དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཚན་རྩལ་འདེགས་སྐྱོར་གྱི་སྣེ་ཁྲིད་ནུས་པ་བརྟན་པོ་དང་ཡང་དག་པར་བྱེད་དགོས།
2023.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

“ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་སྐྱེ་ཁམས་སྲུང་སྐྱོབ་ནི་འཕེལ་རྒྱས་མི་གཏོང་བ་མ་ཡིན་པ་དང་། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་ནི་མྱུར་དུ་བྱ་བ་ཆེན་པོ་སྒྲུབ་པ་མིན་པ། ཕྱོགས་ཡོངས་ནས་ནན་མོར་གཏོང་བ་ནི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པ་མིན་པ། ཆ་རྐྱེན་དཀའ་ངལ་ཆེ་བ་ནི“ཉལ་ནས་སྡོད་པའི”རྒྱུ་མཚན་མ་ཡིན་པའི་ཕྱོགས་བཞིའི་ཐད་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་གྱི‘གནས་བཞི’ཧུར་ཐག་གིས་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྒྱལ་ཁ་བརྩོན་ལེན་བཅས་བྱས་ཏེ། ངོས་འཛིན་གྱི་ནོར་འཁྲུལ་གསལ་བོ་དང་། བསམ་བློའི་གནད་འགག་སེལ་ནས་ཡང་དག་པའི་ཁྲིད་སྟོན་འདོན་སྤེལ་དང་སྒུལ་ཤུགས་སྐུལ་སློང་བྱས་ཡོད།”

“ང་ཚོས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ནས་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་། བཀའ་དྲིན་ཚོར་བ། གོ་སྐབས་དམ་འཛིན། དོན་དངོས་སྒྲུབ་རྒྱུར་གཙོ་བོར་འཛིན་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་བཏོན་པའི‘ཕྱོགས་ལྔའི་ལས་འགན་གཙོ་བོ’དང‘གཙོ་གནད་བྱ་བ་བརྒྱད།’བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི‘གཅིག་ཅན་བཅུའི’བླང་བྱ་བརྟན་པོ་ཁོང་དུ་ཆུད་པར་བྱེད་པ་དང་། འགན་འཁུར་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། དགོས་གཏུག་ཆེ་བའི་འདུ་ཤེས་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་བསམ་ཕྱོགས་གསལ་བོ་དང་། རིམ་པ་ཁོང་དུ་ཆུད་པ། རེ་རེ་བཞིན་ཞིབ་འཇུག བྱ་བ་རེ་རེ་བཞིན་དམ་འཛིན་བཅས་བྱེད་དགོས། ”

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཚོགས་རྗེས། ཞིང་ཆེན་ཚན་རྩལ་ཐིན་གྱིས་དུས་ཐོག་ཏུ་ཆེད་དོན་ཚོགས་འདུ་ཚོགས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཚན་རྩལ་ཐིན་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མིས“རབ་རིབ་ཀྱི་ངོས་འཛིན་བཞི་སེལ་བ”བརྗོད་གཞི་བྱས་ཏེ་ཞིབ་བསྡུར་བརྗེ་རེས་སྤེལ།

“ང་ཚོས་ལས་གནས་ལ་རྐང་ཚུགས་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི།   རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན། རྒྱལ་ཁབ་རིམ་པའི་གསར་སྐྲུན་སྟེགས་བུ་ཆེན་པོ་བཅུ་སོགས་ཕྱོགས་བཅོ་ལྔའི་བྱ་བ་གཙོ་བོར་ཤུགས་ཆེན་པོས་སྐུལ་འདེད་བྱས།” ཞིང་ཆེན་ཚན་རྩལ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི། ཐིན་ཀྲང་ཁྲིན་ཡུང་ཞང་གིས་བཤད་རྒྱུར། ཚན་ཞིབ་དོ་དམ་གསར་སྐྲུན་ཞབས་ཞུའི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་གསར་སྐྲུན་གྱི་གནད་འགག་དང་། དཀའ་གནད་གཅིག་བསྡུས་བྱས་ཏེ། ཚན་རྩལ་སྲིད་ཇུས་དངོས་འབེབ་བྱེད་པར་བརྟེན་ནས“ཆེས་མཇུག་མཐའི་སྤྱི་ལེ་གཅིག”ནུས་ཤུགས་ཡོད་རྒུས་སྐྲུན། བརྗོད་དོན་སློབ་གསོས“སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་གཙང་སྐྲུན་པ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བྱ་བའི་སྤྲོ་སེམས་དེ་མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་མཁན་གྱི་ལག་བསྟར་མཁན་དང་། བྱ་སྤྱོད་སྤེལ་མཁན། བྱ་བ་སྒྲུབ་མཁན་བཅས་ཀྱི་སྟེང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ར་གཙོ་བོ་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོ། མཁྲེགས་གཏོར་དཀའ་སེལ་གྱི་མདུན་གྲལ་དུ་སྐྱོད་པ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་བཞེངས་བྱས་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་རླབས་ཆེན་འཆར་འགོད་མངོན་འགྱུར་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་དང་། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་རོགས་རམ་བྱེད་པར་ཚན་རྩལ་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་དགོས།

ཞིང་ཆེན་ཚན་རྩལ་ཐིན་གྱི་ཐིན་ཀྲང་གཞོན་པ། རིམ་པ་དང་པོའི་སྐོར་གཟིགས་པ་ཞུའུ་ཁྲུན་གྱིས་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཆེས་གལ་འགངས་ཆེ་བའི་གནད་འགག་གི་ཐ་སྙད་ནི“སྒྲུབ”ཡིན། ཚན་རྩལ་སྡེ་ཁག་གིས་གཅིག་ནས་དཀའ་སྤྱད་འབད་བརྩོན་བྱས་ཏེ་སྒྲུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བླང་བྱ་ལྟར་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཐབ་ཇུས་རང་བཞིན་གྱི་ཚན་རྩལ་སྟོབས་ཤུགས་སྐྲུན་ནས་དཀའ་སྤྱད་འབད་བརྩོན་གྱིས་དུས་ཡུན་རིང་བོར་བྱས་རྗེས་འཇོག་དགོས། གཉིས་ནས་དངོས་སྒྲུབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་མཐོ་སྒང་གི་ཐོན་ཁུངས་ནུས་ཁུངས་ཀྱི་ཁྱད་སྟོབས་དེ་ཐོན་ལས་ཁྱད་སྟོབས་དང་དཔལ་འབྱོར་གྱི་ཁྱད་སྟོབས་སུ་བསྒྱུར་བ་དང་། རྒྱལ་ཁབ་རིམ་པའི་ཚན་རྩལ་གསར་སྐྲུན་གྱི་སྟེགས་བུ་ཆེན་པོ་བཅུ་སྐྲུན་པ། གནད་འགག་ཚན་རྩལ་གྱི་དཀའ་གནད་ཐག་གཅོད་བྱེད་པ། ཐོན་ལས་ཀྱི་སྲོག་ཤིང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བ་བཅས་བྱེད་དགོས། གསུམ་ནས་སྒྲུབ་མཁས་པོ་བྱས་ཏེ། ཚན་རྩལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། གསར་སྐྲུན་གྱི་ཁོར་ཡུག་སྐྲུན་པ། གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱེད་པ། ཞིང་ཆེན་ཕྱི་ནང་གི་ཚན་རྩལ་ཐོན་ཁུངས་བེད་སྐྱོད་གང་ལེགས་བཅས་བྱས་ཏེ། ཚན་རྩལ་གནད་འགག་གི་གྲངས་ཀའི་འགྱུར་བའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་། དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་ཚན་རྩལ་ཐད“ཉམས་ཆུང་སྔོན་ལ་སྐྱོད་པ”མངོན་འགྱུར་ཡོང་བར་བྱེད་དགོས།

“དཀའ་སྤྱད་འབད་འཐབ་ནི་ང་ཚོ་ཏང་གི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པས།‘ཉལ་ནས་བསྡད་ན’མདུན་ལམ་མེད། ཏང་ཡོན་ལས་བྱེད་པ་ཞིག་ཡིན་ན། ཞུམ་པ་མེད་པར་འགན་འཁུར་བ་དང་འགན་འཁྲིའི་ཡི་གེས་ཏང་ལ་བློ་དཀར་བ་དང་བྱ་གཞག་སེམས་ལ་བཅངས་དགོས།” ཞིང་ཆེན་ཚན་རྩལ་ཐིན་གྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ཚའོ་ཧོས་ཡིས་བཤད་རྒྱུར། དེང་སྐབས། རང་ཞིང་གི་ཚན་རྩལ་བྱ་གཞག་དེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ནས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་དམིགས་འབེན་མངོན་འགྱུར་དང་། ད་ལོའི་བྱ་བ་གཙོ་བོ་ལེགས་པོར་སྒྲུབ་པ། དུས་ཚོད་ཀྱིས་མི་ལ་མི་སྒུག་པར་ཁ་ཚ་དགོས་གཏུག་ཏུ་གྱུར་བ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་ཟབ་མོ་དང་། དཀའ་སྤྱད་འབད་འཐབ་ཀྱི་སྲོལ་རྒྱུན་བཟང་པོ་ཤུགས་ཆེན་པོས་དར་སྤེལ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཡིད་ཆེས་ཇེ་བརྟན་དང་། འགན་འཁུར་ཕོད་པ། རང་འགུལ་གྱིས་བྱ་བ་སྒྲུབ་པ་དེས་ཚན་རྩལ་གསར་སྐྲུན་གྱི“གནད་འགག་གི་འགྱུར་ཚད”ངོ་མ་དེ་རང་ཞིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟོབས་ལྡན་སྒུལ་ཤུགས་དང་འཐབ་ཇུས་ཀྱི་འདེགས་སྐྱོར་སྐུལ་འདེད་བྱེད་པར་གྱུར་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

ཞིང་ཆེན་ཚན་རྩལ་ཐིན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་“དངོས་སྒྲུབ་གཙོ་བོ”ཡིན་པའི་ཕྱོགས་སྟོན་མངོན་གསལ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། བྱས་རྗེས་འཇོག་པའི་ལག་ལེན་གྱི་ལམ་བུ་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ནས“ཕྱོགས་བཞིའི”ཐད་ཀྱི་རབ་རིབ་ཀྱི་ངོས་འཛིན་གཙོ་བོར་ཐག་གཅོད་དང་“འབྲེལ་བ་བཞིའི”ནང་གི་གཏན་ཚིགས་ཁ་གསལ་བཟོ་དགོས་ཟེར། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་ལ་རྐང་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཚན་རྩལ་གསར་སྐྲུན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རོགས་རམ་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་ཚན་རྩལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།