སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ལམ་སྟོན་པ་ཡིན།
2023.08.28 ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས། 24

ཁྱིམ་ཚང་གཅིག་ལ་སྣེ་ཁྲིད་པ་ཡག་པོ་ཞིག་དགོས་ལ། རྒྱལ་ཁབ་དང་མི་རིགས་ཤིག་ལ་ཡང་སྣེ་ཁྲིད་པ་ཡག་པོ་ཞིག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཡོངས་མདུན་སྐྱོད་བྱེད་པའི་ལམ་བུའི་སྟེང་གི་དེད་དཔོན་ཡིན་ལ། མི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ལམ་སྟོན་པ་ཡང་ཡིན།

“མཛེས་སྡུག་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་དེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་གཅིག་སེམས་གཅིག་ཏུ་འབྲེལ་བ་དང་ལས་དོན་མཐའ་དག་རྒྱལ་ཡོངས་མི་དམངས་ཀྱིས་སྔར་ལས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པ་དང་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཆེད་དུ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་མི་རིགས་ཚང་མ་དབུལ་པོ་ལས་ཐར་ནས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་བརྒྱབ་ནས། འཛམ་གླིང་ཡོངས་སུ་དབུལ་ཐར་གྱི་ལོ་རྒྱུས་ངོ་མཚར་བཏོད་དེ་རྒྱལ་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་བྱེ་བ་དགུ་དང་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ཚང་མ་དབུལ་བོ་ལས་ཐར་ཐུབ་པ་བྱུང་བ་དང་བོད་ལྗོངས་ཀྱི་དབུལ་ཕོངས་མི་གྲངས་འབུམ་དྲུག་དང་ཁྲི་གཉིས་ལྷག་ཙམ་ཚང་མ་དབུལ་བོ་ལས་ཐར་ཐུབ་པ་བྱུང་ཡོད། བོད་ལྗོངས་ཀྱི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་རྐྱང་2015ལོའི་ལོ་མཇུག་གི་སྒོར1499ནས2019ལོར་སྒོར9328ལ་སླེབས་ནས་ལྡབ་དྲུག་ལྷག་ཙམ་འཕར་ཡོད། དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྒྱག་པའི་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་བསྐྱོད་པ་དང་། ས་སེར་མཐོ་སྒང་ནས་མདོ་དབུས་མཐོ་སྒང་དང་། ཐའེ་ཧང་རི་ཁུལ་ནས་ཝུའུ་མོང་རི་ཁུལ་བར། དྲོད་ཚད་ཀླད་ཀོར་མན་གྱི་ཏུའུ་བཅུ་ནས་མཚོ་འཕང་ལ་སྨི་སྟོང་ཕྲག་བར། ཀན་སུའུ་ཏིང་ཞིས་ནས་སི་ཁྲོན་ཏ་ལེའང་ཧྲན་བར་བཅས་སུ་ཕེབས་པ་དང་། ཁོང་གི་ཞབས་རྗེས་རྒྱལ་ཡོངས་ཀྱི་ས་ཆ་གང་སར་བཀོད་པ་དང་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ14རུ་ཕེབས་ནས་དམངས་ཀྱི་འདོད་བློར་གསན་པ་དང་། དམངས་ཀྱི་གནས་ཚུལ་ལ་གཟིགས་པ། ཐབས་ཇུས་ལ་དགོངས་པ་བཞེས་ནས། མི་རིགས་ཁག་གི་མང་ཚོགས་དབུལ་ཕོངས་ལས་ཐར་ནས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བར་ཉིན་མཚན་དབྱེར་མེད་དུ་ཕྱག་ལས་གནང་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདག་འཛིན་རིང་དུ་སྤངས། དམངས་དོན་དང་དུ་ལེན་ཞེས་གསུངས་མྱོང་། དེའི་གོ་དོན་གཙོ་བོ་ནི་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་ཁོང་གིས་རང་ཉིད་སྐྱེས་སུ་འབུལ་བ་དང་རང་ཉིད་བློས་གཏོང་ཐུབ་པ་དེ་ཡིན། སྙིང་སྟོབས་དེ་ལྟ་བུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་རང་ཉིད་ཀྱི་ཚེ་སྲོག་སྐྱེས་སུ་འབུལ་བའི་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོའི་མི་དམངས་འཚོ་བར་དགའ་ཞེན་ཡོད་པ་དང་། སྔར་ལས་ལེགས་པའི་སློབ་གསོ་དང་། སྔར་ལས་བརྟན་པའི་ལས་ཀ སྔར་ལས་ཡིད་ཚིམ་པའི་ཡོང་སྒོ སྔར་ལས་བློ་འགེལ་ཆོག་པའི་སྤྱི་ཚོགས་ཀྱི་འགན་སྲུང་། སྔར་ལས་ཆུ་ཚད་མཐོ་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། སྔར་ལས་སྐྱིད་སྣང་ལྡན་པའི་སྡོད་ཁང་གི་ཆ་རྐྱེན། སྔར་ལས་མཛེས་སྡུག་ལྡན་པའི་ཁོར་ཡུག་བཅས་ཡོད་པར་རེ་སྨོན་བྱེད་བཞིན་ཡོད་པ་དང་། བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། ལས་ཀ་སྔར་ལས་བཟང་པ། འཚོ་བ་སྔར་ལས་སྐྱིད་པ་བཅས་ཀྱི་རེ་སྨོན་ཡང་བྱེད་བཞིན་ཡོད་ཅེས་གསུངས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་དང་ཧུར་བརྩོན་གྱིས་རྒྱལ་ཁབ་སྐྱོང་བ་ནི་སློབ་ལ་ཁྲིད་མཁན་ཡོད་པ་དང་། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ཤིག་ཧུར་ཐག་གིས་བསྐྲུན་ནས། མཛེས་སྡུག་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་རེ་རེ་བཞིན་མངོན་འགྱུར་ཡོང་ཆེད་རེད།

ལའོ་ཝའོ་རྒྱལ་ཁབ་ཀྱི་ཆེད་མཁས་པ་ལ་མུའུ་ཨིན.ཆའོ་ཝུའེ་ཅི་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཆེས་རླབས་ཆེན་གྱི་ཀྲུང་གོའི་འགོ་ཁྲིད་པ་ཞིག་རེད། ཁོང་གཞུང་སྒྲུབ་ཁང་ཁོ་ནར་མི་བཞུགས་པར་མི་དམངས་ཀྱི་ཁྲོད་དུ་ཟབ་ཞུགས་གནང་བཞིན་ཡོད”ཅེས་གདེང་འཇོག་བྱས་པ་དང་། ཧྥ་རན་སིའི་ཆེད་མཁས་པ་ཧྥུའུ་ཕེ་ཅི་ཡིས་བཤད་རྒྱུར།“ངས་བལྟས་ན་མང་ཚོགས་ཚང་མ་ཞི་ཅིན་ཕིང་ལ་ཧ་ཅང་དགའ་པོ་འདུག ཅིའི་ཕྱིར་ཞེ་ན། ཁོང་གིས་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་པས་རེད”ཅེས་བརྗོད།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།