སློབ་སྦྱོང་ཟབ་མོ་དང་གོ་བ་ཞིབ་མོ་ལེན་པ་དང་། དངོས་སྒྲུབ་ལག་བསྟར་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་མིང་བྱང་སྔར་ལས་མཛེས་པར་བྱེད་དགོས།
2023.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

--མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་སྐྲུན་པའི་ཁྲོད་བརྗོད་དོན་སློབ་གསོའི་ཕན་འབྲས་མངོན་པར་ཐོན་དགོས།

ཟླ་བརྒྱད་པར་མཚོ་སྔོན་གྱི་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་འབུམ་བདུན་དང་ཁྲི་གཉིས་ཀྱི་ཡངས་པའི་ས་གཞིའི་སྟེང་སྐྱེ་དངོས་སྣ་ཚོགས་ཀྱིས་རང་གིས་མཛེས་པ་མངོན་པ་དང་ག་ས་གང་དུ་སྔོ་ལྗང་གིས་ཁེངས་འདུག ཚོད་ལྟའི་ས་ཚིགས་ཐོག་མ་དང་ཆེས་ཐོག་མར་གླིང་ཁུལ་འཛུགས་པར་ཆོག་མཆན་ཐོབ་པའི་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བའི་བར། དེ་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་པ་བརྟན་པོ་སྤོ་བའི་བར་མཚོ་སྔོན་གྱིས་མཐོ་སྒང་གི་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་མགྱོགས་མྱུར་སྒོས་སྐྲུན་བཞིན་ཡོད།

རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་ཆེན་ཞིག་ཡིན་པའི་ངོས་ནས་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་གྱིས“བསམ་བློར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པའི”སྤྱིའི་བླང་བྱ་ལྟར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བའི་ལས་འགན་སོ་སོར་སྦྲེལ་མཐུད་བྱས་ནས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་པ་དང་། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་།

རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱིས་སློབ་སྦྱོང་ཟབ་མོ་དང་གོ་བ་གསལ་བོ་ལེན་རྒྱུ་དམ་འཛིན་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་།

རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་ནི་མིག་སྔར་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་ཤོས་དང་། མཚོ་འཕང་ཆེས་མཐོ་ཤོས། སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་སྤྱི་གླིང་ཞིག་རེད། མཚོ་སྔོན་གྱིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ཏེ། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་ལ་སྲུང་སྐྱོབ་དང་“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་བྱ་རྒྱུ་དེ་འདོར་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་དགོས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་མོའི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་། སློབ་སྦྱོང་གི་བྱེད་ཐབས་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་དང་གཞུང་ལུགས་ཀྱི་དྲག་ཆས་ལ་ཤུགས་སྣོན་པ། གཞུང་ལུགས་སློབ་སྦྱོང་རྒྱུན་འཁྱོངས་དང་ཏང་གཤིས་སྟེང་འབད་བརྩོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། མ་རྩོམ་གྱི་དགོངས་དོན་རྟོགས་པར་བྱས་ནས་གང་ཞིག་སྒྲུབ་ན་དེ་སློབ་པ་དང་། གང་ཞིག་ཆད་ན་དེ་ཁ་གསབ་བྱེད་པ། སློབ་དགོས་པ་ངེས་པར་དུ་སློབ་པ་དང་། སློབ་སྦྱོང་ཟབ་མོ་དང་གོ་བ་གསལ་བོ་ལེན་དགོས།

དཔེ་ཀློག་འཛིན་གྲྭ་དང་། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”བརྗོད་དོན་ཏང་གི་ཉིན་མོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གཅིག་བསྡུས་སྒོས་སློབ་སྦྱོང་དང་ཞིབ་བསྡུར་བརྗེ་རེས་བྱས་ཏེ། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་སྦྱོང་དང་། ཆེད་མཁས་པས་ཟུར་ཁྲིད། ཆེད་དོན་ཞིབ་འཇུག་སློབ་སྦྱོང་། སློབ་ཁྲིད་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད། མི་སྒེར་གྱིས་ལེགས་པོར་སློབ་པའི“སློབ་སྦྱོང་ལྔ་ཁྱབ་གདལ”དུ་བཏང་ནས། མ་ཡིག་དང་མ་རྩོམ་ལ་མ་ལག་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། གཅིག་བསྡུས་ཀྱིས་ཀློག་ནས་གཙོ་གནད་སློབ་པ། ཆེད་དོན་ཞིབ་བསྡུར་གྱིས་སློབ་པ། དྲ་ངོས་དང་ཡུལ་དངོས་གཉིས་ནས་སློབ་པ་ཟུང་འབྲེལ་བྱེད་པའི“སློབ་པ་བཞི་མཉམ་འགུལ”གྱི་རྣམ་པ་ཞིག་ཆགས་པར་བྱས་པ་དང་། ཏང་ཡོན་ལས་བྱེད་པས་མུ་མཐུད་དུ་བསམ་བློ་མང་པོ་གཏོང་བར་ཁྲིད་སྟོན་བྱས་ཏེ། དོན་དངོས་སྟེང་ རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སློབ་སྦྱོང་གི་ཁྲོད་དུ་འབད་འབུངས་སྟོབས་ཤུགས་བསྡུ་ལེན་བྱས་ནས་བརྗོད་དོན་སློབ་གསོའི་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་ལས་སྐྲུན་གྱི་སྟོབས་ཤུགས་སུ་བསྒྱུར་ཏེ། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་བླངས་ཡོད། ད་ལོ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་བྱ་བའི་བླང་བྱར་དམིགས་ཏེ། སྒྲིག་སྲོལ་ལམ་ལུགས་ལེགས་པར་བཟོས་ནས་ཚན་རིག་ལྟར《རྨ་འབྲི་རྫ་གསུམ་ཆུབོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད》སྒྲིག་བཟོ་བྱས་ཚར་བ་དང་། དེས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལམ་ཐིག་རེའུ་མིག་དང་ཨར་ལས་དཔེ་དབྱིབས། ལས་འགན་ཡི་གེ་བཅས་མྱུར་མོར་ལས་པར་སྐུལ་འདེད་བཏང་ཡོད།

མདོ་ལ་རི་བོ་ས་ཁུལ་གྱིས་དངོས་སྒྲུབ་ཀྱི་བྱ་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་བྱ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ལ་སྐུལ་འདེད་བཏང་།

བརྟག་དཔྱད་ཞིབ་འཇུག་ནི་བྱ་བ་སྒྲུབ་པའི་རྨང་གཞི་དང་བྱ་བ་འགྲུབ་པའི་ཐབས་ལམ་ཡིན། བརྗོད་དོན་སློབ་གསོའི་ཁྲོད་བརྟག་དཔྱད་ཞིབ་འཇུག་ཆེན་མོ་བྱེད་དགོས་པར་མ་ཟད་བརྟག་དཔྱད་ཞིབ་འཇུག་བྱེད་མཁས་པོ་བྱས་ནས་སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་གིས་བརྗོད་དོན་སློབ་གསོ་ཟབ་མོར་སྤེལ་བ་དང་དོན་ངོ་མས་སྒྲུབ་པར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་གྱི་གྲས་ཤིག་ཡིན་པ་དང་། དུས་དང་རྣམ་པ་ཀུན་ཏུ“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་པ་དང་། “མཐོ་ས་ཆེན་པོ་གསུམ”གྱི་ལག་ལེན་ལམ་བུ་འཚོལ་ཞིབ་ཟབ་མོ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་ཆེད“མདོ་ལ་རི་བོའི་ཉམས་མྱོང”འཚོལ་ཞིབ་བྱས་ཡོད།

ད་ལོ་ནི་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གླིང་ཁུལ་སྐྲུན་པའི་གྲ་སྒྲིག་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་འགག་གི་ལོ་ཞིག་རེད། བརྗོད་དོན་སློབ་གསོར་སྐུལ་འདེད་ཟབ་མོ་གཏོང་བའི་ཁྲོད་ཆུ་ཚད་མཐོ་བའི་གླིང་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་སོ་སོར་སྐུལ་འདེད་བཏང་སྟེ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་དམ་འཛིན་ཞིབ་ཚགས་བྱས་པ་དང་། གཙོ་གནད་བྱེད་ཐབས་དྲུག་ལ་མཉམ་དུ་སྐུལ་འདེད་བཏང་ཐོག་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་ལྡན་དང་བཀོད་སྒྲིག་ཞིབ་ཚགས་ཡོང་བ་བྱས་ཡོད་པ་དང་། སློབ་སྦྱོང་སློབ་གསོ་དེ་གསོན་ཉམས་དོད་ལ་སེམས་ནང་དུ་ཟུག་པ་ཞིག་དང་། བརྗོད་དོན་སློབ་གསོར་མུ་མཐུད་དུ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།

དགོས་མཁོ་འདྲི་བ་དང་། བསམ་ཚུལ་བཤད་པ། བྱེད་ཐབས་གླེང་བ་བཅས་བྱས་ནས་ཁུལ་དང་རྫོང་རིམ་པ་དང་པོའི་དོ་དམ་སྡེ་ཁག་གིས་གླིང་ཁུལ་འཛུགས་པའི་བྱ་བའི་ཁྲོད་འཕྲད་པའི་གནད་དོན་དང་འགལ་བ་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ཏེ། ཕྱོགས་སོ་སོའི་གནས་ཚུལ་མཐིལ་རྟོགས་དང་། གནད་དོན་ཡང་དག་པའི་སྒོ་ནས་འཚོལ་བ། ཐག་གཅོད་བྱེད་ཐབས་བཟོ་བ་བཅས་བྱས་ནས་འགལ་བ་དང་གནད་དོན་འཐབ་ཕྱོགས་དང་པོ་རུ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

ད་ལྟ་ཚོད་ལྟའི་ཁུལ་གྱི་ནགས་རར་བརྟེན་ནས་དོ་དམ་སྲུང་སྐྱོང་ལྟེ་གནས9དང་དོ་དམ་སྲུང་སྐྱོང་ས་ཚིགས40བཙུགས་པ་དང་། གཅིག་བསྡུས་གཅིག་གྱུར་གྱི་ཕན་འབྲས་མཐོ་བའི་སྲུང་སྐྱོབ་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བ་དང་། སྲུང་སྐྱོབ་དོ་དམ་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཞིང་། རྒྱལ་ཁབ་སྤྱི་གླིང་གི་སྤུས་རྟགས་སྣང་བརྙན་ཉིན་རེར་མངོན་བཞིན་ཡོད།

ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”ལ་དམིགས་ནས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ཡིས་བརྗོད་དོན་སློབ་གསོ་དང་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ཟུང་འབྲེལ་དམ་པོ་བྱས་ཏེ། ལྟེ་བའི་བྱ་བ་དང་ལོ་རེའི་དམིགས་འབེན་ལས་འགན་ལ་རྐང་བཙུགས་པ་དང་། “སྐྱེ་ཁམས་སྲུང་སྐྱོབ་དང་། སྐྱེ་ཁམས་ཚན་རིག་ཞིབ་འཇུག སྐྱེ་ཁམས་རིག་གནས”ཀྱི་མཐོ་ས་ཆེན་པོ་གསུམ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོའི་ཕན་འབྲས་དེ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གླིང་ཁུལ་འཛུགས་སྐྲུན་གྱི་བྱ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལག་ལེན་སྟེང་མངོན་པར་སྐུལ་འདེད་གཏོང་རྒྱུ་རེད།

མཚོ་སྔོན་པོ་ས་ཁུལ་གྱིས་སློབ་སྦྱོང་ལ་བརྟེན་ནས་བྱ་བར་ཡར་སྐུལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་གསར་གཏོད་བྱ་བར་འཕེལ་རིམ་བཟང་པོ་འབྱུང་བར་སྐུལ་འདེད་བཏང་།

རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་དཔེ་སྟོན་ཁུལ་སྐྲུན་པའི་འཐབ་ཇུས་གོ་སྐབས་གཅིག་ཐོག་གཅིག་བརྩེགས་ཀྱི་དུས་སུ་སླེབས་པའི་སྐབས་འདིར། སྐྱེ་ཁམས་སྲུང་སྐྱོབ་དམིགས་འབེན་ཡིན་པ་དང་། བར་སྟོང་གི་འཆར་འགོད་གཙོ་གཞི་ཡིན་པ། ཆེད་ལས་འཆར་འགོད་ཀྱི་འདེགས་སྐྱོར་བྱེད་པ། གསར་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་འབད་བརྩོན་ཆེན་པོས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“མིག་ཟུང་”ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས།

བརྗོད་དོན་སློབ་གསོ་གཏིང་ཟབ་དང་དོན་དངོས་ཀྱི་སྒྲུབ་པར་སྐུལ་འདེད་གཏོང་བའི་འགན་འཁྲི་གཙོ་བོ་དང་ལས་ཀ་གཙོ་བོ་སྔར་ལས་ལྷག་པར་དངོས་འབེབ་བྱེད་དགོས། མཚོ་སྔོན་པོ་ཡུལ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་གནས་མཐོ་ས་ནས་ལངས་ཏེ་འཆར་འགོད་དང་ཞིབ་ཚགས་ཅན་གྱི་རྩ་འཛུགས། མ་ལག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པའི་ཁྲོད་ཁ་ཕྱོགས་གཏན་འཁེལ་དང་། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱེད་པའི་ཁྲོད་དཀའ་གནད་སེལ་བ་དང་། གཅིག་གྱུར་སྲུང་སྐྱོབ་འཕེལ་རྒྱས་ཁྲོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་མཚོན་ན། ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱ་བ་དང་ཚན་རིག་ལྟར་ཁྱབ་ཁོངས་ཀྱི་ཡན་ལག་ཁུལ་བགོ་བ་ནི་དེང་སྐབས་ཀྱི་བྱ་བ་གཙོ་བོ་ཁྲོད་ཀྱི་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་ཚེ། ད་གཟོད་ཚན་རིག་ལྟར་ཁྱབ་ཁོངས་ཡན་ལག་ཁུལ་བགོ་ཆོག་པ་དང་། དེ་གཉིས་གཅིག་ལ་གཅིག་བརྟེན་ཡིན་པ་དང་། འདི་ཡང་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་རྨང་གཞིའི་བྱ་བ་གལ་ཆེན་ཞིག་ཡིན་པ་རེད། ད་ལྟ་དུས་ཡུན་ལོ་གཅིག་རིང་གི་ཚན་རིག་རྟོག་ཞིབ་བྱ་བ་ཕྱོགས་ཡོངས་ནས་སྤེལ་བ་དང་། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་ཕྱོགས་བཅུ་གཉིས་ཐད་ཀྱི་ཚན་རིག་རྟོག་ཞིབ་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད། ཚན་རིག་ལྟར་ཁྱབ་ཁོངས་ཡན་ལག་ཁུལ་གྱི་དབྱེ་མཚམས་འབྱེད་པ་དང་། འགལ་བ་དང་གདོང་ཐུག་གོ་རིམ་ལྡན་པའི་ངང་འདུམ་འགྲིག་བྱེད་པ། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་སོགས་རྒྱ་ཆེར་སྤེལ་བའི་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་ཁྲོད། ཆེས་ཐོག་མར་སྒྲིག་བཟོ་བྱས་པའི《མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དང་ཡན་ལག་ཁུལ་གྱི་རིགས་པས་ཁུངས་སྐྱེལ་སྙན་ཞུ》ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་ཡར་ཞུའི་ཁྱབ་ཁོངས་དང་ཡན་ལག་ཁུལ་གྱི་དབྱེ་འབྱེད་ལ་རྨང་གཞི་བརྟན་པོ་བཏིངས་ཡོད།

རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་སྟེང་རང་འགུལ་ངང་བྱས་རྗེས་འཇོག་དགོས། ད་ལོ་ནས་བཟུང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་སྐྲུན་པའི་སྐབས་སུ་མཚོ་སྔོན་པོ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་མཐུན་སྦྱོར་ལྟ་སྐུལ་མཛུབ་སྟོན་ཅུའུ་དང་། གུང་ཧོ་དང་། རྐང་ཚ། ཧའེ་ཡན་བཅས་སུ་དོ་དམ་ཡན་ལག་ཁང་གསུམ་བཙུགས་པར་མ་ཟད། སྒོ་བྱང་བཀལ་ནས་སྲུང་སྐྱོབ་ས་ཚིགས་དྲུག་འཁོར་སྐྱོད་བྱས་པ་དང་། ཅུའུ་དང་ས་གནས་མཉམ་འབྲེལ་དང་། སྲིད་འཛིན་དང་ཉེས་ཁྲིམས་གཞི་གཅིག་ལ་འབྲེལ་མཐུད་བྱེད་པ། ཁྲིམས་འཛིན་མཉམ་ལས་སོགས་ཀྱི་ལས་ཀའི་རྐྱེན་སྲོལ་མཐུན་སྦྱོར་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་དང་འཚམ་པའི་དོ་དམ་སྒྲིག་སྲོལ་ཐོག་མ་ཞིག་གྲུབ་ཡོད།

བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་དེ་མཚོ་སྔོན་པོའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་རྐྱེན་སྲོལ་དང་སྐྱེ་དངོས་སྣ་མང་རང་བཞིན་ལྟ་ཞིབ་ཚད་ལེན་སོགས་ཕྱོགས་ལྔའི་གཙོ་གནད་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱས་ཏེ།“བརྟག་དཔྱད་ལས་གཞི་གཅིག་དང་། བྱ་བའི་ཆེད་དོན་འཛིན་གྲྭ་གཅིག བརྟག་དཔྱད་འཆར་གཞི་གཅིག གནད་དོན་གསལ་ཐོ་གཅིག བརྟག་དཔྱད་སྙན་ཞུ་གཅིག” “གཅིག་ཅན་ལྔ”ཡི་བྱ་བའི་རྐྱེན་སྲོལ་བཅས་ལག་བསྟར་བྱས་ནས“བརྟག་དཔྱད་ཞིབ་འཇུག་དང་གྲུབ་འབྲས་དངོས་སྒྱུར”གྱི་རྩིས་ཐོ་གཉིས་བཟོས་ཏེ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། མིག་སྔའི་བར་གལ་ཆེའི་ཞིབ་འཇུག་བྱ་གཞི་ཚང་མས་བརྟག་དཔྱད་ཡར་ཞུ་བྱས་ཡོད་པ་དང་། ཞིབ་འཇུག་གི་གྲུབ་འབྲས་མང་པོ་གྲུབ་ཡོད།

བརྗོད་དོན་སློབ་གསོ་གཏིང་ཟབ་སྒོས་སྤེལ་བ་དང་། གོ་བ་ཟབ་མོ་ལོན་པ། རྣམ་པ་གཞན་སྒྱུར་བཅས་ཀྱི་སྟེང་མུ་མཐུད་ཤུགས་བརྒྱབ་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱིས་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་གྱིས་འཛུགས་སྐྲུན་རིགས་དབྱེ་ཚན་རིག་དང་མཐུན་པ་དང་། བཀོད་སྒྲིག་ལུགས་དང་མཐུན་པ། སྲུང་སྐྱོབ་ནུས་ལྡན། དོ་དམ་ཕན་འབྲས་ལྡན་པ་བཅས་ཀྱི་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རི་སྔོ་ཆུ་དྭངས་ནི་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་ང་རྒྱལ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།