མཚོ་བྱང་ཁུལ་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭས་ཏང་གཤིས་སློབ་གསོའི་ཡུལ་དངོས་སློབ་སྦྱོང་བྱས།
2023.10.09 ཁུངས། མདོ་ལ་བོད་ཡིག་ཚགས་པར ཀློག་གྲངས། 2

 ཉེ་ལམ།  མཚོ་བྱང་ཁུལ་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭས་སློབ་མ་ཡོངས་རྩ་འཛུགས་བྱས་ཏེ། རྐང་ཚ་རྫོང་དགོ་དམར་རང་བྱུང་ཚན་རིག་ཁྱབ་གདལ་ཉམས་ཞིབ་རྟེན་གཞི་དང་། མཚོ་སྔོན་པོ་ཁེ་རམ་ཐང་། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ། རྐང་ཚ་རྫོང་རོང་འབྲོག་པའི་སློབ་གསོ་གསོ་སྦྱོང་ལྟེ་གནས་དང་ཧེ་ཡན་རྫོང་སྨོན་ལམ་མཐོན་པོ། སྐལ་བཟང་གི་གཞིས་རྙིང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་བཅས་སུ་སོང་སྟེ་ཡུལ་དངོས་ནས་ཏང་གཤིས་སློབ་གསོ་མྱངས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་སྙིང་སྟོབས་དང་ཐོག་མའི་བསམ་འདུན་ལ་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་ལྔ་པས་མི་མངགས་ཏེ་ཡུལ་དངོས་སློབ་ཁྲིད་ནང་ཞུགས།

སྔོན་བྱོན་གཙོ་འཛིན་གྱི་རྗེས་ཤུལ་བསྙེགས་ཏེ། ཕུགས་བསམ་དད་སེམས་ཇེ་བརྟན་དུ་བཏང་།  རྐང་ཚ་རྫོང་དགོ་དམར་རང་བྱུང་ཚན་རིག་ཁྱབ་གདལ་ཉམས་ཞིབ་རྟེན་གཞི་དང་། མཚོ་སྔོན་པོ་ཁེ་རམ་ཐང་། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་བཅས་སུ་དཔེ་ཀློག་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་མཚོ་སྔོན་པོ་སྲུང་སྐྱོབ་གནས་ཚུལ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། གྲོང་གསེབ་དར་སྤེལ། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སོགས་ཀྱི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱས་ཏེ།  “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དང“ཆེས་ཆེ་བ་གསུམ” གྱི་ཞིང་ཆེན་དང་ཁུལ་གྱི་གནས་ཚུལ་གྱི་ངེས་གནས་ལ་སྔར་བས་གཏིང་ཟབ་པའི་གོ་བ་ལེན་ཐུབ་ཡོད། སློབ་མ་ཚང་མས་བརྗོད་དོན་སློབ་གསོའི“དགོངས་པ་སློབ། ཏང་གཤིས་བསྐྱེད། ལག་ལེན་གཙོ། བྱས་རྗེས་འཇོག ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། “སྐྱེ་ཁམས་དམངས་ཕན་དང་སྐྱེ་ཁམས་དམངས་ཆེད”ཀྱི་བྱ་བའི་འདུ་ཤེས་ལག་བསྟར་བྱས་ནས།  སྔར་ལས་བརྟན་པའི་དད་སེམས་དང་སྔར་ལས་ཆེད་ལས་ཀྱི་བྱང་ཚད་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་འབྲེལ་ཡོད་མཚོ་སྔོན་གྱི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།

གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱས་ཏེ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད། སྨོན་ལམ་མཐོན་པོ་དང་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་དཔེ་ཀློག་འཛིན་གྲྭའི་སློབ་མ་ཚོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཀྲུང་གོའི་རྡུལ་ཕྲན་མཁར་གྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་ནས“མདེལ་གཉིས་ཀྱི་བྱས་རྗེས་ཅན”དང་། ཚན་ཞིབ་མི་སྣ། ལག་རྩལ་ལས་བཟོ་པ། ལས་བྱེད་ལས་བཟོ་བ་བཅས་ཀྱིས་གསེར་དངུལ་ཐང་རྩྭ་ཐང་དུ“མདེལ་གཉིས་སྐར་གཅིག”ཞིབ་བཟོའི་ཆེད་དཀའ་སྤྱད་འབད་འཐབ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་རྒྱལ་གཅེས་ཀྱི་སྙིང་སྟོབས་དང་གསར་བརྗེའི་དམག་མི་རྒན་རབས་པ་ཚོས་བློ་ དཀར་སེམས་དཀར་ངང“མདེལ་གཉིས་ཞིབ་བཟོ”བྱེད་པར་རང་སྲོག་བློས་བཏང་བ་དང་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་ལ་ཉམས་སུ་མྱངས།  ཏང་ཞུགས་དམ་བཅའ་བསྐྱར་དུ་སྒྲོག་འདོན་བྱས་ཏེ་ཏང་ཡོན་རེ་རེས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་དངོས་སྒྲུབ་ཀྱིས་འགན་འཁྲི་འཁུར་རྒྱུའི་སྐུལ་ལྕག་བྱས། སློབ་མ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བླ་སྲོག་གཏོད་རྒྱུ་རྒྱུན་འཁྱོངས་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ། བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། བརྗོད་དོན་སློབ་གསོའི་ཁྲོད་ཡིད་ཆེས་དང་ངར་ཤུགས། སྟོབས་ཤུགས་བཅས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ནས་འགན་འཁྲི་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བཅངས་ནས། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་འཕེལ་བར་བྱེད། དུས་རབས་ཀྱི་མིག་དཔེ་སྐལ་བཟང་གི་གཞིས་རྙིང་དུ་དཔེ་ཀློག་འཛིན་གྲྭའི་སློབ་མ་ཚོས་ཚད་ལྡན་ཡིག་ཆ་དང་རྩ་ཆེའི་པར་རིས་བརྒྱུད་དེ“འབྲོག་པ་ཧྲིན་ཀྲང”སྐལ་བཟང་སྐུ་འཚོ་བཞུགས་སྐབས་ཏང་ལ་ལྷག་བསམ་རྣམ་དག་དང་དམངས་ལ་བརྩེ་སེམས་ལྡན་པ། སྤྱོད་གཙང་སྤྱི་གཞོལ། དཀའ་སྤྱད་བབ་ཆགས་བཅས་ཀྱི་མི་སེམས་འགུལ་བའི་བྱས་རྗེས་ལ་ཞིབ་ཕྲའི་སྒོ་ནས་རྒྱུས་ལོན་བྱས་ཤིང་། སྐལ་བཟང་གི་ཧུར་བརྩོན་བབ་ཆགས་དང་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བའི་ལྷད་མེད་བརྩེ་སེམས་དང་འགན་འཁྲི་འཁུར་བའི་སྙིང་སྟོབས་ཉམས་སུ་མྱངས། སློབ་མ་ཚང་མས་བློ་མཐུན་སྐལ་བཟང་ལ་སློབ་སྦྱོང་བྱས་ཏེ་ཕུགས་བསམ་དད་སེམས་ཇེ་བརྟན་དུ་གཏོང་བ་དང་། ཏང་གི་བྱ་གཞག་ལ་བློ་དཀར་སེམས་དཀར་བྱེད་པ། ཐོག་མཐའ་བར་གསུམ་དུ་བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེན་པོ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དབང་ཆར་གུས་ཤིང་བརྩི་བ་དང་། དབང་ཆར་དོ་དམ་ཡག་པོ་བྱེད་པ། དབང་ཆ་སྤྱོད་པར་གཟབ་ནན་བྱེད་པ་བཅས་བྱས་ཏེ། དུས་ནམ་ཡང་སྐད་ཆ་དྲང་མོར་བཤད་པ་དང་། བྱ་བ་དངོས་སྒྲུབ་པ། མི་དྲང་པོ་བྱེད་པ་བཅས་བྱས་ནས་སྤྱོད་པ་ཚུལ་མཐུན་དང་ནག་ནོག་གིས་མ་གོས་པར་བྱ་སྤྱོད་དངོས་ཀྱི་ཐོག་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་མངོན་པར་བྱེད་རྒྱུ་ཡིན་ཟེར།

ཡུལ་དངོས་སློབ་ཁྲིད་མཇུག་སྒྲིལ་རྗེས། དཔེ་ཀློག་འཛིན་གྲྭའི་སློབ་མ་ཡོངས་ཀྱིས“‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་ལག་བསྟར་མཁན་བྱེད་པར་བརྩོན་ལེན་བྱས་ཏེ། མཚོ་སྔོན་གསར་པའི་སྙིང་སྟོབས་ཀྱི་བཙན་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་དུ་བཟུང་སྟེ། ཚན་ཆུང་ཁག་བགོས་ཀྱིས་ཆེད་དོན་བགྲོ་གླེང་བྱས་ཤིང་། ཡུལ་དངོས་སློབ་ཁྲིད་ཀྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།