སེམས་ཤུགས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐད་ནུས་ཤུགས་འདོན་དགོས།
2023.07.19 ཁུངས། ཀྲུང་གོ་བོད་སྐད་རླུང་འཕྲིན། ཀློག་གྲངས། 23

—ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི“རྩ་བ”རེད། མཚོ་སྔོན་གྱི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་མི་གྲངས་བསྡོམས་འབོར་ནང་བཟུང་བའི་བསྡུར་གྲངས་དེ་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དང་། མི་རིགས་བྱ་བར་བསམ་བློ་མ་བཏང་ཚེ་ཁྱོན་ཡོངས་ལ་བསམ་བློ་གཏོང་ཐབས་བྲལ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་ལག་ལེན་དངོས་ཀྱི་གཞི་རྟེན་གལ་ཆེན་གྱི་གྲས་ཤིག་ཏུ་བརྩིས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དང་དག་ཐེར་སོགས་ཀྱི་གཙོ་གནད་ལས་འགན་དང་བྱ་ཐབས་དོན་འཁྱོལ་ཧུར་ཐག་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དམིགས་འབེན་དུ་བྱས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུ་དང་བརྗོད་དོན་སློབ་གསོ་མཉམ་དུ་གཉེར་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད།

སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ཏེ། རྒྱུན་མཐུད་སྒོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་བཏང་།

ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལ་དྲ་རྒྱའི་ཐོག་ལན་འདེབས་པའི་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་དང་། དྲ་རྒྱའི་ཐོག་ལན་འདེབས་འགོ་ཚུགས་ནས་གཟའ་འཁོར་གཅིག་གི་ནང་ལན་འདེབས་པའི་ནང་ཞུགས་མཁན་མི་ཐེངས་འབུམ་གཅིག་དང་ཁྲི་ལྔ་ལས་བརྒལ་ཡོད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རྒྱལ་ནང་གི་ཆེད་མཁས་པ་གྲགས་ཅན་གཅིག་བསྡུས་སྒོས་ཆེད་དོན་ཟུར་ཁྲིད་སློབ་སྦྱོང་བྱ་རྒྱུར་གདན་དྲངས་པ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས“སེམས་པ་གཅིག་ཏུ་སྒྲིལ་ནས་བླ་སྲོག་བསྐྲུན་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་སྒོས་སྐྱོད་ལམ་གསར་པར་འབད་པས་བསྐྱོད་པའི”བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གཞོན་ནུ་སློབ་ཆེན་སློབ་མས“མཐུན་སྒྲིལ་དང་འབད་འཐབ།—ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས། གཞོན་ནུ་སློབ་ཆེན་པའི་ཏང་ཡོན་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སློབ་གསོའི་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས“མོས་མཐུན་ལྔ”རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སོ་སོའི་ཚན་པ་ཁག་གིས་སློབ་སྦྱོང་གི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། སློབ་གསོའི་ཐོན་ཁུངས་ལ་གསོན་ཤུགས་སྣོན་པ། རྣམ་པ་གསར་སྐྲུན་བྱེད་པ་བཅས་ཀྱི་ཐད་ཤུགས་བརྒྱབ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ཏེ། དུས་རབས་གསར་པར་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མི་ཆད་པར་བརྟན་པོ་བཙུགས་ནས། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལས་དོན་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བར་ཕན་འབྲས་ཐོན་པར་བྱེད་དགོས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་བརྗོད་དོན་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་དུ་བཞག་ནས་ཇུས་འགོད་དང་སྐུལ་འདེད་བྱས་པ་དང་།“ཉིན་རེའི་བྱ་བའི་དུས་ཚོད་ལས་གཞན་ལས་སྣོན་བྱས་ཏེ”སློབ་སྦྱོང་བྱེད་པའི་བླང་བྱ་ལྟར།“གཏན་འབེབས་བྱ་སྤྱོད”ལེགས་སྒྲུབ་བྱས་པ་དང་ལྷན་དུ། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་རྩ་འཛུགས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་གཙོ་བོ་འཁུར་བར་དམིགས་ནས་དཔེ་ཀློག་འཛིན་གྲྭ་གཉེར་ལ། ཏང་གི་གཞུང་ལུགས་གསར་སྐྲུན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པའི་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ཞིང་ཆེན་ ཡོངས་ཀྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་བརྗོད་དོན་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་པ་རྩ་འཛུགས་བྱས་ནས་སྤེལ་བ་དང་། ལས་བྱེད་པའི་སློབ་གསོ་དང་། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོ་བཅས་རིགས་དབྱེ་ནས་དམ་འཛིན་ཡག་པོ་བྱས།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས་གསོ་སྦྱོང་འཛིན་གྲྭ་དང་ཟུར་ཁྲིད་འཆད་ཁྲིད་བྱས་པ་བརྒྱུད། སྒྲོག་འགྲེལ་ཚོགས་ཆུང་བཙུགས་ཏེ་གཞི་རིམ་དུ་སྒྲོག་འགྲེལ་བྱས་པ་དང་། སློབ་སྦྱོང་གི་གཞི་རྟེན་རྒྱུན་མི་ཆད་པར་གསར་གཏོད་བྱས་པ། བྱེད་སྟངས་དང་བྱ་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་བ། གནད་འཁེལ་སྦུ་གུར་བརྟེན་ནས་ཞིང་ཆུ་འདྲེན་པ་ལྟ་བུའི་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཤེས་རྟོགས་བྱ་རྒྱུའི་སློབ་གསོ་གཏོང་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་ལ་དམ་འཛིན་ཡང་དག་བྱས་ནས། མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས“མོས་མཐུན་ལྔའི”འདུ་ཤེས་དང་“མཉམ་གནས་བཞིའི”ཐུན་མོང་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས། 《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཆར་འགོད》བཟོས་ནས་བཏོན་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་བསྒྲགས་སློབ་གསོ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ། མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བྱ་སྤྱོད་བཅུ་དང་མི་རིགས་ལས་དོན་གཞི་གྲངས་ཅན་དང་། སྤུས་ལེགས་གྲོང་གསེབ་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་བཟོ་སྐྲུན་གསུམ་རྩ་འཛུགས་བྱས་ནས་ལག་བསྟར་བྱས་ཡོད། ཏང་འཛུགས་སྐྲུན་གྱིས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བསྐྲུན་པར་སྣེ་ཁྲིད་བྱ་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། གཙོ་ཐིག་མངོན་གསལ་ཡོང་བར་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱི་དམིགས་འབེན་མ་ལག་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། དཔེ་སྟོན་གསར་སྐྲུན་བྱ་བ་དེ“གྲངས་ཀ་སྔོན་ལ་ལག་བསྟར”བྱས་ནས“དཔེ་སྟོན་སྣེ་ཁྲིད”པར་འགྱུར་ལྡོག་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།