སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་གསར་པ་དང་རྣམ་པ་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་དངོས་ལ་ཞིབ་དཔྱད་བྱས།
2023.08.07 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 2

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་གཅིག་རྗེས་གཉིས་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པ། ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཆེ་རུ་གཏོང་བ། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱ་སྤྱོད་གསར་པ་དང་རྣམ་པ་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་དངོས་ལ་ཞིབ་དཔྱད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གལ་ཆེན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དུ་རྒྱུན་ཆད་མེད་པར་སྒྱུར་དགོས་ཞེས་བཤད།

གནམ་མཁའ་སྔོ་ཞིང་བསངས་ལ་ཆུ་མོ་དྭངས་ཤིང་གཙང་བ། ས་གཞི་དག་ཅིང་གཙང་བའི་སྲུང་སྐྱོབ་མཁན་བྱེད་དགོས།

“ཚད་གཞི་སྔར་ལས་མཐོ་བའི་སྒོ་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་བ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་རྒྱག་པ་དང་། ཧུར་ཐག་གིས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཚོལ་ཞིབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས།”

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དྲིལ་བསྒྲགས་སློབ་གསོ་ལྟེ་གནས་དྲིལ་བསྒྲགས་ཁང་གི་ཀྲུའུ་རིན་ཞ་ལན་ཆིས་ཀྱིས་བཤད་རྒྱུར།“རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་དང‘ཀྲུང་ཧྭའི་ཆུ་མཛོད’ལ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་པས། ང་ཚོས་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་དམ་པོར་དམིགས་ཏེ། བཅོས་སྒྲིག་གི་བྱ་སྤྱོད་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་ལ་རྒྱུན་ཆད་མེད་པར་ཞིབ་བཤེར་བྱས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཆེན་པོ་གསུམ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་ཚབས་ཆེ་བའི་ས་ཁོངས་སུ་གཙོ་གནད་མཁྲེགས་གཏོར་བྱ་བ་སྤེལ་བ། བཟོ་ལས་དང་རྡོ་སོལ། འཕྲུལ་སྒུལ་རླངས་འཁོར་བཅས་ཀྱི་སྦགས་བཙོག་གི་འབྱུང་ཁུངས་ཆེན་པོ་གསུམ་ལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། ནུས་ཁུངས་གསར་པའི་ཞིབ་འཇུག་བྱེད་ཚད་ཆེ་རུ་གཏོང་བ་དང་། གཙོ་གནད་སྐྱེ་ཁམས་ས་ཁོངས་སུ་ཕྱོགས་བསྡུས་ལེགས་བཅོས་བྱེད་པ། ལས་གནས་ལ་རྐང་བཙུགས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ཏུ་བསྟར་མཁན་དང་གནམ་སྔོ་ཆུ་དྭངས་ས་གཙང་གི་སྲུང་སྐྱོབ་མཁན་བྱེད་དགོས”ཟེར།

“ང་ཚོས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། ལྗང་མདོག་རྒྱ་བསྐྱེད་པ་དང་། ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ། ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ལ་གཞི་ཚུགས་ཏེ་ནུས་ཤུགས་ཡོད་རྒུས་གཞུང་ཁོངས་སྡོང་ཕྲུག་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།” ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་གཞུང་ཁོངས་ནགས་ར་དང་སྡོང་ཕྲུག་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ལིག་ཞ་ཡིས་བཤད་རྒྱུར། བརྟག་ཞིབ་གྲོས་བསྡུར་བྱས་པ་བརྒྱུད། སྡོང་ཕྲུག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱས་ཏེ། སྤུས་ཚད་མཐོ་བའི་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་འཛུགས་སྐྲུན་དང་ཚད་ལྡན་ཅན་གྱི་སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ས་ཁོངས་ལྗང་འགྱུར་སྤྱི་ཕན་རང་བཞིན་གྱི་ནགས་སྐྲུན་སྡོང་ཕྲུག་འདེབས་གསོ་བྱེད་པ། སྡོང་ཕྲུག་གི་ཁྲོམ་རའི་གྲུབ་ཆ་གཙོ་བོ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ནགས་རྩྭའི་སོན་མྱུག་ཐོན་སྐྱེད་རྟེན་གཞི་ཅན་དང་། སོན་བཟང་གིས་ནགས་སྐྲུན་པ། སྤུས་ཚད་ཚད་ལྡན་ཅན། སྡོང་ཕྲུག་ཐོན་ལས་ཅན། དོ་དམ་ཁྲིམས་སྐྱོང་ཅན་དང་ཆ་འཕྲིན་དེང་རབས་ཅན་བཅས་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཏང་སྲོལ་སྲིད་སྲོལ་ལྟ་ཞིབ་ཁང་གི་ཀྲུའུ་རིན་གཞོན་པ་ཆིན་ཞིན་གྱིས་བཤད་རྒྱུར། ང་ཚོས་ཆབ་སྲིད་ལྟ་ཞིབ་ཀྱི“ངེས་པར་དུ་བྱེད་དགོས་པ་ལྔ”བྱེད་ཐབས་སུ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ལ་མུ་མཐུད་དུ་ཆེད་གཉེར་ལྟ་ཞིབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐུབ་པ་ཁག་ཐེག་བྱེད་དགོས། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྲོད་སེམས་ནུས་མི་འདོན་པ་དང་། ནུས་ཤུགས་མི་འདོན་པ། གདམ་ག་མི་བྱེད་པ། བབ་བསྟུན་བྱེད་པ། གཅོག་འཕྲི་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་བརྒྱུད། རང་འགན་རང་འཁུར་དང་མཐུན་སྦྱོར་རྒྱུན་མཐུད་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་ཆེད་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད”ཟེར།

ཚན་རྩལ་གསར་སྐྲུན་གྱི་ལག་ལེན་པ་བྱེད་ཕོད་དགོས།

“ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་བསྐྲུན་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། ངེས་པར་དུ་གསར་སྐྲུན་དང་ལྷག་པར་དུ་ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་སྒུལ་ཤུགས་འཕོ་འགྱུར་དང་སྒུལ་ནུས་གཞན་སྒྱུར་བྱེད་དགོས།”

ཚན་རྩལ་གསར་སྐྲུན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྟེ་བའི་སྒུལ་ཤུགས་ཡིན།

ཞིང་ཆེན་ཚན་རྩལ་ཐིན་གྲུབ་འབྲས་གཞན་སྒྱུར་དང་ས་ཁོངས་མཉམ་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཆུའུ་ཝུན་རུང་གིས་བཤད་རྒྱུར། ཚན་རྩལ་དོ་དམ་གྱི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ང་ཚོས་བརྗོད་དོན་སློབ་གསོའི་སློབ་སྦྱོང་གྲོས་བསྡུར་བྱེད་སྐབས་རང་ཞིང་གིས་ངེས་པར་དུ་སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་དང་། བྱ་བར་བརྟེན་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་འདེགས་སྐྱོར་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་དེ་མིན་རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་སྐྲུན་གྱི་སྟེགས་བུ་ཆེན་པོ་བཅུ་སྐྱེད་སྲིང་དང་འཛུགས་སྐྲུན་བྱེད་པ། ཚན་རྩལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ཚན་རྩལ་གསར་སྐྲུན་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་སོགས་བྱས་ནས། ཚན་རྩལ་བྱ་བའི་མགོ་རྩོམ་ས་དང་རྐང་འཛུགས་ས་དེ་མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་བའི་རེ་སྨོན་གྱི་སྟེང་ནས་མངོན་འགྱུར་བྱས་ཏེ། ཚན་རྩལ་གསར་སྐྲུན་གྱི་འདེགས་སྐྱོར་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཕྱོགས་ཡོངས་ནས་ཚན་རྩལ་གསར་སྐྲུན་གྱི་བྱ་བར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རྩལ་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ལེ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཚན་རྩལ་གསར་སྐྲུན་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱ་བའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་མོ་བྱ་རྒྱུ་དེ་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ནས“གཡུལ་ས་གཙོ་བོ”བསྐྲུན་ཏེ། ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་ཇུས་འགོད་དང་། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བའི་ཁྲོད་ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མིའི་བྱ་བ་བཅས་བརྒྱུད་ནས། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་འཐུས་ཚང་དུ་གཏོང་བ། ཚན་རྩལ་ཆུ་ཚད་མཐོ་ལ་རང་སྟོབས་རང་སྤེལ་གྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཟེར།

རྒྱལ་ཁབ་གློག་ཤུགས་མ་རྐང་སྡེ་ཚོགས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིས“ཚན་རྩལ་གསར་སྐྲུན”གྱི་གསེར་གྱི་ལྡེ་མིག་ལག་ཏུ་དམ་པོར་བཟུང་ནས། རྨ་ཆུའི་སྟོད་རྒྱུད་དུ་ནུས་རྒྱུ་གཙང་མ་གཙོ་བོར་བྱེད་པའི་ཐོན་ལས་ཚོགས་པ་ཞིག་བསྐྲུན། རྒྱལ་ཁབ་གློག་ཤུགས་མ་རྐང་སྡེ་ཚོགས་རྨ་ཆུ་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། སྤྱིའི་འགན་འཛིན་པ་ཡའོ་ཞའོ་ཡན་གྱིས་བཤད་རྒྱུར། ད་ལོ་རྒྱལ་ཁབ་གློག་ཤུགས་མ་རྐང་སྡེ་ཚོགས་རྨ་ཆུ་ཀུང་སིས་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ་སྐབས།“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བཏོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས”ཞེས་པ་དང་། གསར་སྐྲུན་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་པས། ཚན་རྩལ་གྲུབ་འབྲས་དང་ཆེད་ཁེའི་གྲངས་ཀ་བརྟན་པོའི་ངང་འཕར་ཡོད། “གོ་རིམ་རྗེས་མར་རྒྱལ་ཁབ་ཀྱི་གློག་ཤུགས་མ་རྐང་མཚོ་སྔོན་ཞིང་ཆེན་གྱི་ཐོན་ལས་ཁྱད་སྟོབས་ལ་བརྟེན་ནས། ང་ཚོས་ཕྱོགས་བསྡུས་རིག་ལྡན་ནུས་རྒྱུ་དང་ནུས་རྒྱུ་གཙང་མ་ཚབ་བྱེད་སོགས་ཐོན་ལས་གསར་པ་དང་། ལས་སྒོ་གསར་པ། བྱེད་སྟངས་གསར་པ་བཅས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།

གྲོང་གསེབ་དར་སྤེལ་གཏོང་བའི་བགྲོད་ལམ་སྟེང་འབད་འཐབ་པ་བྱེད་དགོས།

“ཀྲེ་ཅང་གི‘སྡེ་བ་སྟོང་ལ་དཔེ་སྟོན་པ་དང་སྡེ་བ་ཁྲི་དག་ཐེར་ལེགས་བཅོས་བྱེད་པའི་བཟོ་སྐྲུན’གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། ལས་དོན་ཆུང་ངུར་དམིགས་ཏེ་འབད་འབུངས་ལྷོད་མེད་བྱེད་དགོས།”

གྲོང་གསེབ་དར་སྤེལ་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གལ་ཆེའི་ཞིབ་འཇུག་བྱ་གཞི་ཞིག་ཡིན།

ཉེ་བའི་ལོ་འགའི་རིང་ལ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཐན་ཅ་ཀྲའེ་གྲོང་རྡལ་གྱིས“ས་ཁུལ་གཅིག་རུ་གཉིས་རྒྱུད་གཅིག་ར་བ་གསུམ”འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ཏེ། ཟས་གོས་འགྲོ་སྡོད་དང་ལས་རིགས་སློབ་གསོ། སྨན་བཅོས་འགན་སྲུང་སོགས་མང་ཚོགས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་། དངོས་ཡོད་ཀྱི་གནད་དོན་ལ་དམིགས་ཏེ་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཆེད་དོན་བྱ་སྤྱོད་གོ་སྐབས་སུ་བྱས་ནས། མང་ཚོགས་ཀྱི“གནད་དོན་གསལ་ཐོ”དེ“ཕན་འབྲས་གསལ་ཐོར”སྒྱུར་བ་དང་།“དགོས་མཁོའི་གསལ་ཐོ”དེ“ཡིད་ཚིམ་པའི་གསལ་ཐོར”སྒྱུར་གང་ཐུབ་བྱས་ཡོད། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཐན་ཅ་ཀྲའེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་མཱ་ཧའེ་ཡོན་གྱིས་བཤད་རྒྱུར།“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟོག་ཞིབ་གནང་སྐབས།‘ཐོན་ལས་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་ཐད་མང་ཚོགས་ཀྱིས་ཚུར་སྣང་དྲག་པོ་བྱུང་བ་དང་། མང་ཚོགས་ཀྱིས་འཛིན་ཐུབ་པ། ལོ་ཁ་ཤས་ནང་ཕན་འབྲས་ཐོན་ཐུབ་པ་བཅས་ཀྱི་བྱ་བ་འགའ’ལ་དམིགས་དགོས་པ་དང་། བགྲོད་ལམ་འདིའི་སྟེང་ང་ཚོ་བསྐྱོད་པ་འགྲིག་ཡོད་ཅེས་གསུངས། ཁོས“གོ་རིམ་རྗེས་མར་ཐེན་ཅ་ཀྲའེ་གྲོང་རྡལ་གྱིས་མི་འགྱང་བར་སྤེལ་གྲབས་ཡོད་པའི་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། དོན་དངོས་རེ་རེར་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་བསྐྲུན་རྒྱུ་ཡིན”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་ཡོད།” ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་མའོ་ཀུག་ནའོ་སྡེ་བའི་སྡེ་མི་ལིས་ཁྲང་ཀུན་གྱིས་བཤད་རྒྱུར། ད་ལྟ་མའོ་ཀུག་ནའོ་སྡེ་བས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ལག་བསྟར་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་བརྟན་དུ་བཏང་བ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་ཆེར་བཏང་ཡོད། “རྨང་གཞི་ཡག་པོ་བཏིང་ཚེ། མ་འོངས་པར་སྡེ་བའི་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་ཇེ་བཟང་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཟེར།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་འབད་འབུངས་ཡར་བརྩོན་དང་དངོས་སྒྲུབ་དངོས་གཉེར་གྱི་བྱ་སྤྱོད་དངོས་སུ་འགྱུར་བར་བྱེད་དགོས།” མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཧ་ལ་ཀྲི་ཀུག་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཙང་རིན་ཧྲང་གིས་བཤད་རྒྱུར། གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བ་ལག་ལེན་བསྟར་མཁན་དང་། སྐུལ་འདེད་གཏོང་མཁན། འཛུགས་སྐྲུན་པ་བཅས་ཡིན་པའི་ཆ་ནས། དར་རྒྱས་གཏོང་བའི་དམིགས་འབེན་ལས་འགན་ལྔ་ལ་དམིགས་ཏེ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱེད་པ་དང་། ཁྱད་ལྡན་སྔོ་ཚལ་འདེབས་འཛུགས་ཐོན་ལས་དེ་ཞིང་ལས་ཐོན་འཕར་དང་ཞིང་པའི་ཡོང་འབབ་འཕར་སྣོན་གྱི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ།“ཚོན་མདོག་རྣམ་པར་བཀྲ་བའི་ཞིང་ལས”སྤུས་རྟགས་བསྐྲུན་པའི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གཏོང་བའི་ཁྲོད་གྲུབ་འབྲས་ཏན་ཏིག་ཐོབ་རྒྱུར་འབད་བརྩོན་བྱེད་དགོས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་ང་ལ་སློབ་གསོ་ཟབ་མོ་ཐེབས་པ་མ་ཟད་སེམས་ཤུགས་ཀྱང་འཕེལ་བྱུང་།” རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཏའོ་ལིན་གྲོང་རྡལ་ཙང་ལུང་ཀྲོང་སྡེ་བའི་ཧྲུའུ་ཅི་དང་པོ་ཡཱང་ཞའོ་ཧྥན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། དེ་མིན་སྤེལ་གྲབས་ཡོད་པའི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཐོན་ལས་དར་སྤེལ་ཏེ་སྡེ་སྡོད་བྱ་བ་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་ཐད་ཀྲེ་ཅང་གི“སྡེ་བ་སྟོང་ལ་དཔེ་སྟོན་པ་དང་སྡེ་བ་ཁྲི་དག་ཐེར་ལེགས་བཅོས་བྱེད་པའི་བཟོ་སྐྲུན’གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། ལས་དོན་ཆུང་ངུར་དམིགས་ཏེ་འབད་འབུངས་ལྷོད་མེད་བྱེད་དགོས་ལ།”སྡེ་བ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།