མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་མགོ་རྩོམ་པར་སྐུལ་འདེད་ཏན་ཏིག་བཏང་།
2023.10.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་མགོ་བརྩམས་པ་ནས་བཟུང་། མཚོ་བྱང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དང“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་ཡག་པོ་དང་སྒྲིག་འཛུགས་ཡག་པོ་བྱས་ནས། བརྗོད་དོན་སློབ་གསོ་ཏན་ཏིག་སྤེལ་བ་དང་། དམིགས་འབེན་དང་བླང་བྱ་འཕྱུགས་མེད་སྒོས་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་ལ་དོ་སྣང་། ལྟ་སྐུལ་དང་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས། གཅིག་གྱུར་འཆར་འགོད་དང་སྦྲེལ་མཐུད་དམ་འཛིན་ལེགས་པོ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་མགོ་རྩོམ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་།

མཚོ་བྱང་ཁུལ་ཏང་ཨུས་དུས་ཐོག་ཏུ་ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། ཁུལ་ཡོངས་ཀྱིས“དགོངས་པར་སློབ་སྦྱོང་བྱེད་པ”དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་རྒྱུན་འཁྱོངས་ཀྱིས་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་འབད་བརྩོན་བྱེད་དགོས་པ་དང་། བརྟག་དཔྱད་ཞིབ་འཇུག་ཐད་གནས་ཚུལ་དངོས་ལ་བརྟག་དཔྱད་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁུར་ཕོད་པ། ཞིབ་བཤེར་དང་དག་ཐེར་ཐད་དངོས་སྒྲུབ་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད་ཕུགས་ཕན་འཛིན་པ་བཅས་བྱས་ནས། སྤྱོད་ཚུལ་ནན་མོ་དང་ཁྲིད་ཕྱོགས་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་ཏན་ཏིག་སྤེལ་བ་དང་ལོ་འཁོར་མོའི་བྱ་བའི་ལས་འགན་སོ་སོ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་དང་ཟུང་འབྲེལ་དམ་པོར་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དངོས་ཡོད་གྲུབ་འབྲས་སྤྱད་དེ་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས་པ་ནན་གྱིས་བསྟན།

མིན་ཡོན་རྫོང་གིས་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་སྟངས་སྣ་ཚོགས་དང་སྣ་མང་ཅན་གྱི་སློབ་སྦྱོང་ལས་སྟེགས་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དེ་བཞིན་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་ལ་སློབ་སྦྱོང་དང་རྒྱུན་འཁྱོངས། བེད་སྤྱོད་ཡག་པོ་བཅས་བྱས་ནས་སློབ་སྦྱོང་དང་བེད་སྤྱོད་ཕན་ཚུན་དགེ་མཚན་ལྡན་པ་ཞིག་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ལ། “ཕུའུ་ཅང་ཉམས་མྱོང”སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ་མང་ཚོགས་ཀྱིས་ངོ་བཅར་བྱེད་པ་དེ་འགོ་ཁྲིད་ཀྱིས་འོག་རིམ་ལ་འདྲི་རྩད་བྱེད་པར་བསྒྱུར་བ་དང་།  “ཐད་སྐྱོད་བཞི་དང་མི་བྱེད་པ་གཉིས”ཀྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་བྱ་བའི་དཀའ་གནད་དང་འགག་གནད། གཙོ་གནད་བཅས་གནད་འཁེལ་བཙལ་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད། བདེ་འཇགས་མིན་ཡོན་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཐད་དངོས་ཕན་དོན་གཉེར་བྱས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

མདོ་ལ་རྫོང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་རྨང་གཞི་བརྟན་པོར་བྱེད་པ་དང་། བསམ་བློ་གསར་པར་ཤེས་རྟོགས་གཏིང་ཟབ་བྱེད་པར་སློབ་སྦྱོང་བྱེད་པ། ལས་བྱེད་པས་འགན་འཁྲི་འཁུར་ཕོད་པར་སྐུལ་ལྕག་བྱེད་པ་དེ“སྐུལ་སློང་བཀའ་རྒྱ”དང་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བའི“གདོང་མཆོང་རྟགས་མ”ཞིག་ཏུ་བརྩིས་ནས།“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསར་བ། རང་གཅུན་ནན་མོ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཤིང་། བསམ་བློའི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱས་ནས་ལས་བྱེད་པའི“སྤྱོད་གཙང་སློབ་ཚན”ཡག་པོར་ཁྲིད་དེ་དོན་གཉེར་གྱི་སྙིང་སྟོབས་དང་གསར་གཏོད་ཀྱི་སྙིང་སྟོབས།  སྤྱོད་ཚུལ་བཅས་ལ་བརྟེན་ནས་ཞིབ་བཤེར་དང་དག་ཐེར་ལ་དམ་འཛིན་ནན་མོ་བྱས་ཏེ་བསམ་བློ་ཇེ་ལེགས་སུ་གཏོང་བའི་ཐད་ཕན་འབྲས་ཐོན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་དེང་རབས་ཅན་གྱི་མདོ་ལ་གསར་བའི་ལེའུ་བརྩམ་དགོས་པར་བསྟན་ཡོད།

རྐང་ཚ་རྫོང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན(རྐང་ཚ)དུ་གཟིགས་ཞིབ་སྐབས་གནང་བའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ།“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་བསམ་པ་བཅངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན། བདེ་འཇགས་རྐང་ཚ་འཛུགས་སྐྲུན། ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན། ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་སྒྱུར། སློབ་གསོ་སློབ་ཁྲིད་དང་དེ་བཞིན་སློབ་གྲྭའི་དོ་དམ་གྱི་ལས་རྗེས་དཔྱད་འཇོག་བཅོས་སྒྱུར། སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར་སོགས་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་བྱ་བར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

མདའ་བཞི་རྫོང་གིས་བརྗོད་དོན་སློབ་གསོ་དེ་ལེའུ་ངོ་མ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བཏང་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འབྱུང་ཁུངས་ཀྱི་འགན་འཁྲི་དང་བྱས་རྗེས་མངོན་པར་བྱེད་དགོས་ཤིང་། ཀྲུང་དབྱང་གིས་གཏན་འབེབས་གསལ་པོ་བྱས་པའི་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་། ཞིང་ཆེན་དང་ཁུལ་ཏང་ཨུས་བཀོད་སྒྲིག་བྱས་པའི་ཞིབ་ཕྲའི་ལས་འགན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་ཕན་འབྲས་དངོས་ཐོན་པར་བྱས་ནས་བརྗོད་དོན་སློབ་གསོ་ཚད་གཞི་མཐོ་བ་དང་ཕན་འབྲས་ཆེ་བ། སྐུལ་འདེད་ཐུབ་པ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ལ། སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་གཙོར་འཛིན། དམངས་ལ་བདེ་སྐྱིད་སྐྲུན་པ།  སྤྱོད་གཙང་སྤྱི་གཞོལ་བཅས་རྒྱུན་འཁྱོངས་བྱས་ཏེ་བསམ་བློའི་དར་ཆ་སྔར་ལས་མཐོན་པོར་སྒྲེང་བ་དང་འབད་འབུངས་ཡར་བརྩོན་གྱི་གོམ་སྟབས་སྔར་ལས་ཇེ་བརྟན་དུ་གཏོང་བ། མང་ཚོགས་ཀྱི་ལམ་ཕྱོགས་སྔར་ལས་ཏན་ཏིག་ཡོང་བར་བྱེད་པ། ཆབ་སྲིད་ཀྱི་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།