གྲོན་ཆུང་བབ་ཆགས་བྱས་ནས་བག་མེད་ལོངས་སྤྱོད་གཏན་འགོག་བྱེད་དགོས།
2023.08.08 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 1

མིག་སྔར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏང་ཡོངས་སུ་གཏིང་ཟབ་སྒོས་སྤེལ་བཞིན་ཡོད་པས། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་སློབ་གསོར་ཕན་འབྲས་ཐོན་མིན་ལ་ལྟ་སྐབས། ཏང་སྲོལ་ལ་གནས་པའི་གནད་དོན་ཐག་གཅོད་ཐུབ་མིན་དང་། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཡར་རྒྱས་མངོན་གསལ་དོད་པོ་བྱུང་མིན་ལ་ལྟ་བ་ནི་ཆེས་ཐད་ཀའི་མྱོང་ཚོར་ཆེ་ཤོས་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས། གྲོན་ཆུང་བབ་ཆགས་ཀྱི་སྤྱོད་ཚུལ་འཇགས་པར་བྱས་ཏེ། འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་དག་ཐེར་ལ་ཞིབ་ལྟ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་རིགས་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་བྱས་ཏེ། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱི་ཆུ་རགས་ཇེ་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་ཡོད།

གྲོན་ཆུང་བབ་ཆགས་བྱས་ནས་བག་མེད་ལོངས་སྤྱོད་གཏན་འགོག་བྱེད་པ་ནི། ང་ཚོའི་ཏང་གི་ཁྱིམ་རྒྱུད་ནོར་བུ་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པ་ནས་འགོ་བཙུགས་ཏེ། “སྤྱོད་ཚུལ་བཞི” ཡོ་བསྲང་བྱེད་རྒྱུ་མུ་མཐུད་ཇེ་ཟབ་ཏུ་བཏང་སྟེ། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ་དང་།  སྔ་ས་དང་ཆུང་ས་ནས་དམ་འཛིན། རྐྱེན་རྩ་ཆུང་ངུ་ནས་བཟློག་པ་བཅས་བྱས་པས། “ཆུད་ཟོས”དང“རྒྱས་སྤྲོས”“འདུ་ཚོགས་ཀྱི་སྤྱོད་ངན”སོགས་ཏང་དང་སྲིད་གཞུང་གི་སྣང་བརྙན་ལ་གནོད་པ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བར་ཤུགས་རྐྱེན་བཟོ་བའི་སྤྱོད་ཚུལ་གྱི་གནད་དོན་རབ་དང་རིམ་པར་ཡོ་བསྲང་ནུས་ལྡན་བྱེད་ཐུབ་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ནང་“ངེས་པར་དུ་བྱེད་དགོས་པ་གསུམ”གྱི་འབོད་སྐུལ་ཆེན་པོ་བྱས་པར། གཅིག་ནི་ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་དགོས་ཞེས་པ་རེད། དུས་རབས་འཕེལ་རྒྱས་ཇི་ལྟར་ཕྱིན་རུང་། དངོས་པོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཇི་འདྲར་ཕྱིན་ཡང་། གང་ལྟར་དཀའ་སྤྱད་འབད་འཐབ་དང་ཧུར་བརྩོན་གྲོན་ཆུང་གི་སྙིང་སྟོབས་བརླག་མི་ཉན་ལ་འགྱུར་ཡང་མི་ཉན།

གཅིག་སྡུད་སློབ་གསོ་བརྒྱུད་ཏང་ཡོངས་སུ་རང་ངོས་གསར་བརྗེ་ཡི་སྙིང་སྟོབས་ལ་བརྟེན་ནས་ཏང་སྲོལ་སྐོར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་རེད། འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་ནི་ཀུན་སྤྱོད་ཀྱི་གནད་དོན་རེད་ལ། ཏང་གཤིས་ཀྱི་གནད་དོན་དང་སྒྲིག་ཁྲིམས་ཀྱི་གནད་དོན་ཡང་རེད། མིག་སྔར་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དེ་འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་དག་ཐེར་ལ་ཞིབ་ལྟ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ཏེ། ངེས་པར་དུ་དམིགས་ཚད་དང་གནད་དོན་ཕྱོགས་སྟོན་དུ་འཛིན་པ་ཟུང་འབྲེལ་དང་། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ཕན་ཚུན་འབྲེལ་མཐུད་རྒྱུན་འཁྱོངས་ཀྱིས་ཏང་སྲོལ་ཚད་གཞིར་བཟུང་ནས་བར་ཁྱད་འཚོལ་བ་དང་། ཏང་གཤིས་བླང་བྱ་ཚད་གཞིར་བཟུང་ནས་རྩ་བ་འཚོལ་བ། ཏང་གི་སྒྲིག་ཁྲིམས་བླང་བྱར་གཞིགས་ནས་བྱེད་ཐབས་གསལ་བོ་བཟོ་བ་བཅས་བྱེད་དགོས། “དཀའ་ལས་སྔོན་ལ་བརྒྱབ་ན་སྐྱིད་པོ་རྗེས་ལ་ཡོང་བ”ནི་ཏང་གི་སྒྲིག་ཡིག་ནང་གཏན་འཁེལ་བྱས་པའི་ཏང་ཡོན་གྱི་འོས་འགན་ཡིན་པ་དང་།“སྤྲོས་མེད་སྤྱོད་མཁས”ནི《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་གྱི་ཚད་གཞིའི》ནང་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། ཀྲུང་དབྱང་གི་གཏན་འཁེལ་དོན་ཚན་བརྒྱད་ནི་ཡུན་རིང་གོ་ཆོད་ཀྱི་སྒྲིག་ཁྲིམས་ནན་མོ་ཞིག་ཡིན་པས། རྒྱ་ཆེའི་ཏང་ཡོན་ཡོངས་ཀྱིས་སེམས་ལ་སྐྲག་ས་ཡོད་པ་དང་། སྐད་ཆར་འཛེམ་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་བྱས་ཏེ། བློ་གཅིག་སེམས་གཅིག་གིས་ཐུན་མོང་གི་ཆེད་དུ་བསམ་བློ་གཏོང་བ་དང་། ཁྲེལ་གཞུང་ཡོད་པ། གཞུང་དྲང་སྤྱོད་གཙང་བཅས་ཀྱི་མི་ཞིག་བྱེད་དགོས།

ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ། འཚོ་བའི་སྤྱོད་ཚུལ་གྱི་གནད་དོན་དག་ཐེར་ལ་ཞིབ་ལྟ་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ནས་རང་ཉིད་དེར་ཞུགས་པ་དང་བསམ་བློ་དེར་བཞག་ནས་སྤྱོད་ཚུལ་སྐོར་གྱི་སྐྱོན་ཆ་དང་བྱ་སྤྱོད་ཐད་ཀྱི་མི་འདང་སར་གྲལ་བཤེར་ཆེན་པོ་དང་། ཞིབ་བཤེར་ཆེན་པོ། གཙང་སེལ་ཆེན་པོ་བཅས་ཐེངས་རེ་བྱས་ཏེ། རང་ལ་འཚོ་བའི་ཐད་བག་མེད་ལོངས་སྤྱོད་དང་། རྒྱས་སྤྲོས་སྐྱིད་འདོད། མ་རབས་ཐ་ཤལ་སོགས་ཀྱི་གནད་དོན་ཡོད་མེད་རང་འགུལ་ངང་བཙལ་ནས། རང་ངོས་ཀྱི་མི་འདང་བའི་ཆར་དག་བཅོས་བྱེད་ཕོད་པར་བྱས་ཏེ། འཚོ་བའི་སྤྱོད་ཚུལ་གཞུང་དྲང་སྤྱོད་གཙང་དང་། ཁྲེལ་གཞུང་ཡོད་པའི་སྒོ་ནས་གུང་ཁྲན་ཏང་མིའི་ཡ་རབས་གཞུང་བཟང་དང་མི་གཤིས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མང་ཚོགས་ལ་ཤུགས་རྐྱེན་ཐེབས་པ་དང་སྐུལ་ཁྲིད་བྱེད་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།