མི་དམངས་སྲིད་གྲོས་ཀྱི་ཁྱད་ནུས་འདོན་སྤེལ་བྱས་ཏེ་ལས་རིགས་སོ་སོའི་མཐུན་སྒྲིལ་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།
2023.09.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་བའི་བརྗོད་དོན་སློབ་གསོར་བརྟེན་ནས་ཚད་གཞི་མཐོ་བའི་སྲིད་གྲོས་ཀྱི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་འདེད་བཏང་བ།

“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ང་ཚོས་མི་དམངས་སྲིད་གྲོས་ཀྱི་བྱ་བ་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློ་གལ་ཆེན་ཞིག་རེད། དེས་ཏང་སེམས་དང་དམངས་ཀྱི་འདོད་བློ་གཅིག་སྡུད་བྱས་པ་དང་། དུས་རབས་གསར་པའི་ཀྲུང་གོ་འཕེལ་རྒྱས་གཏོང་བའི་ལྡོག་མེད་བླང་བྱ་མཚོན་ཡོད་པས། དེ་ནི་ང་ཚོས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་སྤེལ་བ་དང་གསར་འབྱེད་གསར་གཏོད་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད།”

“སྟོབས་ཤུགས་ནི་མཐུན་སྒྲིལ་དང་འོད་སྟོང་འབར་བའི་འབད་འཐབ་ལས་བྱུང་བ་ཞིག་རེད། འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཁྱབ་ཁོངས་གལ་ཆེན་དང་གནད་འགག་རིམ་པའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུར་དམིགས་པ། ཞང་ཀང་དང་ཨའོ་མོན་ཨུ་ཡོན‘ཕྱོགས་གཉིས་ཀྱི’ཁྱད་ནུས་འདོན་སྤེལ་གང་ལེགས་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་ལ་སྐུལ་སློང་བྱེད་པ། དཔལ་འབྱོར་སྐུལ་འདེད་དང་རིག་གནས་གསར་རྩོམ། ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་སོགས་ཀྱི་ནང་དོན་ལ་དམིགས་ནས།‘ཞང་ཀང་དང་ཨའོ་མོན་གྱི་ལེགས་ཆ’འདོན་སྤེལ་བྱེད་པ།‘ས་གནས་དེ་གའི་དགོས་མཁོ’དང་སྦྲེལ་མཐུད་བཅས་བྱས་ནས། མཚོ་སྔོན་དང་ཞང་ཀང་། ཨའོ་མོན་ས་ཁུལ་དང་དེ་མིན་ཕྱི་རྒྱལ་གྱི་དཔལ་འབྱོར་ཚོང་དོན་དང་།  རིག་གནས། སློབ་གསོ་སོགས་ས་ཁོངས་བརྗེ་རེས་མཉམ་ལས་ཐད་བྱས་རྗེས་འཇོག་དགོས།”

ཉེ་ལམ། ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་རིགས་ཁོངས་ཀྱི་ཨུ་ཡོན་ཡོངས་རྩ་འཛུགས་བྱས་ཏེ། དྲ་ཐོག་ནས་རིགས་གཞུང་བགྲོ་གླེང་བྱས་པ་དང་། ཨུ་ཡོན་རྣམས་ཀྱིས་ས་ཁོངས་ཀྱི་ཚད་བཀག་ལས་བརྒལ་ཏེ། དྲ་རྒྱའི་སྟེགས་བུ་བརྒྱུད་ནས་རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་ཧུར་ཐག་བྱས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྲིད་གྲོས་ཀྱིས་དམིགས་འབེན་ལས་འགན་ལ་དམིགས་པ་དང་། སྲིད་གྲོས་ཀྱི་འགན་འཁྲིའི་ངེས་གནས་ལ་དམིགས་པ། བརྟག་དཔྱད་ཞིབ་འཇུག་དང་། མང་ཚོགས་དང་འབྲེལ་གཏུག ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་སོགས་ཀྱི་ཐད་གནས་ཚུལ་དངོས་ཤེས་རྟོགས་དང་། བསམ་ཕྱོགས་གསལ་བོ་དང་བྱ་ཐབས་ནུས་ལྡན་བཅས་བྱས་ནས། བྱ་བའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོ་དང་གཙོ་གནད་ལས་དོན་སྣ་ཚོགས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱས་ནས་བྱ་ཐབས་དངོས་བཏོན་པ་དང་ཕན་འབྲས་ཐོན་པ་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱས་རྗེས་གསར་པ་མངོན་པར་བྱས་ཡོད།

དགོངས་པར་སློབ་སྦྱོང་དང་ནུས་ཤུགས་གཅིག་བསྡུས་བྱེད་དགོས།

སློབ་སྦྱོང་ཇི་ཙམ་བྱས་ཚེ་ཤེས་པ་དེ་ཙམ་གྱིས་གསལ་ལ། ཡིད་ཆེས་དེ་ཙམ་གྱིས་བརྟན་པ་དང་། ལག་ལེན་དེ་ཙམ་གྱིས་ནན་མོ་བཅས་བྱ་དགོས།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨའོ་མོན། ཐའེ་ཝན། ཕྱིར་སྡོད་རང་མི་བཅས་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་གྱི་བྱ་བའི་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བྱེད་ཐབས་གསར་གཏོད་བྱས་ཏེ། ཨུ་ཡོན་ཡོངས་རྫོགས་རྩ་འཛུགས་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།“གཙོ་འཛིན་གྱི་དགོངས་པར་སློབ་སྦྱོང་དང་འགན་འཁྲི་འཁུར་མཁན་གྱི་ཨུ་ཡོན་བྱེད་པའི”རིགས་གཞུང་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད།

“ང་ཚོས་ཨུ་ཡོན་ཡོངས་རྩ་འཛུགས་བྱས་ཏེ་དྲ་ཐོག་ཏུ་སློབ་སྦྱོང་དང་བགྲོ་གླེང་བྱས་ནས། ཨུ་ཡོན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་བསྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་དང་ཤེས་རྟོགས། ཚད་ལྡན་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལག་ལེན་ལ་སྣང་ཆེན་དང་། ལེགས་སྐྱེས་གསར་པ་འབུལ་རྒྱུའི་དར་ཆའི་ཁྲིད་སྟོན་དང་ཁ་ཕྱོགས་གསལ་སྟོན། རང་རྟོགས་ངང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བ། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲིའི་འདུ་ཤེས་དང་ལས་དོན་སྒྲུབ་དགོས”ཞེས་ཞིང་ཆེན་སྲིད་གྲོས་ཀྱི་ཀང་ཨའོ་ཐའེ་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཐེན་ཧོས་ཡོན་གྱིས་དེ་ལྟར་བཤད།

ཞིབ་བསྡུར་བྱེད་སྐབས། ཨུ་ཡོན་ཚོས“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་སྒྲུབ་མཁན་ཨུ་ཡོན་དང་། བློ་འདོན་པའི་འགན་འཁྲི་དང་ཇུས་འདོན་པའི་འགན་འཁྲི་འཁུར་མཁན་བཅས་རྒྱུན་མི་ཆད་པར་ཆེ་རུ་བཏང་ནས། དྲ་ཐོག་བགྲོ་གླེང་དང་སློབ་སྦྱོང་གི་བསམ་ཚུལ་བརྗེ་རེས་ནང་ཧུར་ཐག་གིས་ཞུགས་ཏེ། སྐབས་གསར་པའི་སྲིད་གྲོས་ཨུ་ཡོན་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལག་བསྟར་གྱི་འགན་འཁྲི་མངོན་པར་བྱས།

གྲོས་བསྡུར་དང་སློབ་སྦྱོང་བྱས་པ་བརྒྱུད། ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞང་ཀང་ཧྥུའུ་ཀྲུང་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པ། ཞང་ཀང་ཞིན་ཆིན་ཚོགས་པའི་ཀྲུའུ་ཞི་བཅས་ཡིན་པའི་ཀྲང་རན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སྔར་ལས་གོ་བ་གཏིང་ཟབ་བླངས་པ་དང་། ཁོང་གིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་མོ་བྱས་རྗེས། ངས་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས།བསམ་བློའི་གོ་རྟོགས་ཤེས་རྟོགས་ཐུབ་བྱུང་ལ། ཏང་གི་འགོ་ཁྲིད་འོག རྒྱལ་ཁབ་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡོངས་འགྲུབ་བྱས་པ་དང་། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་མཐོང་། ‘གཏན་འཁེལ་གཉིས’ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པའི་ངེས་ཤེས་ཟབ་མོ་བྱུང་ལ། ང་རང་ཉིད་ཀྱིས་མུ་མཐུད་དུ‘འདུ་ཤེས་བཞི’ཇེ་དྲག་ཏུ་གཏོང་བ་དང་།‘རང་རྟོན་བཞི’ཇེ་བརྟན་དུ་གཏོང་བ།‘སྲུང་སྐྱོབ་གཉིས’ལེགས་པོར་སྒྲུབ་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ང་རང་ཉིད་ཀྱིས་མུ་མཐུད་དུ་ཨུ་ཡོན་གྱི་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གྲོས་འདོན་བློ་འདོན་གྱི་ཨུ་ཡོན་གྱི་འགན་འཁྲི་ནན་ཏན་སྒོས་ལག་བསྟར་བྱས་ཏེ། ཧུར་ཐག་གིས་མཚོ་སྔོན་དང་ཞང་ཀང་གི་མཐུན་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

དགོངས་པར་སློབ་སྦྱོང་དང་འགན་འཁྲི་འཁུར་ཕོད་དགོས།

བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པའི་རྒྱུན་ལྡན་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། རྨང་གཞིའི་རང་བཞིན་བཅས་ལྡན་པའི་བྱ་བ་ཞིག་རེད།

བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་དང་། ཤེས་རྟོགས་ནི་མདུན་སྐྱོད་ཀྱི་ཕྱོགས་སྟོན་ཡིན། ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་གོ་གནས་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་།“གྲོས་གཞི་ཨང་དང་པོ”ཡི་ལམ་ལུགས་རྒྱུན་འཁྱོངས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བརྟག་དཔྱད་ཞིབ་འཇུག་གི་བྱ་བར་ཁྲིད་སྟོན་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་སློབ་སྦྱོང་བརྗེ་རེས་དང་ཆེད་དོན་གྲོས་བསྡུར། ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པར་བརྟེན་ནས་མ་རྩོམ་དང་མ་ཡིག་ཀློག་སྟེ་རྩ་བའི་རིགས་པ་རྟོགས་ཐབས་བྱེད་པ་དང་། འབད་འབུངས་ཡར་བརྩོན་བྱས་ཏེ་བློ་གྲོས་དང་ནུས་ཤུགས་མུ་མཐུད་དུ་བསྡུ་ལེན་བྱེད་དགོས་ལ། བརྟག་དཔྱད་ཞིབ་འཇུག་གི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་བཟང་དུ་བཏང་ནས། བརྟག་དཔྱད་ཞིབ་འཇུག་ཡང་དག་པའི་ཁ་ཕྱོགས་སུ་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས།

“སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། མུ་མཐུད་དུ་གྲོས་མོལ་སྤེལ་རེས་གཏིང་ཟབ་དང་མཐོར་འདེགས་སུ་གཏོང་བ། བསམ་འཆར་གང་ལེགས་མཚོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བཅས་ཀྱི་སྒོ་ནས་གཅིག་སྡུད་ཡོང་བ་བྱེད་དགོས།《ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བྱ་བའི་ཇུས་གཞིའི》ནང་བཏོན་པའི་ཕྱོགས12ཀྱི་བརྟག་ཞིབ་ནང་དོན་དང་ཞིབ་བསྡུར་བྱས་ཏེ། ཞིང་ཆེན་སྲིད་གྲོས་ཀྱི་བྱ་བའི་གཙོ་གནད་དང་གྲོས་མོལ་འཆར་གཞི་གཞིར་བཟུང་ནས། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐད་བརྟག་ཞིབ་ནན་མོ་བྱས་ནས་སྲིད་གྲོས་ཨུ་ཡོན་གྱི་ཁྱད་སྟོབས་འདོན་སྤེལ་དང་། བརྟག་དཔྱད་ཀྱི་བརྗོད་གཞི་ཡང་དག་དང་བཟང་བོ་བདམས་ཏེ། དངོས་གནས་གཞི་རིམ་དུ་ཟབ་ཞུགས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱ་དགོས་པ་དང་། དངོས་སྒྲུབ་གོ་ཆོད་ཀྱི་བརྟག་ཞིབ་བྱེད་ཐབས་སྤྱད་ནས་གནད་དོན་འཚོལ་བ་དང་། བྱེ་བྲག་དང་དོན་དངོས་ཀྱི་བྱ་བའི་ཁྲོད་བྱེད་ཐབས་བཙལ་ནས། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་བྱ་བ་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐད་ཆ་ངོ་མ་བཤད་པ་དང་བྱེད་ཐབས་ལེགས་པོ་འདོན་པ། བྱ་བ་དངོས་སྒྲུབ་པ་བཅས་བྱེད་དགོས་ཞེས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཞའོ་ཐིན་གྱིས་དེ་ལྟར་བཤད།

“ང་ཚོས་བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་ལེན་དངོས་ཀྱི་ཁྲོད་འཕོ་འགྱུར་བྱེད་པའི་བརྒྱུད་རིམ་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ཨུ་ཡོན་ལྷན་ཁང་གི2023ལོའི་གཙོ་གནད་བྱ་བའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་འགན་ནུས་དང་ཁྱད་ཆོས་མངོན་གསལ་ཡོང་བ་བྱས་ནས། རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་ལྟེ་གནས་ཀྱི་བྱ་བར་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་རྣམ་གྲངས་5གཙོ་གནད་ཐོག་བཀོད་སྒྲིག་བྱས་པ་དང་། ཐོན་ལས་ཀྱི‘གནས་བཞི’འཛུགས་སྐྲུན་ལ་དམ་པོར་འབྲེལ་ནས། ཕྱོགས་བསྡུས་འཁོར་སྐྱོད་ཀྱི་བརྟག་དཔྱད་བཞུགས་མོལ་ཚོགས་འདུ་དང་རྒྱུགས་ལེན་བརྟག་དཔྱད། བཅར་འདྲི་བྱས་ཏེ་བརྟག་དཔྱད་བྱེད་པ། ཡུལ་དངོས་སུ་སོང་ནས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ཕྱོགས་ཡོངས་ནས་དོན་དངོས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་བློ་འདོན་གྲོས་འདོན་ལ་རྨང་གཞི་འདིང་དགོས། ནུབ་བྱང་གི་ཞིང་ལྗོངས་ལྔའི་སྲིད་གྲོས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བའི་མཉམ་འབྲེལ་ཚོགས་འདུ་ཐེངས་བཞི་པའི་ཐོག ནུབ་བྱང་གི་ཞིང་ལྗོངས་ལྔས་དར་གོས་ལམ་བུའི་ལྗང་མདོག་གློག་གི་བར་ཁྱམས་དང་ནུབ་བྱང་གི་ལྗང་མདོག་གློག་གི་དཔེ་སྟོན་ཁུལ་ཕྱོགས་བསྡུས་ཀྱི《བསམ་འཆར》དང་མཉམ་དུ《གྲོས་གཞི》བཟོས་པར་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱས་པས། ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོས་མགྲིན་གཅིག་ཏུ་དང་ལེན་བྱས་ཡོད”ཅེས་ཞིང་ཆེན་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཀྲའོ་ཁྲང་ཧྲིན་གྱིས་དེ་ལྟར་བཤད།

དགོངས་པར་སློབ་སྦྱོང་བྱས་ན་བྱས་རྗེས་བཟང་བོ་འཇོག་དགོས།

“སློབ་སྦྱོང་བྱས་པ་བརྒྱུད་རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་ཕྱིན་སོང་། ངས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དངོས་སྒྲུབ། རང་འཁྲིའི་བྱ་བ་ཡག་པོ་སྒྲུབ་པ་དང་དུས་མཚུངས་སུ་རང་འགན་གཙང་སྒྲུབ་ནན་ཏན་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ཨུ་ཡོན་ཚོའི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དབྱང་སྐལ་བཟང་བསམ་འགྲུབ་ཀྱིས་དེ་ལྟར་བཤད།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག་རིག་གནས་ལུས་རྩལ་ཨུ་ཡོན་ལྷན་ཁང་གིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས།“སློབ་སྦྱོང་ལ་བསམ་གཞིགས་དང་། ཤེས་རྟོགས། ལག་ལེན་གཅིག་གྱུར”བཅས་ཀྱི་རྩ་བའི་ལས་འགན་རྒྱུན་འཁྱོངས་དང་། ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་བའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་དང་ཞིབ་བསྡུར། ཞིབ་བཤེར། དག་ཐེར་ཡོ་བསྲང་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དང་དག་ཐེར་ལེགས་བཅོས་སོགས་ཀྱི་བྱ་བར་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། ནན་ཏན་སྒོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

དྲོད་སྐྱིད་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ལ་ཟུག་ཏུ་འཇུག་དགོས། ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་དང་ཚན་རྩལ། ལུས་རྩལ་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཨང་དང་པོར་བརྩི་བ་དང་། ཨུ་ཡོན་ལྷན་ཁང་རང་ངོས་ཀྱི་ལེགས་ཆ་དང་ཨུ་ཡོན་གྱི་ནུས་པ་གཙོ་བོ་འདོན་སྤེལ་བྱ་རྒྱུར་དོ་སྣང་བྱེད་པ། ཨུ་ཡོན་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་བྱེད་པ། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་ལ་དམིགས་པ། འབྲེལ་མཐུད་ཀྱི་ཟམ་པ་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ།“ཨུ་ཡོན་གྱིས་བྱ་སྤྱོད་སྤེལ་བའི”ཁྱད་ལྡན་འགན་འཁྲི་སྒྲུབ་པའི་སྤུས་རྟགས་རྒྱུན་མཐུད་ངང་བཏོད་པ་རེད། ཆེད་མཁས་པ་རྩ་འཛུགས་བྱས་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མིག་ནད་ཚན་ཁག་ལ་གཞོགས་འདེགས་བྱས་ཏེ། ལིང་ཏོག་ནད་པར་གཤགས་བཅོས་བྱས་ནས་མིག་ནད་ཕོག་མཁན་མི་སོ་དྲུག་ལ་བདེ་སྐྱིད་བསྐྲུན་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དཔལ་ཐང་ཡུལ་ཚོའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་བསྐྱོད་དེ“ཀྲུང་གོའི་བས་མཐའི་ཡུལ་ཚོའི”མིག་སྲུང་གློག་སྒྲོན་སྟེར་བའི་བྱེད་སྒོ་སྤེལ་ནས། སློབ་གྲྭར་རིན་ཐང་སྒོར་ས་ཡ་བཞི་དང་འབུམ་ལྔའི་རིན་ཐང་ཡོད་པའི་གློག་སྒྲོན་དང་། སློབ་གྲྭའི་མལ་ཁང་ཉམས་གསོའི་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་དགུ་ཁྲི་བརྒྱད་བྱིན་པ་དང་། “ཡོངས་ཁྱབ་ཀྱི་མིག་གི་བདེ་ཐང་ལ་དོ་ཁུར་བྱེད་པ”བརྗོད་བྱ་གཙོ་བོར་བྱེད་པའི“མིག་གཅེས་ཉིན་མོའི”བྱེད་སྒོ་སྤེལ་ནས། ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས200ལྷག་ཙམ་ལ་རིན་མེད་ངང་མིག་ཤེད་བརྟག་དཔྱད་བྱས་པ་དང་མང་ཚོགས་ཀྱི་མིག་གཅེས་མིག་སྲུང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཡོད། བྱ་འགུལ་རབ་དང་རིམ་པ་སྤེལ་བས་མང་ཚོགས་ལ་སྲིད་གྲོས་རང་ཉིད་དང་བར་ཐག་ཉེ་བའི་ཚོར་སྣང་ཞིག་བྱུང་ནས་སྲིད་གྲོས་ཀྱི་ཨུ་ཡོན་ཉེ་འགྲམ་དུ་ཡོད་པ་ཤེས་སུ་བཅུག

“ང་ཚོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་དོན་དངོས་ལ་གཞི་ཚུགས་པ་དང་། འགན་འཁྲི་སྒྲུབ་པའི་ཁྱད་ཆོས་འབུར་དུ་བཏོད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ། རང་ཞིང་གི་སློབ་གསོ་ཚན་རྩལ་འཕྲོད་བསྟེན་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས”ཞེས་ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་དང་ཚན་རྩལ། ལུས་རྩལ་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རིན་དཔའ་ཕྱུག་གིས་དེ་ལྟར་བཤད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།