《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2023.09.04 ཁུངས། གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 4

 ཟླ9ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས17པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》སྤེལ།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ཀྲུང་གོའི་རིག་གནས་ལ་ཡུན་རིང་གི་ལོ་རྒྱུས་ལྡན་པ་དང་ཀྲུང་ཧྭའི་དཔལ་ཡོན་གྱི་ནང་དོན་གཏིང་ཟབ་ཅིང་རྒྱ་ཆེན་པོ་ལྡན། ཀྲུང་ཧྭའི་དཔལ་ཡོན་གྱི་ལོ་རྒྱུས་ཕྱོགས་ཡོངས་ནས་ཤེས་རྟོགས་གཏིང་ཟབ་བྱས་ཚེ། གཞི་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ལྡན་པའི་གཞན་སྒྱུར་དང་གསར་གཏོད་རང་བཞིན་ལྡན་པའི་འཕེལ་རྒྱས་འགྲོ་བར་སྔར་ལས་སྐུལ་འདེད་ནུས་ལྡན་གཏོང་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་གསར་གཏོད་བྱེད་ཐུབ།

རྩོམ་ཡིག་ནང་བསྟན་དོན། ཀྲུང་ཧྭའི་དཔལ་ཡོན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གཞི་རྒྱུ་གལ་ཆེན་མང་པོ་ལྡན་པས་ཀྲུང་ཧྭའི་དཔལ་ཡོན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་དུས་མཉམ་དུ་མངོན་པར་བྱས་ཡོད།  ཀྲུང་ཧྭའི་དཔལ་ཡོན་ལ་མངོན་གསལ་དོད་པའི་རྒྱུན་མཐུད་རང་བཞིན་ལྡན་ཞིང་། ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱུན་མཐུད་རང་བཞིན་གྱིས་ཀྲུང་ཧྭ་མི་རིགས་རང་ཉིད་ཀྱི་ལམ་བུར་ངེས་པར་དུ་སྐྱོད་དགོས་པ་རྩ་བའི་ཆ་ནས་གཏན་འཁེལ་བྱས་ཡོད།  གལ་ཏེ་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་རྒྱུན་མཐུད་རང་བཞིན་ལ་བརྟེན་ནས་ཀྲུང་གོ་ཤེས་རྟོགས་མ་བྱས་ཚེ། གནའ་རབས་ཀྱི་ཀྲུང་གོར་རྒྱུས་ལོན་ཡག་པོ་བྱེད་མི་ཐུབ་པ་དང་དེང་རབས་ཀྱི་ཀྲུང་གོར་རྒྱུས་ལོན་ཡག་པོ་བྱེད་མི་ཐུབ་ལ། མ་འོངས་པའི་ཀྲུང་གོར་དེ་བས་ཀྱང་རྒྱུས་ལོན་ཡག་པོ་བྱེད་མི་ཐུབ། ཀྲུང་ཧྭའི་དཔལ་ཡོན་ལ་མངོན་གསལ་དོད་པའི་གསར་གཏོད་རང་བཞིན་ལྡན་ཡོད། ཀྲུང་ཧྭའི་དཔལ་ཡོན་གྱི་གསར་གཏོད་རང་བཞིན་གྱིས་ཀྲུང་ཧྭ་མི་རིགས་ཀྱིས་དྲང་བདེན་འཛིན་པ་ལས་རྙིང་ཞེན་མི་བྱེད་པ་དང་ཡར་བརྩོན་སྙིང་སྟོབས་རྩ་བའི་ཆ་ནས་གཏན་འཁེལ་བྱས་པ་དང་། འགྲན་སློང་གསར་པར་མི་སྐྲག་པ་དང་བྱ་དངོས་གསར་པ་དང་ལེན་བྱེད་ཕོད་པའི་ཀྲུང་ཧྭ་མི་རིགས་ཀྱི་ཞུམ་མེད་ཀྱི་གཤིས་རྒྱུད་གཏན་འཁེལ་བྱས་ཡོད།

ཀྲུང་ཧྭའི་དཔལ་ཡོན་ལ་མངོན་གསལ་དོད་པའི་གཅིག་གྱུར་གྱི་རང་བཞིན་ལྡན་ཡོད། ཀྲུང་ཧྭའི་དཔལ་ཡོན་གྱི་གཅིག་གྱུར་རང་བཞིན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་མི་རིགས་ཁག་གི་རིག་གནས་གཞི་གཅིག་ཏུ་འདུས་ནས་བར་ཆད་ཚབས་ཆེན་ཕྲད་ཀྱང་གོང་བུ་བརྟན་པོ་འགྲིལ་ཤུགས་རྩ་བ་ནས་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཁ་འབྲལ་ཐབས་མེད་པ་དང་། རྒྱལ་ཁབ་ཟང་ཟིང་དུ་འགྱུར་མི་རུང་བ། མི་རིགས་ཁ་ཐོར་དུ་འགྲོ་མི་རུང་བ། དཔལ་ཡོན་གྱི་རྒྱུན་ཆད་མི་རུང་བ་བཅས་ཀྱི་ཐུན་མོང་གི་དད་སེམས་དང་། རྒྱལ་ཁབ་གཅིག་གྱུར་ནི་ནམ་ཡང་ཀྲུང་གོའི་ལྟེ་བའི་ཁེ་ཕན་གྱི་ལྟེ་བ་ཡིན་པ། འགྱུར་མེད་སྟོབས་ལྡན་དང་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ནི་རིགས་སོ་སོའི་མི་དམངས་ཀྱི་ལས་དབང་གི་རྟེན་ས་ཡིན་པ་བཅས་གཏན་འཁེལ་བྱས་ཡོད།

ཀྲུང་ཧྭའི་དཔལ་ཡོན་ལ་མངོན་གསལ་དོད་པའི་བསྟུན་མཁས་རང་བཞིན་ལྡན་ཡོད། ཀྲུང་ཧྭའི་དཔལ་ཡོན་གྱི་བསྟུན་མཁས་རང་བཞིན་གྱིས་ཀྲུང་ཧྭ་མི་རིགས་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་རྩ་བ་ནས་གཏན་འཁེལ་བྱས་པ་དང་། ཀྲུང་གོའི་ཆོས་ལུགས་ཁག་གི་དད་མོས་སྣ་མང་མཉམ་གནས་ཀྱི་འཆམ་མཐུན་རྣམ་པ་དང་ཀྲུང་ཧྭའི་རིག་གནས་ཀྱིས་འཛམ་གླིང་གི་དཔལ་ཡོན་མཉམ་སྡུད་མཉམ་གསོག་བྱས་པའི་སྒོ་འབྱེད་ཀྱི་བློ་རྒྱ་གཏན་འཁེལ་བྱས་ཡོད།

ཀྲུང་ཧྭའི་དཔལ་ཡོན་ལ་མངོན་གསལ་དོད་པའི་ཞི་བདེའི་རང་བཞིན་ལྡན་ཡོད། ཀྲུང་ཧྭའི་དཔལ་ཡོན་གྱི་ཞི་བདེའི་རང་བཞིན་གྱིས་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་མཁན་བཅས་ཡིན་པ་རྩ་བ་ནས་གཏན་འཁེལ་བྱས་པ་དང་། ཀྲུང་གོས་རྒྱུན་ཆད་མེད་པར་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་རིག་གནས་བཙན་དབང་མི་བྱེད་པ་དང་། ཀྲུང་གོས་རང་ཉིད་ཀྱི་རིན་ཐང་གི་ལྟ་བ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་གཞན་ལ་བཙན་འགེལ་མི་བྱེད་པ། ཀྲུང་གོས་མཉམ་ལས་རྒྱུན་འཁྱོངས་དང་ཁ་གཏད་དུ་མི་ལངས་པར“རིས་ཆད་གཞན་རྒོལ”གྱི་ཤོག་ཁག་ཆུང་བ་གཏན་ནས་མི་སྒྲིག་པ་བཅས་གཏན་འཁེལ་བྱས་ཡོད།

རྩོམ་ཡིག་ནང་བསྟན་དོན།  “ཟུང་འབྲེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་དགོས། ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་དཔལ་ཡོན་གྱི་རྨང་གཞིའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གསར་གཏོད་དང་འཕེལ་རྒྱས་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་ནི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན། འདི་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ཁྲོད་ཐོབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཞིག་རེད། “ཟུང་འབྲེལ་གཉིས”ནི་ང་ཚོར་གྲུབ་འབྲས་ཐོབ་པའི་མཆོག་ནོར་ཆེ་ཤོས་དེ་ཡིན།   གཅིག་ནི“ཟུང་འབྲེལ”གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཕན་ཚུན་གཅིག་མཐུན་ཡོང་བར་བྱེད་པ་དེ་ཡིན། མར་ཁེ་སི་རིང་ལུགས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་མི་འདྲ་ཡང་ཕན་ཚུན་བར་ཚད་མཐོའི་གཅིག་མཐུན་གྱི་རང་བཞིན་ལྡན་ཡོད། ཕན་ཚུན་གཅིག་མཐུན་བྱུང་ན་གཞི་ནས་ཟུང་འབྲེལ་དམ་ཟབ་བྱེད་ཐུབ། གཉིས་ནི“ཟུང་འབྲེལ”གྱི་འབྲས་བུ་ནི་ཕན་ཚུན་གྲུབ་འབྲས་ཐོབ་པར་བྱེད་པ་དེ་ཡིན། “ཟུང་འབྲེལ་གཉིས་པ”ལས་མར་ཁེ་སི་རིང་ལུགས་ཀྲུང་གོའི་རིང་ལུགས་ལ་གྱུར་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེང་རབས་ཀྱི་རིག་གནས་ལ་གྱུར་པ།   “ཟུང་འབྲེལ”བརྒྱུད་ནས་གྲུབ་པའི་རིག་གནས་གསར་པ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་ཀྱི་རྣམ་པར་གྱུར་ཡོད།  གསུམ་ནི“ཟུང་འབྲེལ”ལས་འགྲོ་ལམ་གྱི་རྨང་གཞི་ཇེ་བརྟན་དུ་ཕྱིན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་འགག་རྩ་ནི“ཟུང་འབྲེལ་གཉིས”ལ་ཐུག་ཡོད་པ་དང་། “ཟུང་འབྲེལ་གཉིས་པ”ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ལ་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་ངོས་འཛིན་ཡང་དག་ལྡན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་རིག་གནས་རྨང་གཞི་རྒྱ་སྐྱེད་དུ་ཕྱིན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་ཧྭ་མི་རིགས་ཀྱི་གནའ་བོའི་ལོ་རྒྱུས་དང་རིག་གནས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་བ་ཞིག་ཡིན་པས། ཀྲུང་ཧྭའི་དཔལ་ཡོན་ལ་སླར་ཡང་གཟི་བརྗིད་སྩོལ་བར་སྐུལ་འདེད་གཏོང་ཐུབ་ངེས་རེད། བཞི་ནི“ཟུང་འབྲེལ”ལས་གསར་གཏོད་ཀྱི་བར་སྟོང་བསྐྲུན་ཡོད། “ཟུང་འབྲེལ་གཉིས་པ”ལས་ང་ཚོས་བསམ་བློ་དང་རིག་གནས་ཀྱི་རང་འགུལ་ཁོང་དུ་ཆུད་པར་བྱེད་ཐུབ་པ་དང་ཆབས་ཅིག འགྲོ་ལམ་དང་རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ལ་ནུས་པ་ཤུགས་ཆེན་ཐོན་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་བཏོད་བྱེད་པ་ནི་རིག་གནས་ཀྱི་བྱེད་པོའི་རང་བཞིན་འདིའི་མཚོན་ཚུལ་ཡག་ཤོས་ཤིག་ཡིན།

རྩོམ་ཡིག་ནང་བསྟན་དོན། “ཟུང་འབྲེལ་གཉིས”ནི་ང་ཚོའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་དང་། ཀྲུང་ཧྭའི་དཔལ་ཡོན་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྟངས་འཛིན་གཏིང་ཟབ་བྱས་པ་ཞིག་ཡིན་པས། དེ་ལས་ང་ཚོའི་ཏང་གིས་ཀྲུང་གོའི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པར་སླེབས་པ་དང་།  ང་ཚོའི་ཏང་གི་ལོ་རྒྱུས་ཀྱི་རང་རྟོན་དང་རིག་གནས་ཀྱི་རང་རྟོན་མཐོ་ཚད་གསར་པར་སླེབས་པ།  ང་ཚོའི་ཏང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཁྲོད་རིག་གནས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་རང་རྟོགས་ཀྱི་རང་བཞིན་མཐོ་ཚད་གསར་པར་སླེབས་པ་བཅས་མཚོན་ཡོད།

རྩོམ་ཡིག་ནང་བསྟན་དོན།  སྔར་ལས་ལྷག་པའི་སྒོ་ནས་རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་དགོས། འགོ་འཛུགས་ས་གསར་པ་ནས་མུ་མཐུད་དུ་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་གསར་གཏོད་བྱེད་པ་བཅས་ནི་དུས་རབས་གསར་པའི་ང་ཚོའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཡིན། གཅིག་ནས་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་དགོས།  རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་བ་ནི་རང་ཉིད་ཀྱི་ལམ་དུ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐྱོད་པ་དེ་ཡིན། གཉིས་ནས་སྒོ་འབྱེད་བསྟུན་མཁས་རྒྱུན་འཁྱོངས་བྱེད་དགོས། སྒོ་འབྱེད་བསྟུན་མཁས་རྒྱུན་འཁྱོངས་བྱེད་པར་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་མཐའ་དག་ལ་སྔར་ལས་རང་འགུལ་ངང་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། གསུམ་ནས་གཞུང་འཁྱོངས་གསར་འབྱེད་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་གཞུང་འཁྱོངས་གསར་འབྱེད་ཀྱི་སྤྱོད་བཟང་དང་ངར་ཤུགས་ལ་བརྟེན་ནས་མུ་མཐུད་དུ་ལོ་རྒྱུས་རིག་གནས་ཀྱི་རྩ་བ་རྒྱུན་འཛིན་བྱས་ནས་དེང་རབས་ཀྱི་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན།  ལོ་རྒྱུས་རྒྱུན་འཛིན་ཡག་པོ་བྱེད་པ་ནི་ལོ་རྒྱུས་གསར་པ་གཏོད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་ལ་གུས་བཀུར་ཆེན་པོ་བྱེད་པ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གཏོད་པ་དེ་ཡིན།  མཉམ་དུ་འབད་བརྩོན་བྱས་ནས་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་ཧུར་ཐག་གིས་གཏོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཀྱི་དཔལ་ཡོན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།