ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་དང་། ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་དོན་སློབ་གསོའི་སྐོར་ཁག་དང་པོའི་ཕྱོགས་སྡོམ་དང་སྐོར་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་སློང་བཀོད་སྒྲིག་བྱས།
ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་རྫོང་ཏང་ཨུའི་ཧྲུའུ་ཅི། རྫོང་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཏིང་རུའེ་དབྱི་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་བཞི་བའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མི་ལིའུ་ཁྲིན་སུང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་སྤེལ། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་དབང་ཕྱུག་གིས་ཚོགས་འདུར་མགོ་འཛིན་བྱས་ཤིང་། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མཱ་ཧའེ་ཧྲན་གྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། རྫོང་ཏང་ཨུའི་རྒྱུན་ཨུའམ། རྩ་འཛུགས་པུའུ་ཀྲང་ཝུའུ་ཏུ་ཆིན་གྱིས་ཀྲུང་གུང་ཐུན་ཏེ་རྫོང་ཏང་ཨུའི་རྫོང་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་གསལ་འགྲེལ་བྱས་པ་རེད།
ཏིང་རུའེ་དབྱི་ཡིས་བཤད་རྒྱུར། ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་ཏང་ཡོངས་སྐུལ་སློང་བྱས་ཏེ་ཏང་གི་ལྟེ་བའི་ལས་འགན་ལེགས་སྒྲུབ་བྱ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་སྐོར་ཁག་དང་པོའི་ཕྱོགས་སྡོམ་དང་སྐོར་ཁག་གཉིས་པའི་བཀོད་སྒྲིག་ཚོགས་འདུ། ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་ཚོགས་འདུའི་ཐོག་བརྗོད་དོན་སློབ་གསོའི་དམིགས་འབེན་བླང་བྱ་དང་གཙོ་གནད་བྱེད་ཐབས་སྔར་ལས་གསལ་སྟོན་བྱས་པ་དང་། རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཁྲིན་ཀང་གིས་བཏོན་པའི་ལས་བྱེད་པས་བསམ་ཕྱོགས་གསལ་བ་དང་རང་གཅུན་ནན་མོ་བྱེད་པའི་བྱ་བའི་བླང་བྱ་ལྟར་བསམ་བློ་གཅིག་གྱུར་དང་བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་ཡོང་བ་བཅས་བྱས་ནས། གཏན་འཁེལ་གཉིས་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་ཏེ། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ་དང་སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྫོང་ཡོངས་སུ་དོན་འཁྱོལ་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཟེར།
ཏིང་རུའེ་དབྱི་ཡིས་བཤད་རྒྱུར། བརྗོད་དོན་སློབ་གསོ་སྤེལ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ཀྱི་བསམ་བློར་དྲག་ཆས་སྤྲས་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་དང་དུས་རབས་གསར་པའི་གཞི་རིམ་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཏང་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་སྐོར་ཁག་གཉིས་པའི་བརྗོད་དོན་སློབ་གསོའི་བླང་བྱ་ཞིབ་ཕྲ་དང་དམིགས་འབེན་གསལ་པོ་བཏོན་པ་སྟེ། འབུར་ཐོན་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ནི་སྐོར་ཁག་གཉིས་པའི་བརྗོད་དོན་སློབ་གསོའི་ཕན་འབྲས་དངོས་ལེན་པར་འགན་ལེན་བྱེད་པའི་འགག་རྩ་ཡིན་པས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ངོས་འཛིན་གང་ལེགས་བྱས་ཏེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་དང་། འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་བརྟན་པོ་དང་རྣམ་འགྱུར་མཐའ་གཅིག་ཏུ་འཛིན་དགོས། ངེས་པར་དུ་ཐེངས་འདིའི་བརྗོད་དོན་སློབ་གསོ་བརྒྱུད་དེ་མགོ་ཁྲིད་ལས་བྱེད་པ6གི་གྱོད་གཞིར་བརྟེན་ནས་སློབ་གསོ་དང་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པ། སྤྱོད་ཚུལ་སྒྱུར་བའི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གནད་སྨིན་ཇུས་འདོན་དང་སྐབས་བསྟུན་མཐུན་སྦྱོར་བྱས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་སྣ་ཚོགས་ཕྱོགས་ཡོངས་ནས་ཐག་གཅོད་བྱས་ཏེ། ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་ཟེར།
ཏེང་རུའེ་དབྱི་ཡིས་ནན་གྱིས་བསྟན་དོན། ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། དུས་ཡུན་ཐུང་བ་དང་ལས་འགན་ལྕི་བ། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་བཅས་ཡིན་པས། ང་ཚོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ་བཅས་ཕྱོགས་ལྔའི་ཐད་དུས་གཅིག་ཏུ་ཤུགས་བསྣན་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། དཔའ་ཉམས་དོད་པའི་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐྱོད་ལམ་གསར་པ་གཏོད་པ་དང་ཐུན་ཏེ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་དགོས།
ལུའོ་ཁྲིན་སུང་གིས་བརྗོད་དོན་སློབ་གསོའི་དམིགས་འབེན་བླང་བྱ་དང་རིམ་པ་བཞིན་རིགས་བགར་གྱི་བྱེད་ཐབས་ལག་བསྟར་བྱེད་པ་དམ་འཛིན་བྱས་ནས། དངོས་གནས་བརྗོད་དོན་སློབ་གསོའི་བྱེད་ནུས་གཙོ་བོའི་མགོ་ཁྲིད་ལ་མཛུབ་སྟོན་བྱེད་པར་ཤུགས་སྣོན་བྱེད་པ་དང་། སྐོར་ཞིབ་ལྟ་སྐུལ་སློབ་སྟོན་བྱ་བའི་སྐོར་ལ་གསལ་བཤད་ཞིབ་ཕྲ་དང་ཕྱོགས་བཞི་ལ་འཆར་གཞི་ཡག་པོ་བཀོད་ནས་བརྗོད་དོན་སློབ་གསོ་ལས་བཏོན་པའི་རྩ་འཛུགས་ཐད་བྱེ་བྲག་གི་བླང་བྱ་བཏོན།
དབང་ཕྱུག་གིས་ཐེངས་འདིའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་བཟང་པོ་བྱས་ནས་འགན་འཁྲི་དོན་འཁྱོལ་རྒྱུན་འཁྱོངས་དང་། དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་ཤུགས་ཆེ་རུ་གཏོང་བ། དངོས་གཉེར་སྤྱོད་ཚུལ་རྒྱུན་འཁྱོངས་བྱས་ནས་ཕྱི་ཚུལ་རིང་ལུགས་རྒྱང་དུ་དོར་བ། འཆར་འགོད་གཅིག་གྱུར་དང་ཕྱོགས་ཡོངས་ལ་ལྟ་རྟོག་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་སོགས་ཕྱོགས་གསུམ་ནས་ཞིབ་ཕྲའི་བླང་བྱ་བཏོན་པ་རེད།
རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།