དྲི་བ་བརྒྱ་དང་བཅུ།  ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་གོ་བ་ཇི་ལྟར་ལེན་དགོས་སམ།
2023.08.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 12

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་དགོས”ཞེས་བསྟན་ཡོད། འདིས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པའི་བྱེད་ཐབས་གལ་ཆེན་གཏན་འཁེལ་གསལ་བོ་བྱས་ཡོད་པས།  ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱེད་པ་དང་། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།

དང་པོ། ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་རྒྱུ་ནི་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཡིན། གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་རྨང་རྡོ་ལྟ་བུ་ཡིན་ཞིང་།   ཡུལ་ཚོ་དང་གྲོང་རྡལ(ཁྲོམ་གཞུང)དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་མངོན་འགྱུར་བྱེད་པའི་རྨང་གཞིའི་བཟོ་འགོད་ཅིག་ཡིན། གཞི་རིམ་བཅོས་སྐྱོང་མ་ལག་ཁྲོད་དུ་ཏང་རྩ་འཛུགས་ནི་འགོ་ཁྲིད་ཀྱི་གོ་གནས་སུ་གནས་ཡོད་པས་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་དགོས་ན། ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དེ་ཏང་གི་འདོད་བློ་དྲིལ་བསྒྲགས་དང་། ཏང་གི་ཆོད་དོན་ལག་བསྟར།  གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།     ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་གི་འགོ་ཁྲིད་ཀྱིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དབུལ་ཐར་མཁྲེགས་གཏོར་དང་རིམས་ནད་སྔོན་འགོག་ཚོད་འཛིན།  གནོད་འགོག་གནོད་སེལ་སོགས་ཀྱི་དམག་འཐབ་ཆེན་པོ་དང་ཉམས་སད་ཆེན་པོའི་ཁྲོད་འཐབ་འཛིང་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ།  ཏང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པ་བཅས་གང་ལེགས་སྒོས་མངོན་པ་དང་། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་དགེ་མཚན་བཅས་མངོན་པར་བྱས་ཡོད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྲུན་ལ་ཤུགས་སྣོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བཅས་བྱས་ཚེ། གཞི་ནས་གཞི་རིམ་བཅོས་སྐྱོང་གི་ཆབ་སྲིད་ཁ་ཕྱོགས་འགན་ལེན་བྱེད་ཐུབ་པ་དང་། ཡང་དག་པའི་བགྲོད་ལམ་སྟེང་རྒྱུན་ཆད་མེད་པར་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད།

གཉིས་པ། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་དགོས་ན།  ངེས་པར་དུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཞན་ཆ་གསབ་པ་དམ་འཛིན་བྱེད་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་།“གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ”དང་།“གྲོང་ཁྱེར་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་ས་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས”ཞེས་བསྟན་ཡོད། དེ་ཡིས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པར་བླང་བྱ་གསར་པ་བཏོན་ཡོད།  ཏང་ཀྲུང་དབྱང་གི་བླང་བྱ་དང་མིག་སྔའི་གནས་བབ་དང་ལས་འགན་དང་བསྡུར་ན། གཞི་རིམ་བཅོས་སྐྱོང་བྱེད་པའི་ཐད་ད་དུང་ལེགས་བཅོས་བྱེད་དགོས་ས་མི་ཉུང་བ་ཞིག་གནས་ཡོད་པ་དང་། ལྷག་པར་དུ་པྲོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ནུས་པ་གལ་ཆེན་མངོན་གསལ་དུ་གྱུར་བ་མ་ཟད། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཐད་ཀྱི་ཞན་ཆ་དང་མི་འདང་སའང་མངོན་ཡོད།  དཔེར་ན། གཞི་རིམ་ཏང་རྩ་འཛུགས་ཁ་ཤས་ནུས་མེད་ཟབ་ཟོབ་ཡིན་པ་དང་། རྩ་འཛུགས་ཀྱི་ནུས་པ་དང་ཞབས་ཞུའི་ནུས་པ་ཞན་པས།   གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཁ་ཤས་ཀྱི་ཏང་འཛུགས་སྐྲུན་གྱི་ལས་དོན་དང་ལྟེ་བའི་ལས་དོན་གཉིས་སོ་སོར་དབྱེ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་འབུར་ཐོན་ཡིན་པ།  ཏང་གི་རྩ་འཛུགས་དང་ལས་དོན་གྱི་ཁྱབ་ཚད་ལ་ད་དུང་སྟོང་ཆ་དང་རྨོངས་ཁུལ་མི་ཉུང་བ་ཞིག་ཡོད་པ་དང་། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་པ་གསར་པ་བཅས་ཀྱི་ཏང་འཛུགས་སྐྲུན་གྱི་ལས་དོན་ལ་ད་དུང་འཚོལ་ཞིབ་བྱེད་དགོས་པ་སོགས་ལྟ་བུ་རེད། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཐོག་ངེས་པར་དུ་སྤྱི་ཚོགས་ཀྱི་གྲུབ་ཆ་དང་། སྤྱི་ཚོགས་ཀྱི་འབྲེལ་བ། སྤྱི་ཚོགས་ཀྱི་བྱ་སྤྱོད་སྤེལ་སྟངས། སྤྱི་ཚོགས་ཀྱི་སེམས་ཁམས་བཅས་ཀྱི་འགྱུར་ལྡོག་ཟབ་མོ་དང་འཚམ་པར་བྱས་ཏེ།  ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པའི་གནད་འགག་འདི་དམ་པོར་འཛིན་པ་དང་། གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་རྒྱུན་འཁྱོངས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ཞན་ཆ་སྣ་ཚོགས་མགྱོགས་མྱུར་ངང་ཁ་གསབ་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་པ། མི་རེ་རེར་འགན་འཁྲི་ཡོད་པ་དང་། མི་རེ་རེས་འགན་འཁྲི་ཡག་པོ་འཁུར་བ།  མི་རེ་རེར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བཅས་བྱས་ནས།  སྤྱི་ཚོགས་ཀྱི་གྲུབ་ཆ་ཚང་མ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་དང་།  གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལ་གསོན་ཤུགས་ཀྱིས་ཁེངས་ཞིང་འཆམ་མཐུན་དང་གོ་རིམ་ལྡན་པ་ཞིག་ཡོང་བར་བྱེད་དགོས།

གསུམ་པ། གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ནུས་པ་དངོས་ནས་ཆེ་རུ་གཏོང་དགོས། འདི་ནི་ཏང་འཛུགས་སྐྲུན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་གནད་འགག་ཡིན། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་དངོས་ནས་ཆེ་རུ་གཏོང་བ་དང་། ཏང་གི་སྒྲིག་ཡིག་གིས་སྤྲད་པའི་འགན་འཁྲི་སྣ་ཚོགས་ནན་ཏན་སྒོས་བསྒྲུབས་ཏེ།  ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་རྒྱ་ཆེའི་མང་ཚོགས་རྩ་འཛུགས་དང་གཅིག་སྡུད་ཡག་པོ་བྱས་ནས།  ཏང་གི་འགོ་ཁྲིད་ནུས་ལྡན་སྒོས་མངོན་འགྱུར་བྱེད་པའི་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་མང་ཚོགས་ལས་དོན་གྱི་དགེ་མཚན་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ། གཞི་རིམ་གྱི་རྩ་འཛུགས་སྣ་ཚོགས་ཀྱིས་རང་རྟོགས་སྒོས་ཏང་གི་འདོད་བློ་ལག་བསྟར་བྱེད་པར་སྣེ་ཁྲིད་བཅས་བྱས་ཏེ།  གཞི་རིམ་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས། བསམ་བློའི་སྣེ་ཁྲིད་ལ་ཤུགས་སྣོན་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྡེ་ཁུལ་དང་། གྲོང་གསེབ། ཁྱིམ་ཚང་བཅས་སུ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་བྱེད་དགོས། ཡུལ་ཚོ་དང་གྲོང་རྡལ་(ཁྲོམ་ལམ་)དང་།  སྡེ་བ་(སྡེ་ཁུལ་)བཅས་ཀྱི་ཏང་རྩ་འཛུགས་ཀྱིས་གཞི་རིམ་གྱི་རྩ་འཛུགས་སྣ་ཚོགས་དང་ལས་དོན་སྣ་ཚོགས་ལ་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བྱས་ཏེ།  ཏང་རྩ་འཛུགས་ཀྱིས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པ། རྩ་འཛུགས་སྣ་ཚོགས་ཀྱིས་མཐུན་སྦྱོར་ལེགས་པོ་བྱེད་པ། མང་ཚོགས་ཡོངས་ཁྱབ་ཏུ་ཞུགས་པ།  རང་སྐྱོང་དང་། ཁྲིམས་སྐྱོང་།  སྤྱོད་བཟང་གིས་སྐྱོང་བ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པའི་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་དགོས།  ཏང་རྩ་འཛུགས་གསར་འཛུགས་དང་བྱེད་སྒོ་སྤེལ་སྟངས་གསར་བསྐྲུན་བྱེད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱབ་ཚད་དང་ལས་དོན་གྱི་ཁྱབ་ཚད་ཆེ་རུ་གཏོང་བ།  སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། གསར་དར་ལས་རྣམ་གསར་པ་དང་དྲ་སྦྲེལ་གྱི་ཏང་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་བྱེད་པ། གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འབོད་སྐུལ་ནུས་པ་དང་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།  མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་མགོ་རྩོམ་ས་དང་རྐང་འཛུགས་སར་བརྩིས་ནས། ཏང་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པའི་སྤྱི་ཚོགས་ཟབ་ཞུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཏང་འཛུགས་སྐྲུན་གྱིས་མང་ཚོགས་ཚོགས་པར་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ས་ཁོངས་ཅན་གྱི་ཏང་འཛུགས་སྐྲུན་ལས་སྟེགས་བསྐྲུན་པ། ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག་གིས་ཡུལ་ཚོ་དང་གྲོང་རྡལ་(ཁྲོམ་གཞུང)དང་གྲོང་ཚོ་བཅས་ཀྱི(སྡེ་ཁུལ)ཏང་རྩ་འཛུགས་དང་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཁྲོད་ཞུགས་པ་དང་མང་ཚོགས་ལ་ནུས་ལྡན་སྒོས་ཞབས་འདེགས་ཞུ་བ་བཅས་བྱས་ནས།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་དང་གོང་བཀུར་ཐོབ་པ་བྱེད་དགོས།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།