན་གྱི་གནད་དོན་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས། སྤྱི་ཚོགས་ཀྱི་འགན་ལེན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བ་དང་། ཆུང་དུས་ནས་གསོ་སྐྱོང་དང་། སློབ་སྦྱོང་བྱས་ནས་སློབ་གསོ་གཏོང་བ། ངལ་རྩོལ་བྱས་ནས་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་རོགས་སྐྱོར་བྱེད་མཁན་ཡོད་པ་བཅས་ཀྱི་བདེ་སྐྱིད་བསྐྲུན་རྒྱུ་དེའི་ཐོག་ནས་རོང་འབྲོག་ཁུལ་གྱི་རྣམ་པ་གསར་པ་ཞིག་ཏུ་འགྱུར་བ་ར་སྤྲོད་བྱས་ཡོད།

ལོ་གཉིས་ཀྱི་རིང་། དཀོན་ལོ་གོང་མ་སྡེ་བར་སྔ་རྗེས་སུ“མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་ མཁྲེགས་གཏོར་སྔོན་ཐོན་སྡེ་བ”དང་། “རྒྱལ་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དཔེ་སྟོན་སྡེ་བ”། “རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་སྔོན་ཐོན་སྡེ་བ”། “རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ(སྡེ་ཁུལ)”སོགས་ཀྱི་མཚན་སྙན་ཐོབ་པ་རེད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་སུ་གཤགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་གནས་འདིར་བརྟན་ཞིང་བརྟན་པ་ཞིག་ཆགས་ཡོད།

འོམ་ཆུ་གྲོང་རྡལ་གྱི་གྲོང་གཙོ་གཞོན་པའམ་འབྲེལ་གཏུག་ས་ཚིགས་ཀྱི་འགོ་ཁྲིད་རིག་བཟང་རྒྱལ་གྱིས་བཤད་རྒྱུར། “2022ལོའི་ལོ་མཇུག་བར་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གསུམ་ཟིན་པ་དེ2021ལོ་ལས7.5%འཕར་ཡོད། ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་ཁྱིམ་ཚང637ཟིན་པ་དང་གཙོ་གནད་མི་ཚོགས་ལ་ཞབས་འདེགས་ཞུ་ཚད100%ཟིན་ཡོད། 2022ལོར་མི40ལ་གསོ་སྦྱོང་བྱས་པ་དང་ངལ་རྩོལ་ནུས་ཤུགས338གཞན་སྒྱུར་བྱས་པ་དང་། གནས་སྐབས་རོགས་སྐྱོབ་དང་མ་མཐའི་འཚོ་བ་འགན་སྲུང་ཁྱིམ་ཚང་གི་ཁ་གསབ་སོགས་དམངས་ཚིས་མ་དངུལ་སྒོར་ས་ཡ་གཉིས་འབུམ་བཞི་ཁྲི་གསུམ་ལྷག་སྤྲད་པ་དེ་ཁྱིམ་ཚང192ཀྱི་མི་གྲངས490དང་འབྲེལ་བ་ཡོད” ཟེར།

2021ལོའི་ཟླ6པ་ནས་བཟུང་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག དཀོན་ལོ་གོང་མ་སྡེ་བར་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་འཕྲད་ནས་སྡེ་བ་ཡོངས་ཀྱི་གོང་འོག་ཚང་མར་ཡིད་ཆེས་ཀྱིས་ཁེངས་ཤིང་། ཚན་རིག་དང་མཐུན་པའི་འཆར་འགོད་དང་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་བྱས་ནས་སྲོལ་རྒྱུན་གྱི་ཕྱུགས་ལས་དེ་གྲོང་གསེབ་ཡུལ་སྐོར་གསར་པ་དང་ཁྱད་ལྡན་ཕྱུགས་ལས་ཕྱོགས་སུ་བསྒྱུར་ནས།   ཁྱད་ལྡན་ཡུལ་སྐོར་དང་ཕྱུགས་ལས་གསོ་སྤེལ། སྦི་རག་ཟབ་བསྙལ་ལས་སྣོན།  ཕྱུགས་ལས་ཐོན་རྫས་ལས་སྣོན། རིག་གནས་གསར་སྐྲུན་ཇུས་འགོད་གསར་སྤེལ་སོགས་ཁྱབ་ཁོངས་མང་པོ་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་ཞིག་ཆགས་ཡོད།

ལོ་གཉིས་ཀྱི་རིང“ཐོན་ལས་སྐུལ་སྤེལ་ལས་དོན་རུ་ཁག་དང་སྡེ་བའི་མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་། རོང་འབྲོག་པའི་མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་དང་འབྲོག་ཁྱིམ་ཟུང་དུ་འབྲེལ་བའི”ཐོན་ལས་འཕེལ་རྒྱས་གཏོང་སྟངས་ལ་གཞིགས་ནས། ད་ལྟ་རྐང་ཚ་ཚ་ཚའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་སོགས་ཕྱུགས་ལས་ཐོན་སྐྱེད་གཉེར་སྐྱོང་གི་གྲུབ་ཆ་གཙོ་བོ་མང་པོ་སྐྱེད་སྲིང་བྱས་པ་དང་། སྲིད་ཇུས་དང་མི་ཤུགས། ཐོན་ཁུངས། ལག་རྩལ། ཕྱིར་ཚོང་སོགས་ལྟེ་བའི་རྒྱུ་རྐྱེན་མང་པོ་གཅིག་ཏུ་བསྡུས་ནས་དུས་འཁོར་ཧྲིལ་པོ་དང་། རྒྱུ་རྐྱེན་གཙོ་བོ། བརྒྱུད་རིམ་ཧྲིལ་པོ་བཅས་ཀྱི་ཞབས་ཞུའི་ལས་སྟེགས་བསྐྲུན་ནས་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་སྔར་ལས་རྒྱ་ཆེར་བཏང་ཡོད།

དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བསྟན་གྱིས་བཤད་རྒྱུར། “ན་ནིང་ལོ་མཇུག་ཏུ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་འབུམ་བཞི་ཁྲི་གཅིག་ཟིན་པ་དང་། སྡེ་མིར་ཐད་ཀར་ཡོང་འབབ་སྒོར་འབུམ་གཉིས་ཁྲི་དྲུག་ལྷག་བྱུང་བ། སྡེ་བ་རིམ་པའི་འོད་ཤུགས་ཡོང་འབབ་སྒོར་ས་ཡ་གཅིག་ལྷག་བྱུང་བ། མ་དངུལ་སྒོར་འབུམ་བཞི་ཁྲི་དྲུག་ལྷག་བཏང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས65བཏོད་ཡོད། ད་ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ས་ཡ་གཅིག་ལས་བརྒལ་སྲིད”ཟེར།

དཀོན་ལོ་གོང་མ་སྡེ་བར་སྐྱོད་སྐབས། སྡེ་མིའི་ཕྱོགས་བསྡུས་ལས་གཞི་གཙོ་བོ་བྲེལ་མྱུར་ངང་སྐྲུན་བཞིན་ཡོད།

དཔྱད་གཞི་ལས་མངོན་པ་ལྟར་ན། 2022ལོའི་ལོ་མཇུག་བར་དཀོན་ལོ་གོང་མ་སྡེ་བར་ནོར་སྲིད་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ལས་གཞི་ཁག7དོན་འཁྱོལ་བྱས་ཏེ། གོ་རིམ་ལྡན་པའི་མྱུར་ཚད་ཀྱི་དམིགས་ཚད་ལ་སྐུལ་འདེད་བཏང་བ་དང་། 2023ལོར་སྡེ་བ་དེས་གྲབས་གསོག་བྱས་པའི་ལས་གཞི5གོ་རིམ་ལྟར་ཚད་ལྡན་དུ་གཏོང་བཞིན་ཡོད།

“ ལས་གཞི་ཁག་གཅིག་སྐྲུན་ཟིན་པ་དང་བེད་སྤྱོད་བྱེད་མགོ་ཚུགས་པ་དེས་སྡེ་བ་རིམ་པའི་དཔལ་འབྱོར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་སྐུལ་ཁྲིད་ནུས་ལྡན་བྱས། ལས་སྐྲུན་བྱེད་མཁན་སྔར་ལས་མང་བར་བསམ་ཕྱོགས་བསྒྱུར་བ་དང་བྱ་གཞག་སྣ་ཚོགས་ཀྱི་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ནས་མགོ་འཛུགས་ས་དང་སྐྱོད་ལམ་གསར་བུའི་ཐོག་གྲ་སྒྲིག་ལེགས་པོ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་རྒྱུ་རེད”ཅེས་རིག་བཟང་རྒྱལ་གྱིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད།

“རྒྱལ་ཁབ་ཀྱི་དོན་ཆེན”དང“མཚོ་སྔོན་གྱི་དོན་ཆེན”ཡིད་ལ་བརྟན་པོར་ངེས་དགོས། དཀོན་ལོ་གོང་མ་སྡེ་བས“སྐྱེ་ཁམས་ཀྱིས་དམངས་སྐྱོང་བ་དང་། སྐྱེ་ཁམས་ཀྱིས་དམངས་ལ་ཕན་འདོགས་པ། སྐྱེ་ཁམས་ནི་དམངས་ཀྱི་ཆེད་ཡིན་པ”བཅས་ཀྱི་འདུ་ཤེས་ལག་ལེན་ཏན་ཏིག་བྱས་ནས་ཕན་ནུས་ལྡན་པའི་བྱེད་ཐབས་བརྒྱུད། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བའི་ཁྲོད་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཇེ་མཐོར་བཏང་ཡོད།

བསོད་ནམས་ཚེ་བརྟན་གྱིས་སྡེ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གླེང་སྐབས་བཤད་རྒྱུར།  “ལོ་གཉིས་ཀྱི་ནང་དཀོན་ལོ་གོང་མ་སྡེ་བའི་སྐྱེ་ཁམས་དཔལ་ཡོན་ལས་དོན་རུ་ཁག་དང་། སྡེ་བ་རིམ་པའི་གཙང་པོ་དང་མཚེའུ། ནགས་ཁྲོད་བཅས་ཀྱི་འགན་འཁྲིའི་མ་ལག་ཕྱོགས་ཡོངས་ལ་ཁྱབ་པ་དང་། རྩྭ་ཐང་གི་ཨ་བྲའི་གནོད་འཚེ་འགོག་བཅོས་སྤྱི་ཆིང་ཁྲི4ལས་བརྒལ་བ། གཙང་པོ་དང་མཚེའུ་ལ་སྐོར་ཞིབ་བྱེད་པའི་ལམ་ཐག་སྤྱི་ལེ330ཟིན་པ་བཅས་དང་དུས་མཚུངས་སུ།  ང་ཚོས་ཀྱང་སྡེ་བའི་ཁྱབ་ཁོངས་སུ་འགྱིག་བཟོ་དང་གད་སྙིགས་རིགས་དབྱེ་སོགས་ཀྱི་ལས་དོན་ནན་ཏན་ངང་བསྒྲུབས་པས།  སྡེ་བའི་རྣམ་པ་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་སྤྱོད་ཁང་གི་ཁེབས་ཚད23%ནས70%ལ་ཐོན་ཡོད།

སྐྱེ་ཁམས་དང་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དེས་དཀོན་ལོ་གོང་མ་སྡེ་བར་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པ་དང་མཉམ་དུ་སྡེ་མི་ཡོངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་ཆོད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད།

མ་འོངས་པའི་འཆར་གཞིའི་སྐོར་གླེང་སྐབས་འོམ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིན་ཞན་པོ་ཡིས་བཤད་རྒྱུར། “ང་ཚོས་མུ་མཐུད་དུ་སྡེ་བ་འཛུགས་སྐྲུན་གྱི་འཆར་འགོད་ལ་དམ་པོར་དམིགས་པ་དང་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་དཀོན་ལོ་གོང་མ་སྡེ་བ་དེ་གསར་བརྗེའི་ཡུལ་སྐོར་གྱི་མིང་བྱང་གསར་པ་ཞིག་ཏུ་གཏོད་པར་བརྩོན་ལེན་བྱེད་པ་དང་ཆབས་ཅིག  ཏང་འཛུགས་སྐྲུན་དང་གྲོང་གསེབ་ཡུལ་སྐོར་ཟུང་དུ་འབྲེལ་བའི་ཞིང་ཆེན་ནང་ཁུལ་གྱི་རྩེར་སོན་ཡུལ་སྐོར་ལམ་ཐིག་ནང་བཅུག་སྟེ། དཀོན་ལོ་གོང་མ་སྡེ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རོང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་སྣེ་ཁྲིད་བྱས་ནས།  རོང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།