ཀྲུང་གོ་མི་དམངས་དངུལ་ཁང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.09.12 ཁུངས། མི་དམངས་དྲ་བ། ཀློག་གྲངས། 2

དམངས་ཀྱི་ཆེད་དུ་དངུལ་རྩ་སྤྱད་དེ་འཕེལ་རྒྱས་ཀྱི་དཀའ་གནད་བསལ་བ།

ཕྲན་ཚེགས་ཁེ་ལས་ལ་སྒུལ་ཤུགས་བསྣན་ནས་དངུལ་རྩའི་གསོན་ཤུགས་འཕེལ་བ་དང་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ཡོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་དང་བཅོས་སྒྲིག་གི་འཛིང་རགས་ཇེ་བརྟན་དུ་བཏང་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བ་སྤེལ་བའི་ཚུན་ལ། ཀྲུང་གོ་མི་དམངས་དངུལ་ཁང་གིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་བརྟན་དུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། བརྗོད་དོན་སློབ་གསོ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་དང་ཀྲུང་གོ་མི་དམངས་དངུལ་ཁང་གི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་ནན་མོ་དང་། རྒྱ་ཁྱབ་ངང་བརྟག་ཞིབ། དངོས་འཛིན་དངོས་སྒྲུབ། བྱེད་ཐབས་སྣ་མང་མཉམ་སྤྱོད་བཅས་བྱས་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་བཏང་ཡོད།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་གོ་མི་དམངས་དངུལ་ཁང་ཏང་ཨུ་ཡིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་སློབ་སྦྱོང་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། ཏང་ཨུའི་ཚན་ཁག་གི་ཁོངས་མིས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དཔེ་ཀློག་འཛིན་གྲྭ་དང་གཅིག་སྡུད་བགྲོ་གླེང་ཏན་ཏིག་བྱས་པ་དང་འབྲེལ་ཁོངས་གཏོགས་ཏང་ཡོན་དང་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཚན་ཁྲིད་དེ་སློབ་སྦྱོང་གི་ཕན་འབྲས་རྒྱུན་མི་ཆད་པར་ཆེ་རུ་བཏང་ཡོད། སྤྱི་ཁྱབ་དངུལ་ཁང་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་ཀྱི་གཞི་རྟེན་བརྒྱུད་སྒེར་གྱི་རང་སྦྱོང་དང་། གཅིག་སྡུད་སློབ་སྦྱོང་། ཆེད་བསྐོས་མི་སྣའི་འཆད་ཁྲིད། སྤེལ་རེས་དང་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་ལམ་སྲོལ་བཙུགས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སློབ་སྦྱོང་གཏིང་ཟབ་བྱས་ཡོད།

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཀྲུང་གོ་མི་དམངས་དངུལ་ཁང་གིས“གཏིང་ཟབ་དང་། ཏན་ཏིག ཞིབ་ཚགས། གནད་འཁེལ། ཕན་འབྲས”བཅས་ལག་བསྟར་ནན་ཏན་བྱས་ནས་ཁོངས་གཏོགས་ཧྲིལ་པོར་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་བྱས་པ་དང་། བྱ་བའི་ཇུས་གཞི་བཀྲམ་པ། བརྟག་ཞིབ་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་པ། བརྟག་དཔྱད་ཞིབ་འཇུག་གི་གཙོ་གནད་ལས་འགན་དང་། བྱ་ཐབས། གོ་རིམ་བཅས་གསལ་བོ་བཟོས་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་ཏང་ཨུ་ཡིས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ་དང་མཐའ་མཚམས་ཚོང་དོན་གྱི་མི་དམངས་ཤོག་སྒོར་བསྡོམས་རྩིས་སོགས་གཙོ་གནད་བརྟག་ཞིབ་བྱ་གཞི་ཞིབ་འཇུག་གཏན་འཁེལ་བྱས་པ་དང་། ཚན་ཁག་གི་ཁོངས་མི་ས་གནས་མང་པོའི་མང་ཚོགས་དང་། ཁེ་ལས། དངུལ་རྩའི་སྒྲིག་གཞི་བཅས་སུ་བསྐྱོད་དེ་གཞུང་ལས་ཁང་དུ་ཐོས་དཀའ་བ་དང་མཐོང་དཀའ་བའི་གནད་དོན་དངོས་ཤེས་རྟོགས་དང་རྒྱུས་མངའ་ལོན་པར་བྱས་པས། རིན་ཐང་ལྡན་པ་དང་གནད་ལ་འཁེལ་བའི་བརྟག་ཞིབ་གྲུབ་འབྲས་ཁག་གཅིག་གྲུབ་ཡོད།

བརྗོད་དོན་སློབ་གསོའི་ཚན་པ(སྡེ་ཚན)ཁག་དང་པོས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཁག700ལྷག་ཙམ་འཆར་འགོད་གཏན་འབེབས་བྱས་པ་དང་། བརྟག་དཔྱད་ཞིབ་འཇུག་ཐེངས2800ལྷག་ཙམ་བྱས་པ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་ཉེར་སྤྱོད་ཀྱི་གསལ་ཐོ་གསེད་བཀྲོལ་བྱས་པ། ལས་ཡུལ་དངོས་སུ་གནད་དོན་ཐག་གཅོད་དང་། སྲིད་ཇུས་དང་བྱ་ཐབས་འདོན་པ། བྱ་བའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཉེན་ཁ་དྲན་སྐུལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་དང་ལས་དོན་ཇེ་ལེགས་སུ་གཏོང་བའི་ཕན་འབྲས་དངོས་སུ་ཏན་ཏིག་གིས་བསྒྱུར་ཡོད།

གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྤྱི་བདེ་པུའུ་སོགས་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་གློག་འཕྲིན་དྲ་རྒྱའི་མགོ་སྐོར་སྔོན་འགོག་དང་དེར་རྡུང་རྡེག་གཏོང་བའི་དག་ཐེར་དང་བཅོས་སྒྲིག་བྱ་བར་དམ་འཛིན་ཡག་པོ་བྱས་པ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་དང་དངུལ་ཁང་མིན་པའི་དངུལ་སྤྲོད་སྒྲིག་གཞིར“ཉེན་ཁ་ལྟ་ཞིབ་ཚད་ལེན་དང་། དུས་ཐོག་ཐག་གཅོད། ཚུར་ལན་ནུས་ལྡན། རྒྱུན་མཐུད་ལེགས་གཏོང”བཅས་ཀྱི་ཉེན་ཁའི་མ་ལག་འཛུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་གཏོང་བའི་འཛིང་རགས་མུ་མཐུད་ཇེ་བརྟན་དུ་བཏང་ཡོད།

ཀྲུང་གོ་མི་དམངས་དངུལ་ཁང་གི་འགན་འཁུར་བློ་མཐུན་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ་དངུལ་རྩའི་ཞབས་ཞུའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བླང་བྱ་གསར་པར་དམིགས་ཏེ།“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་བཅངས་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།