དངོས་འཛིན་དངོས་སྒྲུབ་ཀྱིས་སྤྱོད་ཚུལ་ཇེ་དྲག་ཏུ་གཏོང་བ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
2023.08.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

—ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ནན་ཏན་གྱིས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་བསྐྱེད)གྲོས་ཚོགས་སམ་ཡང་ན་ཁུལ་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་དེ་ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་བཅུད་དང་བརྗོད་བྱའི་སྙིང་བོར་གོ་བ་ཡང་དག་ལེན་པ་དང་། བསམ་བློ་དང་འགུལ་སྐྱོད་ཡོད་ཚད་ཚང་འཛམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་དངོས་གནས་གཅིག་གྱུར་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་བཅས་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་དུ་འཇུག་པ། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་སྒྲིག་གནང་བའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པ་ནན་གྱིས་བསྟན།

ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱ་བསྐྱེད)ཚོགས་འདུ་འཚོགས་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱ་བར་དམ་འཛིན་ནན་མོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཟི་ལིང་གི་བྱ་བ་རིགས་སྣ་ཚོགས་ལ་མིག་དཔེ་བཟང་པོ་སྟོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཕྱོགས་ཡོངས་ནས་གཟབ་ནན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བསམ་བློའི་སྤྱོད་ཚུལ་དངོས་གནས་ལེགས་བཅོས་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དུས་རྒྱུན་གྱི་འཚོ་བ་དང་འདྲེས་པར་བྱེད་པ་དང་། རྒྱུན་དུ་དམ་འཛིན་བྱས་ཏེ། གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་དང་། བཅོས་སྐྱོང་དང་སྤྱོད་ཚུལ་གྱི་འབུར་ཐོན་གནད་དོན་ཆེད་དུ་བཅོས་སྐྱོང་ཟབ་མོ་བྱས་ནས། གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱ་དགོས། གཙོ་གནད་བྱ་བར་དམ་པོར་དམིགས་པ་དང་། དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་མཐའ་གཅིག་ཏུ་བྱས་ནས། སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པའི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གིས་བསྐྲུན་དགོས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གནས་བབ་དང་ལས་འགན་ཁོང་དུ་ཆུད་པ་དང་འགན་འཁྲི་ཡག་པོ་འཁུར་བ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལས་འགན་ཟི་ལིང་དུ་རྩ་བ་ཚུགས་པ་དང་རྩེ་མོ་རྒྱས་ནས་འབྲས་བུ་ཐོབ་པར་ཁག་ཐེག་བྱ་དགོས།

མཚོ་ཤར་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་དམིགས་ཚད་ལ་དམིགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་བཏོན་པ་དང་། ལོ་སྟོད་ཀྱི་བྱ་བར་དངོས་ཡོད་དང་མཐུན་པའི་ཕྱོགས་སྡོམ་དབྱེ་ཞིབ་བྱས་པ་དང་། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་པ། དམིགས་ཚད་བཀོད་གཏོང་དང་ལས་གཞི་འཛུགས་སྐྲུན། ཚོང་འགུགས་དངུལ་འདྲེན། ཉེན་ཁ་སྔོན་འགོག་སོགས་ཀྱི་བྱ་བར་དམ་འཛིན་ནན་ཏན་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་གྱི་དཔྱད་འཇོག་གནད་དོན་བཅོས་སྒྲིག་ཏན་ཏིག་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ཁྲིད་ཕྱོགས་བརྟན་པོ་བཙུགས་ནས་གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་མངོན་གསལ་ཡིན་པའི་གནད་དོན་གྱི་ཆེད་དོན་སློབ་གསོ་བཅོས་སྒྲིག་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་ཆ་ཚང་དེ“བྱ་བ་སྒྲུབ་འདོད་པའི”ཐོག་གཅིག་སྡུད་བྱེད་པ་དང་། འཇོན་ཐང་དེ“བྱ་བ་སྒྲུབ་ཤེས་པའི”ཐོག་མཚོན་པ། དམིགས་འབེན་དེ“བྱ་བ་འགྲུབ་པའི”ཐོག་གཏན་འཁེལ་བྱེད་པ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་ཤར་དུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་བསྐྱེད)གྲོས་ཚོགས་བསྡུས་ཏེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྒྲུབ་པའི་འདུ་ཤེས་ཇེ་དྲག་དང་སྒྲུབ་པའི་འགན་འཁྲི་གསལ་བོ། སྒྲུབ་པའི་བྱེད་ཐབས་གསར་གཏོད། སྒྲུབ་པའི་ནུས་པ་བསྟུད་མར་མཐོར་འདེགས་བཅས་གཏོང་དགོས། ནུས་ཤུགས་ཡོད་རྒུས་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་ལེགས་པོར་སྒྲུབ་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱར་ཞིབ་བསྡུར་བྱེད་པ། ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོར་དམིགས་པ། ཞན་ཆ་དང་གཉོམ་སར་གཅིག་བསྡུས་སྒོས་འགག་སྒྲོལ་བྱེད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་པ། མགོ་རྩོམ་ས་དང་རྐང་འཛུགས་ས་ཡང་དག་པར་འཚོལ་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་འགན་འཁྲི་སོ་སོ་ལེགས་འགྲུབ་འབྱུང་བར་ཧུར་ཐག་གིས་ཁག་ཐེག་བྱེད་དགོས། དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་གཙོ་གནད་འགན་འཁྲི་དོན་འཁྱོལ་ཡོང་བར་སྐུལ་སྤེལ་རྒྱུན་འཁྱོངས་བྱེད་པ་དང་། “སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ”བཅས་ཀྱི་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང་གི་བཀོད་སྒྲིག་ཞིབ་ཕྲ་དང་དངོས་ཡོད། བྱེ་བྲག་ཅན་བཅས་སུ་བསྒྱུར་ཏེ། བྱ་བ་སོ་སོའི་ཁྲོད་མཚོ་ནུབ་ཀྱི་ཐེག་ནུས་མངོན་པར་མཚོན་པ་དང་མཚོ་ནུབ་ཀྱི་བྱས་རྗེས་འཇོག་པར་འབད་བརྩོན་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུས་སྐབས་བཅུ་བཞི་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་བསྡུས་ཏེ། སློབ་སྦྱོང་དང་གོ་བ་ལེན་པ། ལག་ལེན་གཏིང་ཟབ་བཅས་བྱེད་པའི་ཁྲོད། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་འགྲན་སློང་གལ་ཆེན་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་འགྲན་སློང་དང་གོ་སྐབས་དམ་འཛིན་བྱེད་པ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་གཙོ་གནད་འགན་འཁྲི་སྔར་ལས་གསལ་པོར་སྟོན་པ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད་བཀག་རྐྱེན་ཐེབས་པའི་ངོས་འཛིན་མི་གསལ་བ་གཙང་སེལ་བྱེད་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཁག་ཁུར་དངོས་སྒྲུབ་བྱེད་པའི་སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས་ལ། བྱ་བའི་རིགས་ལམ་དང་བྱེད་ཐབས་རེ་རེ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། འབད་བརྩོན་གྱི་དམིགས་འབེན་རེ་རེ་དངོས་ཡོད་དུ་བསྒྱུར་བ། མང་ཚོགས་ཀྱི་རེ་སྒུག་ལ་ཨ་ལན་སྤྲོད་པ། དུས་རབས་ལ་རྒྱུགས་ལན་སྤྲོད་པ་བཅས་བྱས་ཏེ། མིག་མཐོང་ལག་ཟིན་གྱི་བྱ་བའི་གྲུབ་འབྲས་ལ་བརྟེན་ནས་མཚོ་ལྷོའི་མང་ཚོགས་ལ་དྲིན་ལན་འཇལ་བ་དང་། གུང་ཧོ་གཞོང་སའི་ཡུལ་གྲུ་ཀུན་སྐྱོན་བྲལ་ངང་དར་རྒྱས་འབྱུང་བར་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ཏེ། མི་དམངས་སྔར་ལས་སྐྱིད་པའི་མཛེས་སྡུག་གི་འཚོ་བ་གསར་པ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་བསྐྱེད)གྲོས་ཚོགས་བསྡུས་ཏེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས“དངོས”ཞེས་པ་གཙོ་བོར་འཛིན་པ་དང“སྒྲུབ”ཞེས་པ་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། ལོ་སྟོད་ཀྱི་བྱ་བ་ནན་ཏན་གྱིས་ཕྱོགས་སྡོམ་དབྱེ་ཞིབ་བྱས་པ་དང་། ལོ་སྨད་ཀྱི་བྱ་བར་ཞིབ་འཇུག་དང་འཆར་འགོད་བྱས་ཏེ། ལོ་ཧྲིལ་པོའི་དམིགས་འབེན་འགན་འཁྲི་སོ་སོ་དངོས་སྒྲུབ་ལ་བརྟེན་ནས་དངོས་འབྲས་ཐོན་པར་ཁག་ཐེག་བྱས། རྒྱུན་སྲིང་ལྷོད་མེད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་སླར་གསོ་བསྐྱར་དར་ཡོང་བ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གཡོ་འགུལ་སྤུ་ཙམ་མེད་པར་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། བདེ་འཇགས་མཚོ་བྱང་གི་འཛུགས་སྐྲུན་ཟབ་སྤེལ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི“ཡོད་པ་བཅུའི”བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཁུལ་ཡོངས་ཀྱི་གསར་བརྗེའི་ཐོན་ཁུངས་ཧུར་ཐག་གིས་ཧྲིལ་བསྡུས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོའི་ལག་ལེན་བྱ་འགུལ་རྒྱ་ཁྱབ་ཏུ་སྤེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་བསྐྱེད)གྲོས་ཚོགས་བསྡུས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། མཚོ་སྔོན་གྱི་འཕེལ་རྒྱས་ཐད་འཕྲད་པའི་འཐབ་ཇུས་ཁོར་ཡུག་དང་འཐབ་ཇུས་ལས་འགན། འཐབ་ཇུས་བླང་བྱ་དང་འཐབ་ཇུས་གོ་སྐབས་བཅས་ཀྱི་ཁྲོད་ནས། ཡུས་ཧྲུའུ་འཕེལ་རྒྱས་ཀྱི་གནས་མཚམས་ཡང་དག་པར་འཚོལ་དགོས། ལོ་རྒྱུས་ཀྱི་རྟོགས་སད་དང་ལོ་རྒྱུས་ཀྱི་ཁྱབ་བསྒྲགས་ཁྲོད་ནས། ཕུགས་འདུན་ཡིད་ཆེས་དང་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོར་གཏོང་བ་དང་། ནམ་ཡང་ལྷོད་པ་མེད་པའི་བསམ་པའི་རྣམ་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་བརྩོན་ཉམས་འགྱུར་ལ་བརྟེན་ནས། སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པར་བྱེད་དགོས། “ཁག་ཁུར་ལས་སྒྲུབ་དང་། བྱས་རྗེས་འཇོག་པ”ལྔ་དང་གཤིབ་བསྡུར་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སོ་སོར་སྐུལ་འདེད་ལེགས་པོ་གཏོང་དགོས། གཙང་སེལ་ཐད་ཀྱི་ངོས་འཛིན་བཞི་དང་འབྲེལ་བ་བཞིར་གོ་བ་ཡང་དག་བླངས་ཏེ། གོམས་སྲོལ་ངན་པར་ཉེས་ཆད་དྲག་པོ་གཅོད་པ་དང་སྤྱོད་ཚུལ་བཅོས་སྒྲིག་བྱེད་དགོས། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། གོང་མས་འོག་ལ་སྣེ་ཁྲིད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཕན་ཚུན་འགྲན་རྩོད་ཀྱི་ངང་ནས་ལས་སྒྲུབ་ལས་སྐྲུན་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས་པའི་བླང་བྱ་བཏོན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་བསྐྱེད)གྲོས་ཚོགས་བསྡུས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“སྒྲུབ་འདོད་པ་དང་སྒྲུབ་ཕོད་པ། སྒྲུབ་ཤེས་པ”ཡི་བསམ་བློའི་སྟོབས་ཤུགས་ལ་བརྟེན་ནས་སྔོན་ཐོན་གྱི་གནས་བབ་བརྩོན་ལེན་དང་། ལས་སྒྲུབ་ལས་སྐྲུན་བྱེད་པར་སྣེ་ཁྲིད་དང་སྐུལ་ལྕག་གཏོང་བ། དངོས་ཡོད་དང་ཟུང་འབྲེལ་བྱས་ནས་བྱ་བའི་གཙོ་གནད་དམ་པོར་འཛིན་པ་བྱེད་པ་དང་། སྔར་ལས་ལྷག་པར་རིགས་ལམ་དང་བྱེད་ཐབས་གསར་གཏོད་བྱེད་པ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་བསྒྱུར་བྱེད་པ། རྐྱེན་སྲོལ་འཁོར་སྐྱོད་འཐུས་ཚང་དུ་གཏོང་བ་བཅས་ཀྱིས། བརྟག་དཔྱད་ཞིབ་འཇུག་དང་དངོས་སྒྲུབ་ཀྱི་དར་སྲོལ་རྒྱ་ཆེར་སྤེལ་བ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དམངས་ཚིས་ལེགས་བཅོས་བྱེད་པ། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱི་སྟེང་ཁག་ཁུར་དངོས་སྒྲུབ་དང་ཐབས་སྒྲུབ་གཉིས་མཁས་བྱེད་དགོས། སྤྱོད་ཚུལ་བསྒྱུར་བ་དང་། “ངོས་འཛིན་མི་གསལ་བ་བཞི”མཐའ་གཅིག་ཏུ་གཙང་སེལ་དང་། “རྩོད་སྒྲུབ་ཀྱི་འབྲེལ་བ་བཞི”གསལ་བོ་བྱེད་པ། “སྒྱིད་ལུག་ལྷོད་དལ”མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། “སྤྱོད་ཚུལ་བཞི”མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ་བཅས་བྱས་ཏེ། སྒྲུབ་པའི་ཁྲིད་ཕྱོགས་ལེགས་བཅོས་དང་སྒྲུབ་པའི་སྒུལ་ཤུགས་ཇེ་དྲག སྒྲུབ་པའི་མཉམ་ཤུགས་ཆགས་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་བསྐྱེད)གྲོས་ཚོགས་བསྡུས་ཏེ། རྒྱུན་ཆད་མེད་པར་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་དགོས། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཟབ་སྤེལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་སྟེང་གསལ་པོར་བཏོན་པའི་དམིགས་འབེན་འགན་འཁྲི་སོ་སོར་དམིགས་པ། མགོ་རྩོམ་ས་དང་རྐང་འཛུགས་ས་གནད་ཁེལ་སྒོས་འཚོལ་བ་བཅས་བྱས་ཏེ། གྱོད་གཞི་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ཆེད་དམིགས་སློབ་གསོའི་དག་ཐེར་ལེགས་བཅོས་དང་། སྤྱོད་ཚུལ་གནད་དོན་གལ་ཆེན་གྱི་ཆེད་དམིགས་དག་ཐེར་ལེགས་བཅོས་གཟབ་ནན་དུ་སྤེལ་དགོས། གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། གཞི་རིམ་ཏང་འཛུགས་སྐྲུན་གྱི་བྱ་བའི་ཆུ་ཚད་བསྟུད་མར་མཐོར་འདེགས་གཏོང་དགོས། ལག་ལེན་དོན་འཁྱོལ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། ལོ་ཧྲིལ་པོའི་དམིགས་འབེན་འགན་འཁྲི་སོ་སོ་དང་ཚད་བསྡུར་བྱེད་པ། ལོ་སྨད་ཀྱི་བྱ་བ་སོ་སོར་ཞིབ་འཇུག་དང་འཆར་འགོད་ནན་མོ་བྱས་ཏེ། ལས་འགན་ཡི་གེ་དང་ལམ་ཐིག་རི་མོ་འགོད་དགོས། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཀྱི་བསམ་འཆར་བསྡུ་ལེན་ལ་དམ་པོར་དམིགས་ཏེ། དག་ཐེར་ལེགས་བཅོས་བྱ་བ་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱེད་དགོས་པའི་བླང་བྱ་བཏོན།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།