ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་འགན་ལེན་བྱེད་དགོས།
2023.09.06 ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚིགས། ཀློག་གྲངས། 8

 ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་ནི་བརྗོད་དོན་སློབ་གསོར་ཞིབ་ལྟ་དང་དག་ཐེར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། མིག་སྔར་བརྗོད་དོན་སློབ་གསོའི་སྐོར་ཐེངས་དང་པོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་གཅིག་རྗེས་གཉིས་མཐུད་ངང་འཚོག་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ནས། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་སྤུས་ཚད་མཐོ་ལ་རྣམ་པ་གསར་པ་ཞིག་འཚོགས་དགོས།

དམངས་གཙོའི་འཚོ་བའི་ཚོགས་འདུ་ནི་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན། འགོ་ཁྲིད་ཚན་ཁག་རང་ངོས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པའི་བྱེད་སྟངས་གལ་ཆེན་ཞིག་ཡིན། བརྗོད་དོན་སློབ་གསོའི་ཁྲོད་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་ནི་བརྗོད་དོན་སློབ་གསོའི་ཕན་འབྲས་འགན་ལེན་ཏན་ཏིག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་བརྗོད་དོན་སློབ་གསོའི་འགོ་ནས་མཇུག་བར་ཁྱབ་པའི་བརྗོད་དོན་གཙོ་བོ་དང་གཙོ་རྐང་ཞིག་ཡིན་པ་དང་། བརྗོད་དོན་གཙོ་བོ་དང་གཙོ་རྐང་དེར་དམ་པོར་དམིགས་ནས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ། “དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་། གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་དད་སེམས་ཇེ་དྲག་ཏུ་གཏོང་བ། དངོས་སྒྲུབ་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམིགས་ཡུལ་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། སྤྱོད་གཙང་གཞུང་དྲང་ལ་བརྟེན་ནས་སྲོལ་གསར་གཏོད་པ་བཅས་ལ་ཞིབ་བསྡུར་བྱེད་པའི་བྱེ་བྲག་གི་དམིགས་འབེན་ལ་ངེས་པར་དུ་ངོས་འཛིན་གཏིང་ཟབ་བྱེད་དགོས། དམངས་གཙོའི་འཚོ་བའི་ཚོགས་འདུའི་ནུས་པ་དང་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ།  ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ནུས་པ་བཏོན་ནས་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འགོ་ཁྲིད་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་ཏེ་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་ཟུང་འབྲེལ་བྱས་ནས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་དགོས”ཞེས་གསུངས་ཡོད། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུའི་བསམ་བློའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཚོགས་འདུ་མ་འཚོགས་གོང་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་གཅིག་སྡུད་སློབ་སྦྱོང་ཐེངས་གཅིག་བྱས་ནས། བསམ་བློ་སྔར་ལས་གཅིག་གྱུར་དང་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། སྙིང་གཏམ་ཤོད་རེས་དང་གླེང་མོལ་གཏིང་ཟབ་བྱས་ནས་བསམ་བློའི་ཐོག་ནས་ཞིབ་ལྟ་ལེགས་པོ་བྱེད་རྒྱུར་མཐོང་ཆེན་བྱེད་དགོས་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱེད་པ་དང་བློ་རྩེ་ནང་ལ་བསྐོར་བ་དང་རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ནས། དགེ་མཚན་ལྡན་ལ་སྐྱོན་དང་བྲལ་བའི་བསམ་བློའི་འཐབ་རྩོད་སྤེལ་ཏེ།  ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་། དུས་རབས་རང་བཞིན། རྩ་དོན་རང་བཞིན། དམག་འཐབ་རང་བཞིན་བཅས་ཆེ་རུ་གཏོང་དགོས།

ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུ་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་ཞིང་། གནད་དོན་འཚོལ་བཤེར་དང་སྐྱོན་བརྗོད་བྱེད་པ་ནི་མཐར་གཏུག་ན་གནད་དོན་ཐག་གཅོད་བྱེད་ཆེད་ཡིན།  ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་གནད་དོན་དག་ཐེར་ལ་དམ་འཛིན་བྱེད་པ་དེ་བརྗོད་དོན་སློབ་གསོའི་དག་ཐེར་བཅོས་སྒྲིག་བྱེད་པའི་ཁྲོད་མཉམ་འདྲེས་བྱས་ནས། བརྗོད་དོན་སློབ་གསོའི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས། དག་ཐེར་ཇུས་གཞི་བཟོས་ནས་འཐུས་ཚང་དུ་གཏོང་བ་དང་། དག་ཐེར་བྱེད་ཐབས་ཞིབ་ཕྲ་བཟོ་བ། དག་ཐེར་གྱི་དུས་བཀག་དང་འགན་འཁྲི་གསལ་བོ་བཟོ་བ། དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། བརྗོད་དོན་སློབ་གསོའི་སྒྲིག་སྲོལ་ལམ་ལུགས་འཛུགས་པའི་ལས་དོན་གྱི་འབྲེལ་ཡོད་བླང་བྱ་དང་ཟུང་འབྲེལ་བྱས་ཏེ།  “སྐབས་ཐོག་བཅོས་སྒྲིག”དང“ཡུན་ཕན་སྲོལ་འཛུགས”ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་ཐོག་ཏུ་འབྲེལ་ཡོད་ལམ་ལུགས་དང་གཏན་འབེབས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དག་ཐེར་དོན་འཁྱོལ་གྱི་ཕན་འབྲས་སྲ་བརྟན་དང་རྒྱུན་འཁྱོངས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་ལས་བྱེད་པར་ཞུན་བརྡར་དང་། ལས་བྱེད་པ་ཤེས་རྟོགས། ལས་བྱེད་པ་དབྱེ་འབྱེད་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་དགོས། གོང་རིམ་ཏང་རྩ་འཛུགས་ཀྱིས་མངག་གཏོང་བྱས་པའི་མཛུབ་སྟོན་ཚན་ཆུང་དང་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གིས་སྔོན་ཚུད་ནས་ཞུགས་པ་དང་། ལས་རིམ་ཧྲིལ་པོར་ཞུགས་པ། འགག་སྒོ་ནན་མོ་སྲུང་བ་བཅས་བྱས་ཏེ་འབྲེལ་གཏུག་བྱེད་སའི་ཚན་པའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུར་ལྟ་སྐུལ་དང་མཛུབ་སྟོན་ཏན་ཏིག་བྱེད་དགོས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་ནི་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་རྒྱུན་ཆད་མེད་པར་རིམ་པ་སྤོར་དགོས་པའི་བརྒྱུད་རིམ་ཞིག་ཡིན། ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཏན་ཏིག་ངང་འཚོགས་ནས་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་དག་ཐེར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་རྒྱུན་ཆད་མེད་པར་ཕུགས་བསམ་བརྟན་གཏོང་དང་། ཏང་གཤིས་ཞུན་བརྡར། ལག་ལེན་ལ་མཛུབ་སྟོན།  བྱ་བར་སྐུལ་འདེད་བཅས་ཀྱི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱས་ནས། རང་འགན་གཙང་སྒྲུབ་བྱེད་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  རྒྱུན་སྲིང་ལྷོད་མེད་སྒོས་དོན་འཁྱོལ་དམ་འཛིན་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ་བཅས་བྱས་ཚེ།  ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐུབ་པའི་བྱས་རྗེས་དངོས་བསྐྲུན་ཐུབ་ངེས་ཡིན།  

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།