མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས།
2023.09.18 ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ། ཀློག་གྲངས། 54

 ཟླ༩པའི་ཚེས༡༥ཉིན་གྱི་ཕྱི་དྲོ།  མཚོ་བྱང་ཁུལ་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལས་དོན་བཀོད་སྒྲིག་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཏེ། བརྗོད་དོན་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ལ།  ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ལས་དོན་བཀོད་སྒྲིག་བྱས།

ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་དང་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་སྤེལ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཀྲང་ཧྲེང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་བྱས། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ལྔ་པའི་ཚན་གཙོ་གཞོན་པ་ཝུའུ་ཡིའུ་ཀྲེན་ཚོགས་འདུར་ཞུགས་ཡོད། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སི་ཅི་ཧྲེང་གིས་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས།

ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། བརྗོད་དོན་སློབ་གསོ་ཡག་པོ་སྤེལ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་བརྩི་བ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་བརྩི་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་བ་དང་རང་ངོས་གསར་བརྗེ་བྱེད་ཕོད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཏུ་བརྩིས་ཏེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་མཚོ་བྱང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་རྩ་བའི་བླང་བྱར་དམིགས་པ། ཞིབ་ཕྲའི་བླང་བྱར་དམིགས་པ། གཙོ་གནད་བྱ་ཐབས་དོན་འཁྱོལ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བཅས་བྱས་ཏེ། “གཞི་རྟེན་བཞི”ལ་བརྟེན་ནས་ཐོག་མཐའ་བར་གསུམ་དུ“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་ཡིན་པ”བཅས་ཀྱི་དངོས་སྒྲུབ་ཁྲིད་སྟོན་དེ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱས་ཏེ། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ཆེར་གཏོང་བ་དང་བསམ་ཕྱོགས་གསོན་ཤུགས་ལྡན་པར་བྱེད་པ། སྒྲིག་ཁྲིམས་ནན་མོ་ཡིན་པ། སྤྱོད་ཚུལ་ནན་མོ་ཡོང་བར་སྐུལ་འདེད་གཏོང་དགོས། “དགོངས་པར་སློབ་སྦྱོང་བྱེད་པ”དེ་ལས་འགན་ཨང་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་དང་། སློབ་སྦྱོང་གཏིང་ཟབ་དང་གོ་རྟོགས་གསལ་པོ་ཡོང་བར་བྱས་ཏེ་སེམས་ཤུགས་ལ་བརྟེན་ནས་རྩ་བ་བརྟན་པོ་འཛུགས་དགོས། མཚོ་བྱང་གི་བསམ་པའི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བརྩིས་ཏེ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་གཤིས་རྒྱུད་སྦྱོང་བརྡར་བྱས་ནས་ལྷག་བསམ་རྣམ་དག་ལ་ཤུགས་སྣོན་རྒྱག་དགོས། མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཞིང་ཆེན་ཏང་ཨུའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། དངོས་སྒྲུབ་ཁག་འཁུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བཤད་རྒྱུར། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བྱས་ཏེ་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་བསམ་བློ་གཏོང་བ་དང་གོ་རྟོགས་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་པ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་ཁ་ཕྱོགས་གསལ་རྟོགས། བྱེད་ཐབས་སློབ་སྦྱོང་། བློ་གྲོས་འཕེལ་བར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཐད་“གནས་ཚུལ་དངོས་ལ་རྟོག་ཞིབ་”བྱེད་པ་དང་།  “མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི”བྱེད་ཐབས་སྤྱད་དེ།  དཀའ་ངལ་མང་བ་དང་བྱ་བའི་རྣམ་པ་གཏོད་མི་ཐུབ་པའི་ས་གནས་དང་སྡེ་ཚན་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱེད་དགོས།  འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད“འགན་འཁྲི་འཁུར་ཕོད་པ”དང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག དུས་བདེའི་མཚོ་བྱང་འཛུགས་སྐྲུན་བཅས་ལ་དམིགས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་འགྱུར་ལྡོག་གཏོང་བ། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བཅས་བྱས་ཏེ།  དངོས་སྒྲུབ་ཀྱིས“མཚོ་བྱང་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར”ཞུགས་དགོས།  ཞིབ་བཤེར་དང་དག་ཐེར་ཡོ་བསྲང་ཐད་“དངོས་གནས་ནན་མོ་བྱེད་”པ་དང་།  “གནད་དོན་གནད་སྨིན་འཚོལ་ཞིབ་དང་དག་ཐེར་ཡོ་བསྲང་བྱས་ནས་མེད་པར་བཟོ་བ།  འབྱུང་རྩ་བཅོས་སྐྱོང”བཅས་ཀྱི་འགག་རྩ་གསུམ་ལ་དམ་པོར་དམིགས་ནས། “དུས་ཚོད་རེའུ་མིག”དང་“ལམ་རིས།” “ལས་སྒྲུབ་རེའུ་མིག”བཅས་ཁ་གསལ་བཟོ་དགོས་པ་དང་། ལྷག་པར་དུ་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པ་དང་ཡུན་རིང་ཐག་གཅོད་མ་བྱས་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་དམ་འཛིན་ལྷོད་མེད་དང་ཐག་གཅོད་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས། སྒྲིག་སྲོལ་དང་ལམ་ལུགས་བཟོ་བའི་ཐད་“ཕུགས་ཕན་དམ་འཛིན་”བྱས་ཏེ་ལམ་ལུགས་ཀྱི་གཟེབ་རྒྱ་དམ་པོ་བཟོས་ནས་ལམ་ལུགས་ཀྱི་ཞན་ཆ་དང་ལམ་སྲོལ་གྱི་ཞན་ཆ་གསབ་གང་ཐུབ་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་སྤྱོད་ཚུལ་ནན་མོ་དང་ཕྱོགས་སྟོན་དྲང་པོར་བརྟེན་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། ཁུལ་གྱི་ཚན་ཁག་ཆེན་པོ་སོ་སོས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“སྣེ་ཁྲིད་ཀྱི་ཕན་འབྲས”ཧུར་ཐག་གིས་ཆགས་པར་བྱེད་དགོས། དྲིལ་སྒྲོག་ཁྲིད་སྟོན་ལ་དམ་འཛིན་ཡག་པོ་བྱས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པོ་ཡོད་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་རྣམ་པ་བཟང་བོ་ཞིག་གཏོད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་དང་བྱ་བའི་ཕན་འབྲས་དངོས་བརྩོན་ལེན་བྱས་ཏེ། བརྗོད་དོན་སློབ་གསོའི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ཆེ་རུ་གཏོང་དགོས། བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་རྒྱུ་དེ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ལོ་འཁོར་གྱི་བྱ་བའི་ལས་འགན་སྣ་ཚོགས་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ།  གཞི་རིམ་ཏང་འཛུགས་སྐྲུན་གྱི“དྲུག་ཅན་གཅིག”ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་གསར་པ་ལེན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་གཡུལ་ས་བེད་སྤྱོད་ཡག་པོ་བྱེད་པ། སྟབས་བསྟུན་སྣ་མང་གི་བྱེད་ཐབས་སྤྱད་དེ་བརྗོད་དོན་སློབ་གསོ་དེ་གཞི་རིམ་ཏང་རྩ་འཛུགས་ཡོངས་དང་ཏང་ཡོན་དཀྱུས་མ་ཚང་མའི་ཁྲོད་ཁྱབ་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཞུའེ་ཅན་ཧྭ་ཡིས་བཤད་རྒྱུར། བརྗོད་དོན་སློབ་གསོ་སྤེལ་བའི་དམིགས་འབེན་བླང་བྱ་དང་བྱེད་ཐབས་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པ་དང་དམིགས་འབེན་ཕྱོགས་སྟོན་དང་གནད་དོན་གྱི་ཁྲིད་ཕྱོགས། ཕན་འབྲས་ཀྱི་ཁྲིད་ཕྱོགས་བཅས་ཕན་ཚུན་གཅིག་གྱུར་ཡོང་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་སློབ་གསོའི་ལས་འགན་སྣ་ཚོགས་དོན་འཁྱོལ་ཞིབ་ཚགས་བྱེད་དགོས། རིམ་པ་རེ་རེ་བཞིན་འགན་འཁྲི་འཁུར་དགོས་པ་དང་རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ་)ཧྲུའུ་ཅིས་རང་ངོས་དམ་འཛིན་དང་དཔེ་སྟོན་སྐུལ་ཁྲིད་བྱེད་དགོས་ལ། གཞི་རིམ་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་ཀྱང་གཏོང་དགོས། མགོ་ཁྲིད་ཚན་པའི་ཁོངས་མིས་ལས་བགོས་འགན་གཉེར་ས་ཁུལ་དང་སྡེ་ཚན་དུ་བསྐྱོད་དེ་ཆེད་དོན་ལྟ་སྐུལ་སློབ་སྟོན་བྱེད་པ་དང་། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ་གཙོ་གནད་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐོར་གཟིགས་སྐོར་ཞིབ་ལས་དོན་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། བརྗོད་དོན་སློབ་གསོ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བར་འགན་ལེན་ཏན་ཏིག་བྱེད་དགོས། རིམ་པ་སོ་སོའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གིས་གོང་རིམ་གྱི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ་དང་བརྗོད་དོན་སློབ་གསོ་སྤེལ་མཁན་གྱི“བསམ་ཤེས་ཅན”ཡག་པོ་ཞིག་བྱས་ཏེ། སྤྱི་འདོམས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་གོང་འོག་མཉམ་འགུལ་དང་སྔ་རྗེས་འབྲེལ་མཐུད་རྒྱུན་འཁྱོངས་བྱས་ཏེ། དཀའ་གནད་དང་གནད་དོན་དུས་ཐོག་ཏུ་གོང་ལ་སྙན་ཞུ་བྱེད་པ་དང་། འབྲེལ་མཐུད་དམ་ཟབ་བྱེད་པ་དང་གྲོས་འགོ་འདོན་པ་བཅས་བྱས་ཏེ།  གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ། ལས་འགན་གསལ་ཐོ་བཅས་བཟོས་ནས་ཕན་ཚུན་ཤུགས་འདོན་དང་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཕྱོགས་ལྷུང་ཡོ་བསྲང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་ཟེར།

ཀྲང་ཧྲེང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས་བཤད་རྒྱུར། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཚན་རིག་དང་མཐུན་པའི་ཇུས་འགོད་དང་འགན་འཁྲི་གཟབ་ནན་དུ་བཏང་ནས་བརྗོད་དོན་སློབ་གསོ་སྤེལ་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། བརྗོད་དོན་སློབ་གསོ་དེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཟུང་འབྲེལ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། སློབ་སྦྱོང་ཞིབ་ཚགས་དང་ལག་ལེན་ཁྲོད་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ཁྲོད་ཞུགས་པ་དང་འཐབ་ས་དང་པོར་བསྐྱོད་དེ་གནད་དོན་དངོས་འབྲེལ་ཤེས་རྟོགས་དང་གནད་དོན་གོང་ཞུ། གནད་དོན་ཐག་གཅོད་བཅས་བྱེད་ཐུབ་པའི་སྤུས་ཚད་མཐོ་བའི་བརྟག་ཞིབ་གྲུབ་འབྲས་ཁག་ཅིག་ཆགས་པར་བྱེད་དགོས།  བློ་རྩེ་ནང་ལ་ཕྱོགས་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་གནད་དོན་གྱི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ་དང་གནད་དོན་ལ་ཞིབ་བཤེར་ནན་ཏན་བྱེད་པ། འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱེད་པ། རེ་རེ་བཞིན་དག་ཐེར་དོན་འཁྱོལ་བཅས་བྱས་ཏེ།  བརྗོད་དོན་སློབ་གསོའི“གོ་ཆོད་ཚད”ཆེ་རུ་ཏན་ཏིག་གཏོང་དགོས། བརྗོད་དོན་སློབ་གསོའི་ཁྲོད་གྲུབ་པའི་ཉམས་མྱོང་དང་བྱེད་ཐབས་བཟང་པོ་དུས་ཐོག་ཏུ་ཕྱོགས་སྡོམ་དང་གདམ་གསེས་བྱེད་དགོས་པ་དང་། ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་གཏན་འཁེལ་བྱས་ནས་བེད་སྤྱོད་ཡག་པོ་དང་རྒྱུན་འཁྱོངས་ཡག་པོ་བྱས་ཏེ་ཡུན་རིང་གོ་ཆོད་དང་རྒྱུན་རྣམ་གྱི་ཕུགས་ཕན་འགན་ལེན་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་བཅོས་སྒྲིག་དག་ཐེར་ཚན་ཆུང་གི་ཁོངས་མི། ཁུལ་དུ་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད། ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཁུལ་ཨུའི་སྡེ་ཚན་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། དེ་བཞིན་རྫོང་རིམ་པ་གཞོན་པ་ཡན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ། རྫོང་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་རྩ་འཛུགས་པུའི་པུའུ་ཀྲང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།