པད་མ་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསླངས།
2023.09.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཁུལ་ཨུའི་ཏང་ལེགས་འཛིན་དང་དངོས་འབེབས་ལ་སྐུལ་འདེད་བྱེད་པའི“འབྲེལ་གཏུག་བཞི་དང་རྒྱུགས་གཞི་གསུམ”གྱི་བྱ་བའི་རྐྱེན་སྲོལ་གྱི་བླང་བྱ་གཏིང་ཟབ་སྒོས་དོན་འཁྱོལ་དངོས་འབེབས་བྱས་པ་དང་། རྫོང་གི་དངོས་ཡོད་གནས་ཚུལ་ཡང་དག་པར་ཁོང་དུ་ཆུད་པ། གཟབ་ནན་སྒོས་ཇུས་འགོད་དང་བློ་སེམས་རྩེ་གཅིག་གིས་བཀོད་སྒྲིག་བྱེད་པ། དངོས་འབེབས་དམ་འཛིན་བཅས་བྱས་ནས། “མི་དམངས་ཡིད་ཚིམ་པའི”རྒྱུགས་ལན་ལེགས་པོར་སྤྲད་དེ། “མདོག་གསུམ་པད་མའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསླངས།

ལོ་མགོ་ནས་བཟུང་། “འབྲེལ་གཏུག་བཞི་དང་རྒྱུགས་གཞི་གསུམ”གྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་འདིང་ཆེད། པད་མ་རྫོང་གིས་གཏིང་ཟབ་པ་དང་དོན་ཐོག་ཏུ་འཁེལ་བའི་ཞིབ་བཤེར་དང་ཞིབ་འཇུག་བྱེད་པ་ནས་མགོ་བརྩམས་ཏེ། རིམ་པ་མང་པོ་དང་ཕྱོགས་མང་པོ། ཐབས་ལམ་མང་པོ་ནས་གཞི་རིམ་གྱི་ཁྱབ་ཁོངས་སོ་སོའི་ཏང་འཛུགས་སྐྲུན་བྱ་བའི་ཁྲོད་གནས་པའི་གནད་དོན་དང་མི་འདང་ས་རྒྱུས་ལོན་དང་ཐག་གཅོད་བྱས་པ་དང་། ཞིབ་བཤེར་དང་ཞིབ་འཇུག་ཡིག་ཐོག་ནས་བྱ་བའི་དངོས་འབྲས་སུ་བསྒྱུར་ལ། གཞི་རིམ་གྱི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་སྦྲགས། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་ཇེ་མཐོར་བཏང་བར་མ་ཟད། ཏང་ཡོན་ལས་བྱེད་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་ཇེ་ཆེར་བཏང་སྟེ། ས་གནས་དེ་གའི་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིངས།

པད་མ་རྫོང་གིས་མང་ཚོགས་ཀྱི་རེ་འདུན་སྣ་མང་དང་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྙོག་འཛིང་ཆེ་བའི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། སྔ་གཞུག་ཏུ་ཞིང་ཆེན་བརྒལ་བའི་མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་དང་། རྫོང་དང་ཡུལ་ཚོ་བརྒལ་བའི་མཉམ་འབྲེལ་ཏང་ཀྲི་པུའུ་བརྒྱད་སྒྲིག་འཛུགས་བྱས་པ་དང་། མཚོ་སྔོན་དང་སི་ཁྲོན་ཉེ་འཁོར་གྱི་ཁུལ་གསུམ་དང་རྫོང་བཞིའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དཔེ་སྟོན་ཁུལ་བརྟན་པོར་བསྐྲུན་པའི”སྐབས་དང་པོའི་མཉམ་འབྲེལ་གྲོས་ཚོགས་འཚོགས་ཤིང་། “ཏང་འཛུགས་སྐྲུན་མཉམ་སྐྲུན་དང་ཐོན་ལས་མཉམ་དར། ཐོན་ཁུངས་མཉམ་རོལ། བདེ་འཇགས་མཉམ་སྐྲུན། འཆམ་མཐུན་མཉམ་སྐྲུན། སྐྱེ་ཁམས་མཉམ་སྲུང་། རིག་གནས་མཉམ་སྐྱོང”གི་མཉམ་ལས་བྱེད་པར་ངོས་འཛིན་གཅིག་མཐུན་བྱུང་སྟེ། པད་མ་རྫོང་དང་ཉེ་འཁོར་ས་ཁུལ་དུ་དཔལ་འབྱོར་འཕེལ་རྒྱས་མཉམ་བརྩོན་དང་དར་རྒྱས་བརྟན་བརླིང་ལ་མཉམ་སྐུལ་བྱེད་པའི་རྣམ་པ་ལེགས་པོ་ཞིག་མངོན།

ཡུལ་བབ་དང་བསྟུན་ནས“སྡེ་བའི་ཐུན་མོང་དཔལ་འབྱོར་དང་མཉམ་ལས་ཁང་། འབྲོག་པ་ཁྱིམ་ཚང”གི་ལས་གཉེར་རྐྱེན་སྲོལ་གསར་སྐྲུན་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ལྟོས་བཅོས་ཀྱི་ཅུང་ཞན་པའི་སྡེ་བར་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་གྲོས་གཞི་སྒྲིག་བཟོ་གཏན་འབེབས་བྱས་ལ། རོགས་སྐྱོར་བྱེད་སྟངས་ཞིབ་ཕྲར་བཏང་བར་མ་ཟད། ལས་གཉེར་བྱེད་ཤེས་པ་དང་དོ་དམ་བྱེད་མཁས་པའི“འཇོན་མིས”སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཉེར་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱེད་སྟངས་སྡུད་ལེན་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་དཀའ་ཁག་ལས་སྒྲོལ་དུ་བཅུག་ཅིང་། ཆུང་བ་ནས་ཆེ་བ་དང་ཞན་པ་ནས་སྟོབས་ལྡན་དུ་འགྱུར་བ་མངོན་འགྱུར་བྱུང་སྟེ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།