མཛའ་བརྩེའི་ལག་གདང་གཙང་གསུམ་ཡུལ་ལ་སྦྲེལ།
2023.09.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ས་པེ་ཅིན་ནས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཁུངས་བར་དུ་རི་ཆུ་སྟོང་ཕྲག་གིས་ཆོད་ནའང་། པེ་ཅིན་གྱིས་ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ལས་བྱེད་པ་རེ་རེའི་བརྩེ་སེམས་དེ་ཁམས་པའི་བུ་དང་བུ་མོ་འབུམ་བཞི་དང་ཁྲི་གསུམ་སྟོང་གཉིས་དང་དམ་དུ་འབྲེལ་ཡོད།

ལོ་ངོ་བཅུ་གསུམ་གྱི་སྔོན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནས་ཡིད་དུ་འོངས་པའི་དུས་ཆད་ཅིག་བཏབ་པ་སྟེ།    ཉིས་སྟོང་བཅུ་ལོར།   བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཡི་ཤར་རླུང་དལ་གྱིས་ལྡང་བ་དང་བསྟུན་ནས། ཀྲུང་དབྱང་གིས་པེ་ཅིན་གྲོང་ཁྱེར་གྱིས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏུ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་གཏན་འཁེལ་བྱས། དུས་དེ་ནས་བཟུང་།   མཚོ་སྔོན་ལ་རོགས་སྐྱོར་དང་རོགས་སྐྲུན་བྱེད་པའི་བྱ་བ་དེ་ཡུས་ཧྲུའུ་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། ལོ་ངོ་བཅུ་གསུམ་གྱི་རིང་ལ། གནོད་ཤུལ་བསྐྱར་འཛུགས་ནས་ཁ་གཏད་རོགས་སྐྱོར་གྱི་བར་དུ། པེ་ཅིན་གྲོང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་སྡེ་ཁག་གིས་རྒྱུན་ཆད་མེད་པར་ཡུས་ཧྲུའུ་ས་ཁུལ་ལ་རེ་བ་དང་དྲོད་ཁོལ་བསྐྱལ།  ལོ་ངོ་བཅུ་གསུམ་གྱི་རིང་ལ། པེ་ཅིན་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་སྐོར་ཐེངས་ལྔ་ལ་འཇོན་མི་ལས་བྱེད་པ་ཉིས་བརྒྱ་དང་རེ་གཅིག་ཡུས་ཧྲུའུ་ལ་རོགས་སྐྱོར་བྱེད་པའི་ཁ་གཏད་རོགས་སྐྱོར་བྱ་བའི་ཁྲོད་བཀོད་སྒྲིག་བྱས་པ་དང་།  ལོ་ངོ་བཅུ་གསུམ་གྱི་རིང་ལ།  པེ་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་སྡེ་ཁག་གིས་ཡུས་ཧྲུའུ་ལ་ཅི་ཞིག་མཁོ་བ་དང་རོགས་སྐྱོར་སྡེ་ཁག་གིས་ཅི་ཞིག་ནུས་པ་ལྟར་གནད་དུ་ཁེལ་བའི་སྒོ་ནས། ཐོན་ལས་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་། སློབ་གསོ་དང་སྨན་བཅོས། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ལ་སྡོམ་པས་སྒོར་མོ་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་བཏང་ནས་ལས་གཞི་སྟོང་གཅིག་དང་གྱ་དྲུག་ལག་བསྟར་བྱས་ནས། ཡུས་ཧྲུའུ་ཡི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ཕྱོགས་ཡོངས་ནས་རོགས་སྐྱོར་བྱས་ཏེ་པེ་ཅིན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།

དེང་སྐབས། ཡུས་ཧྲུའུ་ཡི་ས་གཞི་ཆེན་པོའི་སྟེང་སླེབས་ཚེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སྤྱི་ཚོགས་འགན་སྲུང་ཞབས་ཞུ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་རེ་རེ་ལ་སྔར་མེད་ཀྱི་རྣམ་པ་གསར་བས་ཁེངས་འདུག

གསེར་མདོག་གི་སྟོན་དུས་སུ་འབྲི་སྟོད་རྫོང་རྒྱ་རྗེའི་ཕོ་བྲང་གྲོང་རྡལ་དུ་ཐོན་པ་ན། ཞུགས་ཟོག་བཤས་རའི་ལས་གཞི་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་ལྗིད་འདེགས་འཕྲུལ་ཆས་རེ་རེ་ལྡིར་ལྡིར་གྲགས་ཤིང་། ལས་བཟོ་བ་རྣམས་གོ་རིམ་ལྡན་པའི་ལས་བགོས་ཁྲོད་རང་རང་གི་ལས་ཀར་འཇུག་པའི་བྲེལ་ཟིང་གི་རྣམ་པ་དེ་མཐོང་ཐུབ།

འབྲུ་སྟོད་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡི་ཅུའུ་ཀྲང་འཕྲིན་ལས་རྒྱ་མཚོ་ཡིས་བཤད་རྒྱུར། འབྲུ་སྟོད་རྫོང་གི་ཕྱུག་ཟོག་བཤས་རའི་ལས་གཞི་ནི་པེ་ཅིན་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་སྡེ་ཁག་གིས་མ་དངུལ་སྒོར་མོ་བྱེ་བ་གཉིས་ཀྱིས་རོགས་སྐྱོར་བྱས་ནས་བཙུགས་པ་ཡིན། ལས་གཞི་དེས་བཟུང་བའི་སའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་གཅིག་དང་སྟོང་གཉིས་དྲུག་བརྒྱ་ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་སྟོང་བཞི་དང་ཉིས་བརྒྱ་དང་གྱ་དྲུག་ཡོད། མིག་སྔར་ཨར་ལས་ཀྱི་བརྒྱ་ཆའི་གོ་ལྔ་ལེགས་འགྲུབ་བྱུང་ཡོད་པས།  སྔོན་དཔག་བྱས་ན་ད་ལོའི་ཟླ་བཅུ་བའི་ནང་འཁོར་སྐྱོད་བྱེད་ཐུབ་རྒྱུ་རེད་ཟེར། མཚམས་སྦྱོར་བྱས་པ་ལྟར་ན།  ལས་གཞི་དེ་འཛུགས་སྐྲུན་བྱས་རྗེས།    འབྲི་སྟོད་རྫོང་གི་སྐྱེ་ཁམས་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་གསར་བ་འདོན་ཐུབ་རྒྱུ་རེད། པེ་ཅིན་གྱི་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ལས་གཞི་དོ་དམ་པུའུ་ཡི་པུའུ་ཀྲང་།  ཡུས་ཧྲུའུ་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་བན་ཞིན་གྱིས་བཤད་རྒྱུར། ཡུས་ཧྲུའུ་ཁུལ་གྱི་ཕྱུགས་ལས་དང་ཡུལ་སྐོར་ལས་རིགས་ཕུན་སུམ་ཚོགས་ནའང་། ཁེ་ལས་གཙོ་བོའི་སྣེ་ཁྲིད་མི་འདང་བའི་དབང་གིས་པེ་ཅིན་གྱི་ཁྱད་ལྡན་ཐོན་ཁུངས་དང་འབྲེལ་མཐུད་བྱེད་པར་ཚད་ལྡན་ལག་རྩལ་མི་འདྲ་བ་སོགས་ཀྱི་ཚོད་འཛིན་ཐེབས་ཡོད།  ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་། པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ས་ཆའི་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞིགས་ནས།  ཐབས་ལམ་མང་པོ་འཚོལ་ཞིབ་བྱས་ཏེ་ས་གནས་ཀྱི་ཞིང་ཕྱུགས་ལས་དང་མཐོ་སྒང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཟེར།

ད་ལོར།  པེ་ཅིན་གྲོང་ཁྱེར་གྱིས་ཡུས་ཧྲུའུ་ཡི་ཐོན་ལས་ལ་རོགས་སྐྱོར་བྱེད་པའི་ལས་གཞི་བཅུ་གཅིག་ཡོད་པ་དང་། སྡོམ་པས་མ་དངུལ་སྒོར་མོ་བྱེ་བ་བདུན་དང་ས་ཡ་གཅིག་བཏང་ཡོད་ལ།  དེའི་ཁྲོད་དུ་ཡུས་ཧྲུའུ་ཡི་འབྲོང་རྒྱུད་ཚོགས་པ་འཛུགས་སྐྲུན་དང་ཁྲི་འདུ་རྫོང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་མཐོ་སྒང་དེང་རབས་སྐྱེ་ཁམས་ཕྱུགས་ལས་དཔེ་སྟོན་འཛུགས་སྐྲུན་ལས་གཞི།  ཡུས་ཧྲུའུ་གྲོང་ཁྱེར་གྱི་མཉམ་ལས་ཁང་གི་ནུས་པ་མཐོར་འདེགས་བྱེད་པའི་ལས་གཞི། དྲིན་ཆེན་གྲོང་རྡལ་གྱི་སྐྱེ་ཁམས་ཕྱུགས་ལས་ལེགས་སྒྱུར་རིམ་སྤོར་ལས་གཞི་སོགས་འདུ།   ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ། ཁ་གཏད་རོགས་སྐྱོར་བྱ་བ་དེ་རྒྱུན་ཆད་མེད་པར་ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་ཟུང་འབྲེལ་བྱེད་པའི་ཕྱོགས་སུ་རྒྱ་བསྐྱེད་ནས།  པེ་ཅིན་གྲོང་ཁྱེར་གྱི་ཁེ་ལས་གཙོ་བོ་དག་དང་འབྲེལ་མཐུད་བྱས་ཏེ། ཡུས་ཧྲུའུ་ཡི་ཞིང་ཕྱུགས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཤུགས་ཆེན་པོས་འོས་སྦྱོར་བྱས་ནས། ས་ཁུལ་གཉིས་ཀྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་དོན་གཉེར་བྱས།

བན་ཞིན་གྱིས་བཤད་རྒྱུར། ང་ཚོས་ཡུས་ཧྲུའུ་ཡི་ཐོན་ཁུངས་ཀྱི་དགོས་མཐོ་དང་འདོན་སྤྲོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་བརྒྱུད། པེ་ཅིན་གྱི་ས་ཁུལ་དྲུག་དང་ཡུས་ཧྲུའུ་ཡི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ཡི་འབྲེལ་མཐུད་རྗེས་རེས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། པེ་ཅིན་གྱི་རིམ་པ་སོ་སོ་དང་རིགས་སོ་སོའི་ཁ་གཏད་ཐོན་ཁུངས་ཀྱི་བཀོལ་སྤྱོད་ལས་ཆོད་དང་ཕན་འབྲས་མཐོ་རུ་བཏང་།  པེ་ཅིན་དུ་སོང་ནས་རྒྱལ་སའི་མཁའ་འགྲུལ་སྡེ་ཚོགས་སོགས་ཁེ་ལས་སྡེ་ཚོགས་མང་པོར་རྟོག་ཞིབ་བྱས་ཏེ། པེ་ཅིན་དང་ཡུས་ཧྲུའུ་ས་ཁུལ་གཉིས་ཀྱི་ཁེ་ལས་མཐུན་ཚོགས་བར་གྱི་མཉམ་ལས་ཀྱི་མཐུན་ཆ་གནད་དུ་འཁེལ་བའི་སྒོ་ནས་བཙལ་ཏེ།  སྔར་ལས་ཀྱང་མཉམ་ལས་ཟབ་མོ་བྱེད་པར་འབྲེལ་ཟམ་དང་ལས་སྟེགས་བསྐྲུན་ཡོད་ཟེར།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པར།   པེ་ཅིན་ནས་མཚོ་སྔོན་ལ་རོགས་སྐྱོར་དུ་འོངས་པའི་སྨན་པ་ལིང་པེན་ཆང་གིས་ཡུས་ཧྲུའུ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྨན་ཁང་གཉིས་སུ་དགེ་རྒན་གྱིས་སློབ་མ་ཁྲིད་པའི་རྣམ་པ་སྤྱད་དེ་དུས་ཚིགས་རང་བཞིན་གྱི་རོགས་སྐྱོར་བྱ་བ་སྤེལ། འདི་ལྟ་བུའི་སྨན་བཅོས་རོགས་སྐྱོབ་བྱེད་སྟངས་ཀྱིས་དུས་ཡུན་རེ་རེའི་ནང་དུ་པེ་ཅིན་གྱིས་རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་སྨན་ཁང་བཞི་ནས་བྱ་བ་སྒྲུབ་བཞིན་ཡོད།

ད་ལྟ།  སྐོར་ཐེངས་རེ་རེའི་པེ་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་འབད་བརྩོན་འོག     ཡུས་ཧྲུའུ་རང་ཉིད་ལ་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་ལྟ་བུ་རིམ་པ་གསུམ་པའི་སྨན་ཁང་ཡོད་པ་དང་། གསར་སྐྱེས་བྱིས་པའི་ཤི་ཚད་སྔར་གྱི་བརྒྱ་ཆའི་བཅུ་གསུམ་དང་གྲངས་ཆུང་ང་དགུ་ནས་ད་ལྟའི་བརྒྱ་ཆའི་ཐིག་དང་གྲངས་ཆུང་བཞི་རུ་མར་ཆག་ཡོད།

ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། ཁྲི་འདུ་རྫོང་མི་དམངས་སྨན་ཁང་གིས་ལག་ངར་ལ་རུས་ཆག་ཚབས་ཆེན་ཤོར་བའི་ནད་པ་ཞིག་ལ་སྨན་བཅོས་བྱེད་སྐབས། གཤག་བཅོས་ཀྱི་དཀའ་ཁག་ཅུང་ཆེ་བའི་གནས་ཚུལ་ལ་གཞིགས་ཏེ། པེ་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བཀོད་འདོམས་པུའུ་ཡིས་པེ་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་ཁོངས་མི་ཀྲང་ཞའེ་བེ་ཡིས་ཡུས་ཧྲུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་གི་སྨན་པ་ནོར་བུ་དགེ་ལེགས་དང་ཀྲོ་རོས་ཀྲིག་གཉིས་དང་མཉམ་དུ་སྨན་བཅོས་བྱེད་པར་མཐུན་སྦྱོར་བྱས་ནས། ཆེད་མཁས་སྨན་པ་གསུམ་གྱི་མཉམ་ལས་ལ་བརྟེན་ནས་དཀའ་ཁག་ཆེ་བའི་གཤག་བཅོས་དེ་བདེ་བླག་ངང་ལེགས་འགྲུབ་བྱུང་།

ད་ལོའི་ཟླ་བརྒྱད་པར།  ནང་ཆེན་རྫོང་དུ་སྙིང་གི་གནས་སྐབས་འཕར་སྐུལ་ཡོ་ཆས་བཀོད་སྒྲིག་བྱེད་པའི་ལག་རྩལ་དེ་ཐོག་དང་པོར་བདེ་བླག་ངང་ལེགས་འགྲུབ་བྱུང་།  པེ་ཅིན་གྱི་ཆེད་མཁས་པའི་རོགས་སྐྱོར་འོག ནང་ཆེན་རྫོང་མི་དམངས་སྨན་ཁང་གི་ནུས་པ་བཞིའི་འཛུགས་སྐྲུན་ཐད་འཕེལ་རྒྱས་བྱུང་ཡོད། ཐེངས་འདིར་ནང་ཆེན་རྫོང་དུ་སྙིང་གི་གནས་སྐབས་འཕར་སྐུལ་ཡོ་ཆས་བཀོད་སྒྲིག་བྱེད་པའི་ལག་རྩལ་དེ་ཐོག་དང་པོར་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དེས་ང་ཚོའི་སྨན་ཁང་གི་ཕྱོགས་སྡུས་སྐྱོབ་བཅོས་ཀྱི་ནུས་པ་དེ་ཡང་བསྐྱར་སྐས་རྐང་གསར་བ་ཞིག་དུ་སླེབས་པ་མཚོན་ཡོད་ཅེས་ནང་ཆེན་རྫོང་མི་དམངས་སྨན་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟླ་བ་གྲགས་པ་དགའ་སྤྲོའི་ངང་གསར་འགོད་པར་བཤད།

ལོ་ངོ་མང་པོའི་རིང་དུ།  ཡུས་ཧྲུའུ་མི་དམངས་ཀྱིས་པེ་ཅིན་རོགས་སྐྱོར་སྡེ་ཁག་གི་བརྩེ་བ་ཟབ་མོ་ཉམས་སུ་མྱངས་ཤིང་།  པེ་ཅིན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཁྲོད་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཡན་ཆད་དམངས་ཚིས་འགན་སྲུང་བྱེད་པའི་ཐད་དུ་བཀོལ་སྤྱོད་བྱས་པ་དང་།  བརྒྱ་ཆའི་བརྒྱད་ཅུའི་ཡན་གྱི་མ་དངུལ་རྫོང་རིམ་པ་དང་རྫོང་རིམ་པ་མན་གྱི་གཞི་རིམ་དུ་བཀོལ་སྤྱོད་བྱས་ཏེ། ཡུས་ཧྲུའུ་ཡི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྩལ།

ནང་ཆེན་རྫོང་ཤིང་མདའ་གྲོང་རྡལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པ་དང་རྫ་སྟོད་རྫོང་གི་མཁར་གྲོང་རྙིང་བའི་རང་འབབ་ཆུ་ཁྱིམ་ཚང་རེ་རེར་འཐེན་པའི་བཟོ་སྐྲུན། ཆུ་དམར་ལེབ་རྫོང་ནུབ་རྒྱུད་ཀྱི་ཡུལ་ཚོ་བཞིའི་འཐུང་ཆུ་བཅོས་སྒྱུར་རྒྱ་སྐྱེད་བྱེད་པའི་འཛུགས་སྐྲུན་སོགས་དམངས་ཚིས་ལ་རོགས་སྐྱོར་བྱེད་པའི་ལས་གཞི་རེ་རེ་ཡུས་ཧྲུའུ་ཡི་ས་ཁུལ་སོ་སོར་རིམ་བཞིན་ལག་བསྟར་བྱས།

ཉིས་སྟོང་ཉེར་གསུམ་ལོར་དམངས་ཚིས་ལ་རོགས་སྐྱོར་བྱེད་པའི་ལས་གཞི་བཅུ་གཉིས་ཡོད་པ་དང་།  དེར་ཁྱོན་སྡོམ་མ་དངུལ་སྒོར་མོ་བྱེ་བ་བརྒྱད་དང་ས་ཡ་དགུ་འབུམ་ལྔ་བཏང་ཡོད་ཅེས་བན་ཞིན་གྱིས་གསར་འགོད་པར་བཤད།

དེར་མ་ཟད། སྐོར་ཐེངས་ལྔ་བའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཇོན་མི་ལས་བྱེད་པ་ཡུས་ཧྲུའུ་ལ་ཐོན་རྗེས། སློབ་གསོའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་རྨང་གཞིར་འཛིན་པ་ནས་མགོ་བརྩམས་ཏེ། སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་བརྒྱད་བཏང་ནས་ལས་གཞི་ཆེན་པོ་བདུན་ལག་བསྟར་བྱས་ཏེ། ཡུས་ཧྲུའུ་ཡི་སློབ་གསོ་རང་སྟེང་གི་འཕེལ་རྒྱས་རྣམ་པ་ཇེ་ལེགས་སུ་བཏང་།   ཉིས་སྟོང་ཉེར་གསུམ་ལོའི་ལོ་སྟོད་དུ། པེ་ཅིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་ཀྱི་བརྟག་ཞིབ་བྱ་བ་ལེགས་འགྲུབ་བྱས་ནས། ཚོགས་སྒྲིག་རྣམ་པའི་སློབ་གསོའི་རོགས་སྐྱོར་ལས་དོན་གྱི་གཙོ་གནད་སྔར་ལས་ལྷག་པའི་སྒོ་ནས་གཏན་འཁེལ་གསལ་བོ་བྱས།

རིག་སྟོབས་ཀྱི་རོགས་སྐྱོར་བྱས་ཏེ་བློ་གཅིག་སེམས་གཅིག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས།

སྨན་བཅོས་མི་སྣ་རྣམས་ལ་མཚོན་ན་སྐོམ་པས་ཆུ་འདོད་བཞིན་དུ།  པེ་ཅིན་གྱི་རྒྱང་བསྟེན་དྲ་ལམ་སློབ་ཁྲིད་ལ་སྤྲོ་སེམས་ཀྱིས་ཁེངས་ཤིང་། དེ་ནི་པེ་ཅིན་གྲོང་ཁྱེར་ཏ་ཞིན་ས་ཁུལ་མི་དམངས་སྨན་ཁང་གིས་དྲ་ལམ་སློབ་ཁྲིད་ལ་བརྟེན་ནས་ཡུས་ཧྲུའུ་མི་དམངས་སྨན་ཁང་ལ་རྒྱང་བསྟེན་རོགས་སྐྱོར་བྱེད་པའི་རྣམ་པ་ཞིག་རེད།

ད་ལོ་ནས་བཟུང་། པེ་ཅིན་གྲོང་ཁྱེར་ཏ་ཞིན་ས་ཁུལ་མི་དམངས་སྨན་ཁང་གི་རོགས་སྐྱོར་འོག  དྲ་ལམ་སློབ་ཁྲིད་ཐེངས་བཅུ་གཉིས་ལ་སྤེལ་ནས་འཆད་ཁྲིད་བྱས་ཤིང་། དེའི་ནང་དོན་ནི་གློ་བའི་ནུས་པར་བརྟག་དཔྱད་བྱེད་པ་དང་འཇུ་བྱེད་མ་ལག་ལས་ཁྲག་བརྡོལ་བར་གསོ་བཅོས་བྱེད་པ་སོགས་ཀྱི་ཆེད་ལས་ཤེས་བྱའི་སྐོར་ཡིན་པ་དང་། ཡུས་ཧྲུའུ་ས་ཁུལ་གྱི་སྨན་པ་རྣམས་ཀྱིས་ནད་རིགས་དེ་དག་ལ་བརྟག་དཔྱད་དང་གསོ་བཅོས་བྱེད་པའི་ལག་རྩལ་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད།

འཇོན་མི་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ས་གནས་དེའི་རྩེར་སོན་འཇོན་མི་དང་དངོས་སྤྱོད་འཇོན་མི་ཤུགས་ཆེན་པོས་གསོ་སྐྱོང་བྱེད་ཆེད།  2022ལོར།   པེ་ཅིན་གྱི་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡིས་ས་གནས་དེའི་གྲོང་གསེབ་ཀྱི་གཞི་རིམ་ལས་བྱེད་པའི་ནུས་པ་དང་ཆེད་ལས་འཇོན་མིའི་ཆུ་ཚད། འབྲིང་རིམ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གྲངས་ཀ་དང་ལས་ཞུགས་ནུས་པ་སོགས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ།  མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཉིས་བཀོད་སྒྲིག་བྱས་ནས། རིག་ནུས་རོགས་སྐྱོར་ལས་གཞི་དྲུག་ལག་བསྟར་བྱས་པ་དང་། སློབ་སྦྱོང་དང་བརྗེ་རེས།  མཛུབ་སྟོན། ནུས་པ་དང་བྱང་ཚད། རྩལ་ནུས་བཅས་གསོ་སྦྱོང་ལ་ཤུགས་སྣོན་བྱས་ཏེ།  སྲིད་འཛིན་སྡེ་བའི་ལས་བྱེད་པ་སུམ་བརྒྱ་དང་ཉེར་གཅིག་དང་། ཆེད་ལས་ལག་རྩལ་ཤེས་ལྡན་པ་སྟོང་གཅིག་དང་བཞི་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས།

པེ་ཅིན་གྱི་མཚོ་སྔོན་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡི་ཏང་ཨུའི་ཨུ་ཡོན། བཀོད་འདོམས་པ་གཞོན་པ་མ་ཁྲའོ་ཡུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོར། ཡུས་ཧྲུའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཆར་གཞིའི་ལས་གཞིའི་མ་དངུལ་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་ལྔ་དང་ལས་གཞི་ང་བཞི་བཀོད་སྒྲིག་བྱས་ཡོད་པ་དང་། བྱ་བའི་གཙོ་གནད་ནི་གཅིག་གཅིག་གཉིས་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། ལེ་ཚན་ཞིག་གསར་སྐྲུན་བྱས་ཏེ་ཐེབས་རྩ་ཞིག་སྒྲིག་འཛུགས་གྱིས་ཐོན་ལས་གཉིས་ཀྱི་ཕྱོགས་ལ་རོགས་སྐྱོར་བྱེད་རྒྱུ་དེ་རེད།

ཁང་བ་ལས་པ་དང་ལམ་ཞིག་གསོ་བྱེད་པ། སྤྱི་གླིང་འཛུགས་སྐྲུན་བྱེད་པ། དེ་མིན་ན་ཚ་བྱུང་ན་པེ་ཅིན་གྱི་ཆེད་མཁས་སྨན་པས་ནད་ལ་ལྟ་བ།  བྱིས་པར་པེ་ཅིན་གྱི་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་སོགས་ཀྱི་དོན་དངོས་གནས་ཚུལ་དེ་དག་ཡུས་ཧྲུའུ་མི་དམངས་ཀྱིས་ནམ་ཡང་གླེང་བཞིན་ཡོད་པ་དང་།  ད་ལྟ་པེ་ཅིན་ཞེས་པའི་མིང་དེ་གླེང་ཡོང་ཚེ། ཡུས་ཧྲུའུ་མི་དམངས་ཀྱིས་བསྔགས་བརྗོད་ཀྱི་མཐེ་བོང་སྒྲེང་བཞིན་ཡོད་། རྒྱུ་མཚན་ནི་པེ་ཅིན་ལ་མཚོན་ན་ཡུས་ཧྲུའུ་མི་དམངས་ལ་བཀའ་དྲིན་ཆེ་བར་མ་ཟད་མཛའ་བརྩེ་དམ་པོ་ཡོད་པའི་ཕྱིར་རོ། །

                                                                     ཡིག་སྒྱུར་བ།  གཡང་འབུམ་རྒྱལ།