ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་དངོས་སྒྲུབ་ཡར་བརྩོན་གྱི་འགན་འཁྲི་ལག་བསྟར་བྱེད་དགོས།
2023.09.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ་བསྡུས་པའི་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་དང་པོའི་ཕྱོགས་སྡོམ་དང་སྐོར་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་ཐོག སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཕན་འབྲས་ཕྱོགས་སྡོམ་བྱས་པ་དང་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་བཀོད་སྒྲིག་བྱས་པ་རེད། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་དང་པོའི་ཕྱོགས་སྡོམ་དང་སྐོར་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་།“ལས་བྱེད་པས་བྱ་བ་སྒྲུབ་པ་དང་། བསམ་ཕྱོགས་གསལ་པོ་བྱེད་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱར་དམ་པོར་དམིགས་ནས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཅས་བྱ་རྒྱུ་དེ་ལག་ལེན་གྱི་གཞི་རྟེན་དུ་བྱས་ནས་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་བྲེལ་འཚུབ་དང་དཀའ་གནད། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྐོར་དང་པོ་དང་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་དང་སྦྲེལ་མཐུད་ནན་མོ་བྱས་ཏེ། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། རང་ཞིང་གིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། བསམ་ཕྱོགས་གསོན་ཉམས་ལྡན་པ། བྱ་བ་ཏན་ཏིག་གིས་སྒྲུབ་པ། སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་བྱ་བའི་དམིགས་འབེན་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལག་ལེན་གྱི་གཞི་རྟེན་གསུམ་བཏོན་ཡོད། གཏན་འབེབས་ཀྱི་བྱ་སྤྱོད་ཏན་ཏིག་གིས་སྒྲུབ་པ་དང་། རང་འདེམས་ཀྱི་བྱ་སྤྱོད་གསར་གཏོད་བྱེད་པ། ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱ་རྒྱུ་མངོན་གསལ་ཡོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་སྟོབས་ཤུགས་དངོས་འབྲེལ་ཐོན་པ་བྱེད་དགོས། སློབ་སྦྱོང་ལ་རྒྱུན་འཁྱོངས་དང་ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ནན་མོ་བྱས་ནས་བསམ་ཕྱོགས་དངོས་གནས་གསོན་ཉམས་དོད་པོ་ཡོང་བ་བྱེད་དགོས། དངོས་སྒྲུབ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་གཙོ་གནད་ལས་འགན་ལ་དམིགས་པ་དང་། བྱ་བ་ཏན་ཏིག་གིས་སྒྲུབ་པ་བཅས་བྱེད་དགོས། གཟབ་ནན་དང་དྲང་གཞག་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ནན་མོ་ལག་བསྟར་དོན་འཁྱོལ་བྱ་དགོས། དོ་དམ་ནན་མོ་དང་གཅེས་སྐྱོང་ཆེན་པོ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་བཏོད་དེ་སྤྱོད་ཚུལ་ཏན་ཏིག་ཡོང་བ་བྱེད་དགོས།

ཟླ་བ་ལྔ་ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པའི་ཐད་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བྱས་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བའི་ཐད་འཇོན་ཐང་ཆེ་རུ་ཕྱིན་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་བཏང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་ཐད་ལས་སྒྲུབ་ཀྱི་སྤྲོ་སེམས་འཕེལ་བ་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་ཇེ་ཟབ་ཏུ་ཕྱིན་པ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བཅས་ཀྱི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་ཕྱིན་ཡོད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་བྱས་པར་བརྟེན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཡར་རྒྱས་གསར་པ་ཐོབ་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ལ་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པ་ཐོན་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པ་དེ་རེད།

བརྗོད་དོན་སློབ་གསོ་སྐོར་དང་པོ་བརྒྱུད་འགྲེམས་བྱས་པ་ནས་སྐོར་གཉིས་པར་སླེབས་པ་དེ་ནི་གོམ་པ་རིམ་བགྲོད་ཀྱི་བརྒྱུད་རིམ་ཞིག་ཡིན་ལ་ཁྱོན་ཡོངས་དམ་འཛིན་བྱེད་པའི་བཀོད་སྒྲིག་ཅིག་ཀྱང་རེད། སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཁྲོད་དུ་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པར་བྱ་རྒྱུ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་ཁོང་དུ་ཆུད་པ་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་དངོས་དོན་སྒྲུབ་པར་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། ཏང་གཤིས་སྦྱོང་བརྡར་བྱ་རྒྱུ་དང་སྤྱོད་ཚུལ་ལེགས་སྐྱོང་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་པོ་བྱེད་པ། གནད་དོན་དངོས་ཐག་གཅོད་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་པོ་བྱེད་པའི་ཉམས་མྱོང་དང་བྱེད་ཐབས་བཅས་གྲུབ་པ་རེད། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་སའི་ས་ཁུལ་དང་སྡེ་ཁག ལས་ཁུངས་བཅས་དཔལ་འབྱོར་འཛུགས་སྐྲུན་དང་། གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་ལས་ཡུལ་དང་པོར་གནས་པ་དང་། མང་ཚོགས་དང་འབྲེལ་གཏུག་སྔར་ལས་དམ་ཟབ་དང་། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་རེ་སྒུག་སྔར་ལས་མཐོ་བ་དང་། ཚོད་བགམ་ཡང་དེ་བས་མང་བ་འཕྲད་སྲིད། ང་ཚོས་སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཐད་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་གི་རྨང་གཞིའི་ཐོག་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས།

ལེ་དབར་ཁྲི་ཡི་ལམ་ཐག་བརྒྱུད་ནས་རྒྱང་སྐྱོད་བྱེད། ལས་འགན་ལྕི་མོ་སླར་ཡང་ཕྲག་ཐོག་ཏུ་བབས། ང་ཚོས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པའི་ཁྲོད་ཏང་གཤིས་ཞུན་བརྡར་དང་། ཐོག་མའི་བསམ་འདུན་བརྟན་སྲུང་བྱ་རྒྱུ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པའི་ཁྲོད་བློ་གྲོས་གཅིག་ཏུ་འགྲིལ་བ། འཇོན་ཐང་ཆེ་རུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཁྲོད་ཏང་གི་དཔོན་རིགས་དོ་དམ་དང་སྤྱོད་ཚུལ་ཇེ་ལེགས་སུ་དང་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་འཁུར་ཕོད་པ། དངོས་སྒྲུབ་དངོས་གཉེར་བཅས་བྱེད་དགོས། དམིགས་འབེན་དང་བླང་བྱ་འཕྱུགས་མེད་དང་། རིགས་དབྱེ་ནས་སྲིད་ཇུས་སྤྱོད་རྒྱུར་མཐོང་ཆེན་བྱེད་པ། མང་ཚོགས་ཟབ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། བྱ་བ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱས་ནས་བསམ་བློ་ལྷོད་པོར་མི་གཏོང་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། བྱ་བ་སྤེལ་ཤུགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་གྱི་ས་གཞི་ཆེན་མོར་དོན་འཁྱོལ་བྱ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།