མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། དགོངས་པ་འདིའི་རྩ་བའི་རིན་ཐང་ལྟ་བ་གཏིང་ཟབ་སྒོས་མཚོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་ན། དགོངས་པ་འདིས་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དེ་ནི་མི་དམངས་ཀྱིས་དད་མོས་དང་། མི་དམངས་ཀྱིས་ཁས་ལེན། མི་དམངས་ལ་དབང་བ་བཅས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཡང་དག་པས་ཁོང་དུ་ཆུད་པར་བྱེད་པ་དང་། དེར་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་ཡག་པོ་དང་བཀོལ་སྤྱོད་ཡག་པོ་བྱེད་དགོས།
འདི་ནི་མི་དམངས་ཀྱིས་དད་མོས་བྱེད་པའི་རིགས་པའི་གཞུང་ལུགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སེམས་སུ་བཅངས་ནས་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་པ་ནི། ཏང་གི་ཐོག་མའི་བསམ་འདུན་ཡིན་ལ། ཏང་གི་འགྱུར་མེད་དམ་བཅའ་ཡང་ཡིན་ཞེས་ནན་བཤད་གནང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བསྲུང་ནས་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་སྟེ། མི་དམངས་ཀྱི་གསར་སྐྲུན་རང་བཞིན་གྱི་ལག་ལེན་དེ་རིགས་པའི་གཞུང་ལུགས་གསར་སྐྲུན་གྱི་འཛད་མཐའ་མེད་པའི་འབྱུང་རྩར་བརྩིས་ཡོད། མི་དམངས་ཀྱི་འདོད་བློ་ཁོང་དུ་ཆུད་པར་བྱེད་དགོས་ན། མཛེས་སྡུག་གི་འཚོ་བར་བཅངས་པའི་མི་དམངས་ཀྱི་འདོད་བློ་ནས་འགོ་བརྩམས་སྟེ་དམངས་སེམས་དམངས་འདོད་དང་མཐུན་པ་དང་མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དོ་ཁུར་བྱེད་པའི་ཁྲོད་རིགས་པའི་གཞུང་ལུགས་ཀྱི་ཁ་ཕྱོགས་གསར་པ་དམ་འཛིན་དང་། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་རིགས་པའི་གཞུང་ལུགས་ལ་ཚད་བརྒལ་ཡོང་ཐབས་བྱེད་དགོས། མི་དམངས་ཀྱི་གསར་སྐྲུན་ལ་བརྩི་འཇོག་དང་མི་དམངས་མང་ཚོགས་ཀྱི་ཐོག་མའི་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་གསར་སྐྲུན་བྱས་པའི་བྱ་དངོས་གསར་པ་དུས་ཐོག་ཏུ་ཤེས་རྟོགས་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཉམས་མྱོང་བཟང་པོར་ཕྱོགས་སྡོམ་གཏིང་ཟབ་བཅས་བྱས་ནས། དེ་ཉིད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་པར་སྒྱུར་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ན། དགོངས་པ་འདིའི་ནང་གི“མི་དམངས”ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱི་རྩ་བའི་རང་བཞིན་གྱི་དོན་སྙིང་ཡོངས་ཁྱབ་ཏུ་ཚོར་བ་དང་། མི་དམངས་བླ་ན་མེད་པའི་རྩ་བའི་རིན་ཐང་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་ཁ་ཕྱོགས་གཅིག་མཐུན་དང་། བསམ་ཚུལ་གཅིག་མཐུན། ལས་དོན་མཉམ་སྒྲུབ་བཅས་བྱེད་དགོས།
འདི་ནི་མི་དམངས་ཀྱིས་ཁས་ལེན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་ནི་རྒྱུགས་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན། མི་དམངས་ནི་རྒྱུགས་བཤེར་མཁན་བཅས་ཡིན་ཞེས་ནན་བཤད་གནང་ཡོད། མི་དམངས་ཀྱིས་གོང་བཀུར་དང་། དད་མོས། དགའ་ཞེན། ཁས་ལེན་བཅས་བྱེད་མིན་ནི་ལས་དོན་ཡོད་ཚད་ཀྱི་ཐོབ་ཤོར་འཇལ་བའི་རྩ་བའི་ཚད་གཞི་ཡིན། རིགས་པའི་གཞུང་ལུགས་ཡག་པོ་ཡིན་མིན་ལ་མི་དམངས་མང་ཚོགས་ཀྱིས་ཤན་འབྱེད་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་དང་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་བ་དེ་རིན་ཐང་གི་དམིགས་ཚད་དུ་རྒྱུན་འཁྱོངས་བྱས་པས། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཚད་མཐོའི་ཁས་ལེན་དང་སྙིང་དབུས་ཀྱི་གོང་བཀུར་ཐོབ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
འདི་ནི་མི་དམངས་ལ་དབང་བའི་རིགས་པའི་གཞུང་ལུགས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིགས་པའི་གཞུང་ལུགས་ཀྱི་གསར་སྐྲུན་གོམ་གང་མདུན་དུ་སྤོས་ཚེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱང་གོམ་གང་མདུན་དུ་སྤོ་དགོས་ཞེས་ནན་བཤད་གནང་ཡོད། དུས་རབས་གསར་པའི་ལོ་བཅུའི་ནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་ཀྱི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་ཀྱི་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་ནས་ཁ་སྒྱུར་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བར་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མི་སེམས་སུ་ཟུག་པ་དང་དམིགས་སར་འཁྱོལ་བ་ནི་མི་དམངས་ལ་དབང་བའི་རིགས་པའི་གཞུང་ལུགས་དེ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་འདོན་སར་ཤུགས་བཏོན་སྟེ། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ན། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བ། ལག་ལེན་ལ་མཛུབ་སྟོན་བྱེད་པ་བཅས་ཀྱི་ལས་དོན་མ་ལག་འཐུས་ཚང་དུ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་། དེ་བཞིན་དེར་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་བསམ་བློའི་མཚོན་ཆ་ཞིག་ཏུ་བསྒྱུར་ནས་དེ་ཉིད་མི་དམངས་དུང་ཕྱུར་མང་པོའི་སེམས་སུ་ཟུག་ནས་དངོས་པོའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།