ཞིབ་བཤེར་དང་ཞིབ་འཇུག་ཚགས་དམ་པོ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་བརྗོད་དོན་གཙོ་བོ་ལག་བསྟར་ནན་མོ་བྱེད་དགོས།
2023.07.24 ཁུངས། ཀློག་གྲངས། 11

“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་ཐིག་བརྟན་པོ་འཛུགས་པ་དང་། གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནས་ཚུལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་བྱེད་པ། བསམ་འཆར་གང་ལེགས་ཉན་པ། ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་གནད་དོན་ཤེས་རྟོགས། གནད་དོན་ཐག་གཅོད་བཅས་བྱས་ནས། འདྲི་རྩད་ལ་བརྟེན་ནས་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་བ་དང་དག་ཐེར་ལ་བརྟེན་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ” ཟླ5བའི་ཚེས11ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་གནས་ཚུལ་གྱི་ཆེད་དོན་འདྲི་རྩད་བྱ་བ་སྤེལ་འགོ་ཚུགས་པའི་ཚོགས་འདུའི་ཐོག་ནན་བཤད་བྱས་དོན།  ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྐོར་གྱི་ཆེད་དོན་འདྲི་རྩད་བྱ་བའི་ཇུས་གཞི་དང་། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འདྲི་རྩད་བྱ་བའི་ཇུས་གཞི་དང་ལས་འགན་ལས་བགོས་དོན་འཁྱོལ་བྱས་ནས། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་བྱ་བའི་གནས་ཚུལ་དང་དེ་མིན་གོ་རིམ་རྗེས་མའི་བྱ་བའི་བསམ་ཕྱོགས་ལ་ཉན་ཏེ། འདྲི་རྩད་དང་ལེན་བྱེད་མཁན་ལས་ཁུངས་ཀྱིས་ལྟ་སྐུལ་བྱ་བར་བཏོན་པའི་བསམ་འཆར་བསྡུ་ལེན་བྱས།

“རང་ཞིང་གི་མཐོ་རིམ་སློབ་གྲྭས་མི་རིགས་སོ་སོའི་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱ་ཐབས་དང་ཐབས་བཀོད་ཡག་པོ་གང་དག་ཡོད་དམ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བ་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཇི་ལྟར་གཏོང་དགོས་སམ།” ཟླ6པའི་ཚེས21ཉིན། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་མི་སྣ་མཚོ་སྔོན་མི་རིགས་སློབ་ཆེན་དུ་བསྐྱོད་དེ་མི་རིགས་སོ་སོའི་བར་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་ཆེད་དོན་བརྟག་ཞིབ་བྱས།  བརྟག་ཞིབ་ཚོ་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་གི་དཔེ་མཚོན་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་ཆབས་ཅིག མིག་སྔར་གནས་པའི་གནད་དོན་དང་དཀའ་གནད་གཙོ་བོར་དབྱེ་ཞིབ་ནན་ཏན་བྱས་པ་དང་། བློ་བསྡུས་དགེ་འཚོལ་གྱིས་མི་རིགས་སོ་སོའི་བར་འགྲོ་འོང་དང་། བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་དང་བྱེད་སྟངས་ལ་ཞིབ་འཇུག་བྱས་ནས། ལག་ལེན་དུ་འཁྱོལ་ཐུབ་ངེས་ཀྱི་བྱ་ཐབས་སྔར་ལས་མང་བ་དང་སྔར་ལས་ཡག་པ་བཙལ་ཏེ། གྲོས་མོལ་སྲིད་གླེང་བྱས་པ་བརྒྱུད་དམིགས་སའི་རང་བཞིན་གྱི་གྲོས་འགོ་བཏོན་ནས་རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་གསོན་ཉམས་ལྡན་ཞིང་ཞིབ་ཕྲ་ཡིན་པ་དང་། སྔར་ལས་མི་སེམས་སུ་ཟུག་ཆེད་སྲིད་གྲོས་ཀྱི་བློ་གྲོས་ལེགས་སྐྱེས་འབུལ་དགོས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ལ་ས་གནས་སུ་སོང་ནས་བརྟག་ཞིབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་ལ་ཁྱོན་ཡོངས་ནས་བརྟག་དཔྱད་བྱས།  དེའི་རིང་བརྟག་ཞིབ་ཚོ་ཆུང་སོ་སོས་བཞུགས་མོལ་ཚོགས་འདུ་ཐེངས68འཚོགས་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི། མི་རིགས་ཆོས་ལུགས་ལས་དོན་མི་སྣ་སོགས་མི་ཐེངས356ལ་བཅར་འདྲི་བྱས་པ་དང་། བརྟག་དཔྱད་འདྲི་ཤོག1900ལྷག་ཙམ་བྱིན་པ། ལས་བྱེད་པ735མི་རིགས་ཆོས་ལུགས་ལས་དོན་གྱི་ཤེས་བྱའི་ཚོད་རྒྱུགས་ནང་ཞུགས་རྒྱུ་རྩ་འཛུགས་བྱས་པ་མ་ཟད། སྙན་ཞུ་ལ་ཉན་པ་དང་དཔྱད་གཞི་ཞིབ་བཤེར་སོགས་ཀྱི་རིམ་པ་རེ་རེ་དུས་ཐོག་ཏུ་གནད་དོན་དང་མི་འདང་བའི་ཆ་བསྟན་ནས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་དཔེ་བསྡུར་ཚད་བསྡུར་བྱས་ནས་ལེགས་བཅོས་བྱས།  དུས་མཚུངས་སུ། དཔྱད་གཞིའི་རིན་ཐང་ཅུང་མཐོ་བའི་བརྟག་དཔྱད་ཞིབ་འཇུག་སྙན་ཞུ་གཉིས་གྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ལས་དོན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་རྒྱུར་འཕེལ་རྒྱས་ཀྱི་བསམ་ཕྱོགས་འདོན་སྤྲོད་བྱས།

བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ལས་དོན་སྣ་ཚོགས་ལེགས་པོར་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཡིན།  ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སོ་སོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས། ཁ་ཕྱོགས་དམ་འཛིན་བྱས་ཏེ་བརྗོད་གཞི་འདེམས་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་མི་རིགས་མངའ་ཁོངས་ཀྱི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ། མཁར་གྲོང་སྡེ་ཁུལ། ཁེ་ལས་དང་ལས་དོན་ལས་ཁུངས། སློབ་གྲྭ། དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ་སོགས་མི་རིགས་ལས་དོན་གྱི་ལས་འགན་བལྟོས་བཅས་ཀྱིས་ལྕི་བའི་གཙོ་གནད་ས་ཁུལ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་གཙོ་གནད་མི་ཚོགས་ལ་དམིགས་ནས་གཞི་རིམ་གྱི་མི་རིགས་ལས་དོན་ཁྲོད་ཀྱི་དཀའ་ངལ་ཤེས་རྟོགས་བྱས་ཏེ། མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གནས་དང་། དཀའ་གནད་དང་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཐད་ཕན་འབྲས་དངོས་ཐོན་ཡོད།

མཚོ་སྔོན་གྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

བརྗོད་དོན་སློབ་གསོའི་མཐའ་མའི་ཕན་འབྲས་དེ་ལས་དོན་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མཚོན་པར་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་སོ་སོས་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་རྒྱག་ས་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ལས་དོན་གྱི་ཕན་འབྲས་གསར་པ་མུ་མཐུད་མཐོ་རུ་གཏོང་དགོས།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་དཀའ་གནད་ལས་སྒྲོལ་བར་དམིགས་ཏེ་དམངས་ཀྱི་སེམས་ཁྲལ་བསལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་གཡུལ་ས་གཙོ་བོར་བརྩིས་ཏེ། ཏན་ཏན་ཏིག་ཏིག་གི་འཕེལ་རྒྱས་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བཏང་། ཆེད་མཁས་པ་རྩའཛུགས་བྱས་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནད་དོན་གལ་ཆེན་དང་འཁོར་སྐྱོད་ཁྲོད་ཀྱི་ཚ་གནད་དང་དཀའ་གནད་ལ་རྗེས་འདེད་དབྱེ་ཞིབ་དང་ཞིབ་འཇུག་བྱས།  རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་བའི་ལས་འགན་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་འབུམ་ལྔ་བརྩོན་ལེན་བྱས་པ་དང་། མི་རིགས་ས་ཁུལ་དུ་ཞན་ཆ་ཁ་གསབ་བྱེད་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས42ལག་བསྟར་བྱས་པ། མི་རིགས་ལག་ཤེས་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས73ལག་བསྟར་བྱས་པ། ཁྱད་ཆོས་ལྡན་པའི་སྡེ་བ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བའི་རྣམ་གྲངས3ལག་བསྟར་བྱས་ཡོད།  ཞིང་ཆེན་ཡོངས་ཀྱི་མི་རིགས་ཚོང་དོན་དང་མི་རིགས་ཆེད་མཁོའི་ཚོང་ཟོག་ཐོན་སྐྱེད་བྱེད་མཁན་ཁེ་ལས200ལྷག་ཙམ་ལ་བབ་བསྟུན་ལེགས་སྒྲིག་སྙན་ཞུ་བྱས་ནས། རྫོང40ཡི་ཧྥུའུ་ཉུང་མཐའ་འཚོང་གི་བདེ་ཐང་ཇ་ལོ་དང “ཁྱིམ་ཚང་དུ་ཇ་སྐྱེལ་བའི”ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། དམངས་ཚིས་ལ་ཕན་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློར་མཐུན་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་སུ་ཟུག་ཐུབ་པ་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད།

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་ཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་གནད་ལ་དམིགས་ཏེ། སྲིད་ཇུས་ཀྱི་འཆར་འགོད་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། ནན་ཏན་སྒོས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་ཁྲོད་ཀྱི་དུས་འབྲིང་དཔྱད་འཇོག་སྤེལ་བ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་སྙན་ཞུ་སྦྲེལ་མཐུད་ཡག་པོ་བྱེད་པ། དུས་ཐོག་ཏུ་ལས་འཇུག་ལས་འཐེན་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་དང་འབྲེལ་བ་ཡོད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་གྲངས་གལ་ཆེན་སྔར་ལས་མང་བ་དོན་འཁྱོལ་བྱ་ཆེད་སྲིད་ཇུས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱས། དེ་དང་ཆབས་ཅིག མི་རིགས་ས་ཁུལ་གྱི་འགག་རྩའི་ཁྱབ་ཁོངས་དང་ཉམས་ཞན་རིམ་པར་དམ་པོར་དམིགས་ནས།  ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དྲུག་བྱེ་བ་གསུམ་དོན་འཁྱོལ་བྱ་རྒྱུ་བརྩོན་ལེན་བྱས་ཏེ་དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཁྱད་ལྡན་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད། གཞི་རིམ་སྲིད་དབང་དང་སྤྱི་ཚོགས་དོ་དམ་ནུས་པ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས564ལག་བསྟར་བྱས་ནས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།

ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་རིག་གནས་དང་ཡུལ་སྐོར་གྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས་རིག་རྩལ་འཁྲབ་སྟོན་དང་། གཟུགས་འདས་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན། རིག་གནས་གསར་གཏོད་ཀྱི་ཐོན་རྫས་འགྲེམས་སྟོན། རིག་དངོས་སྤྱི་ཕན་གསལ་འབྱེད། ལྟ་ཀློག་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྡེ་ཁུལ་དང་། སློབ་གྲྭ མཛེས་ལྗོངས་ཁུལ། ཞིང་སྡེ་དང་འབྲོག་ཁུལ་བཅས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་།  Aརིམ་པའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་དང་ཟུང་འབྲེལ་བྱས་ཏེ། “པད་མའི་དམར་དམག་ལུང་བའི་རྗེས་ཤུལ”རྒྱལ་ཁབ་རིམ་པའིA4རིམ་པའི་མཛེས་ལྗོངས་ཁུལ་དུ་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། དེ་ནི་རིགས་སོ་སོའི་མང་ཚོགས་ཚོས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་བསྐྱར་དྲན་དང་། གསར་བརྗེའི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་ལེན་བྱེད་མཁན། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འགྱུར་བ་བྱས་ཏེ་རིག་གནས་ཡུལ་སྐོར་བྱ་གཞག་གི་གྲུབ་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཆོས་ལུགས་ལས་དོན་སྣ་ཚོགས་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

ཞིང་ཆེན་ལུས་རྩལ་ཅུའུ་ཡིས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། སེམས་ནུས་ཡོད་རྒུ་བཏོན་ཏེ་མང་ཚོགས་ལ་བྱ་བ་དངོས་བསྒྲུབས་པ་དང་། ལུས་རྩལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དམིགས་བསལ་ནུས་པ་འདོན་སྤེལ་བྱས་ལ། ཧུར་ཐག་གིས་མང་ཚོགས་ཀྱི་ལུས་རྩལ་མ་དངུལ་བརྩོན་ལེན་བྱས་ནས། དམངས་ཡོངས་ཀྱི་ལུས་སྦྱོང་གི་ཞན་ཆ་ཁ་གསབ་པའི་བཟོ་སྐྲུན་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་ལུས་རྩལ་ཁང76ལ་རིན་པ་མི་དགོས་པའམ་ཡང་ན་རིན་པ་དམའ་མོས་སྤྱི་ཚོགས་ལ་སྒོ་མོ་འབྱེད་པ་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས།  སྐབས་གཉིས་པའི་རྒྱལ་ཡོངས་མི་རིགས་རིག་ནུས་ལུས་རྩལ་གྱི་ཡོངས་བསྒྲགས་འགྲན་བསྡུར་དང་། སྐབས་བཅུ་བདུན་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་རྨ་ཆུ་མྱུར་སྒྲོལ་གྱི་འགྲན་བསྡུར། སྐབས་བརྒྱད་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གྱི་ཕུལ་བྱུང་འགྲན་བསྡུར་སོགས་འགྲན་བསྡུར་གལ་ཆེན་སྐོར་ཞིག་གྲུབ་འབྲས་ཐོབ་པའི་ངང་གཉེར་ནས། “ལུས་རྩལ་གྱི་ཚོགས་འདུ་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན”གྱི་ནང་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་།  རིགས་སོ་སོའི་མང་ཚོགས་ཀྱི་ཉེ་འགྲམ་དུ་ལུས་རྩལ་ལུས་སྦྱོང་གི་མཛུབ་ཁྲིད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)། རྫོང་དང་ཆུས་གཙོ་བོ8ལ“ཁྱོན་ཡོངས་དམངས་ཕན་དང་། བདེ་ཐང་མཚོ་སྔོན”བཅས་ཀྱི་ཚན་རིག་དང་མཐུན་པའི་ལུས་སྦྱོང་བྱེད་སྒོ་ཐེངས་གསུམ་པ་རྩ་འཛུགས་བྱས་ནས་སྤེལ་བས་མང་ཚོགས་ཁྲི་ལྔ་ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།