ཀྲུང་ཧྭའི་རིག་གནས་ལ་འོད་སྟོང་གསར་བ་བསྐྲུན་དགོས།
2023.10.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

---བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྐོར་གྱི་དངོས་བྲིས།

མི་རིགས་ཤིག་བསྐྱར་དར་ཡོང་བར་དངོས་པོའི་སྟོབས་ཤུགས་ཆེན་པོ་ཞིག་དགོས་ལ། བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ལ་སྤྱི་འདོམས་གནང་ནས། དྲིལ་སྒྲོག་དང་བསམ་བློ།་རིག་གནས་བཅས་ཀྱི་ལས་དོན་དེ་གོ་གནས་གལ་ཆེན་ཞིག་ཏུ་བཞག་སྟེ། དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་བྱ་གཞག་དེ་དར་ཆ་སྒྲེང་ནས་ཁ་ཕྱོགས་གཏན་འཁེལ་དང་གཞི་སྒྱུར་རྩ་སྒྱུར་བྱེད་པའི་ཁྲོད་དུ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བ། བདེན་སྲུང་གསར་སྐྲུན་དང་གསར་གཏོད་ཡར་བརྩོན་ཁྲོད་དུ་རྣམ་པ་གསར་པ་མངོན་པ་དང་། སྐྱོད་ལམ་གསར་པར་སྐྱོད་པར་ཁྲིད་སྟོན་བྱས་ཡོད།

མིག་རྒྱང་རིང་བ་དང་དར་ཆ་སྒྲེང་ནས་ཁ་ཕྱོགས་གཏན་འཁེལ་བྱས་ཏེ།དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ།རིག་གནས་བཅས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཡན་ཧྲན་རི་འདབས་སུ། རྒྱལ་སྲོལ་དར་ཞིང་རྒྱས་ལ། རིག་གནས་རྒྱུན་འཛིན་ལ་ཉམས་པ་མེད་པར་གོང་འཕེལ་གྱུར།

འདི་ནི2022ལོའི་ཟླ7ཚེས30ཉིན་བླངས་པའི་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་ཀྲུང་དབྱང་སྤྱི་ཁྱབ་ཁང་གི་པར་ཡིན། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིས་ཧི་ཡིས་མི་མེད་གནམ་གྲུས་པར་བླངས། 

2023ལོའི་ཟླ6ཚེས1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་དབུས་ལམ་གྱི་བྱང་སྣེར་ཕྱོགས་སུ་གནས་ཡོད་པའི་ཀྲུང་གོ་རྒྱལ་ཁབ་པར་གཞི་ཁང་ཀྲུང་དབྱང་སྤྱི་ཁྱབ་ཁང་དུ་རྟོག་ཞིབ་གནང་བར་ཕེབས།

རྒྱལ་ཁབ་དཔེ་ཤག་ནང་དུ་ཕེབས་སྐབས། སྤྱི་ཁྱབ་ཧྲུའུ་ཅིས་དཔེ་ཤག་ནང་གི་བཟོ་བཀོད་ལ་ཞིབ་མོར་གཟིགས་ཤིང་།གནམ་རྒྱན་ངོས་སུ་སུང་རྒྱལ་རབས་དུས་ཀྱི་རྡོ་བརྐོས་གནམ་དཔྱད་རི་མོ་རྣམ་པར་བཀྲ་ཞིང་། དེ་ལས་ཡབ་མེས་གོང་མ་དག་གི་བློ་གྲོས་དང་ཤེས་རབ་མཚོན་པ་དང་།དཔེ་ཤག་ནང་དུ། དཔེ་སྒྲོམ་ཆེན་པོ་བཅོ་ལྔ་གྲལ་སྟར་བསྒྲིགས་ཤིང་།སྟེང་དུ་ཀྲུང་གོ་གསར་བའི་སྤུས་ལེགས་དཔེ་ཆ་ཁྲི་གསུམ་ལྷག་བརྩེགས་ཡོད་པས། བསམ་བློའི་དབྱིངས་སུ་སྐར་ཚོགས་རྣམ་པར་བཀྲ་ངེས།

དཔལ་ཡོན་ལ་ཉམས་པ་མེད་ཅིང་། བསམ་བློ་དུས་བསྟུན་ངང་མདུན་དུ་ཕྱོགས་ངེས།

ཕྱི་ཉིན་འཚོགས་པའི་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་རིག་གནས་འཛུགས་སྐྲུན་ཁྲོད་བཏོན་པའི་བསམ་བློ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་ཕྱོགས་བསྡོམ་གཏིང་ཟབ་གནང་བར་མ་ཟད། ལྟ་བ་གལ་ཆེན་དེ་དག་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྲུན་ལ་འགོ་ཁྲིད་པའི་ལག་ལེན་དངོས་ཀྱི་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་བསྡོམས་ཤིག་དང་། དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རྩ་བའི་བསྲུང་བྱ་ཞིག་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ལོ་བཅུའི་སྔོན་གྱི་ཟླ8པར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རྗེས་ཀྱི་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློའི་ལས་དོན་གྲོས་ཚོགས་ཐོག་མ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟབ་ནན་ངང་གསུངས་བཤད་གནང་དོན།

“བདག་གིས་ནམ་རྒྱུན་གནད་དོན་གཅིག་ལ་བསམ་གཞིགས་གཏོང་བཞིན་ཡོད་དེ། ང་ཚོའི་ཀྲུང་གོ་གུང་ཁྲན་ཏང་མིས་ཉིན་བཞིན་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་འོག་ཏུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཐུབ་མིན་དེ་ཡིན་ལ། དེ་ནི་ང་ཚོའི་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་མིས་མུ་མཐུད་དུ་ལན་འདེབས་དགོས་པ་ཞིག་རེད། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་དྲིལ་སྒྲོག་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་རྒྱབ་ལྗོངས་ཆེན་པོ་ཞིག་གི་འོག་ཏུ་ངོས་འཛིན་བྱེད་དགོས”ཞེས་གསུངས།

རིག་པ་དྭངས་གསལ་དང་བབ་བརླིང་གི་སྒོ་ནས་གུས་ལན་ཞུས་ཏེ་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་བྱ་གཞག་ལ་བསམ་བློ་ཡུན་རིང་གཏོང་དགོས།

འདི་ནི་ལོ་རྒྱུས་ཀྱི་གནས་ཚད་གསར་བའི་འོག་གི་བརྗོད་གཞི་གལ་ཆེན་ཞིག་ཡིན་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་ཕན་ཚུན་བར་མཉམ་འདྲེས་དང་། ཕན་ཚུན་བར་གཡོ་འགུལ། ཕན་ཚུན་བར་ཤུགས་རྐྱེན་ཐེབས་པ་བཅས་ལ་གདོང་གཏད་དེ། སེམས་པ་གཅིག་སྒྲིལ་ངང་བླ་སྲོག་ཇི་ལྟར་སྐྲུན་པ་དང་དར་ཆ་མཐོན་པོ་ཇི་ལྟར་སྒྲེང་དགོས་ཞེ་ན།

དེ་ནི་རིགས་པའི་གཞུང་ལུགས་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཤིག་གི་འབོད་སྐུལ་ཞིག་སྟེ། མི་རིགས་ཤིག་དུས་རབས་ཀྱི་མདུན་གྲལ་དུ་ཚུད་དགོས་ན། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིགས་སྐད་ཅིག་ཙམ་ཡང་མེད་མི་རུང་ལ། བསམ་བློའི་ཁྲིད་སྟོན་ཡང་དག་ཡང་སྐད་ཅིག་ཙམ་ལ་མེད་མི་རུང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་རྒྱུན་ཆད་མེད་པར་བསམ་བློ་གསར་བའི་ཡང་རྩེར་བསྙེགས་འདོད་ན། ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་ཏེ་ཆོས་ཉིད་ལ་གདེང་ཚོད་ག་འདྲ་འཛིན་དགོས་སམ།

དེ་ནི་མུ་མཐུད་དུ་ལོ་རྒྱུས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཚད་མཐོའི་རང་འགུལ་ཡིན་ཏེ།ཚད་མཐོའི་རིག་གནས་ཀྱི་ཡིད་རྟོན་མེད་པ་དང་། རིག་གནས་ཀྱི་དར་རྒྱས་གོང་འཕེལ་མེད་ན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་མི་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡོད་མི་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་ན།རང་འགུལ་ངང་ལས་སྒྲུབ་ཇི་ལྟར་བྱེད་དགོས་པ་དང་ཡང་བསྐྱར་ལེའུ་ཇི་ལྟར་འབྲི་དགོས་སམ།

“འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ནི་ཏང་གི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་སེམས་ཤུགས་འདོན་པ་དང་མི་རིགས་ཀྱི་ཆེད་དུ་བླ་སྲོག་སྐྲུན་པའི་ལས་དོན་ཞིག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་ཟབ་མོ་གནང་།

དུས་རབས་ཀྱི་འཕེལ་ཕྱོགས་ལ་དམ་པོར་འབྲེལ་བ་དང་། ལྟེ་བའི་བྱ་བར་དམིགས་པ། གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པ། དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ཁྱབ་ཁོངས་སུ་རྣམ་པ་གསར་བ་བཏོད་དགོས།

གཞི་སྒྱུར་རྩ་སྒྱུར་བྱས་ཏེ། ཏང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་དགོས།

2013ལོའི་ཟླ11པར། པེ་ཅིང་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།

དུས་རབས་གསར་བར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཡོལ་བ་ཆེན་པོ་དངོས་སུ་འབྱེད་པའི་གྲོས་ཚོགས་གལ་ཆེན་དེའི་སྟེང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདུ་ཤེས་འཛིན་སྟངས་ལས་དོན་སྐོར་ལ་བཀའ་མོལ་ཅིག་གནང་ཡོད་པ་སྟེ།

“སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་དུས་མཚུངས་སུ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་སྐད་ཅིག་ཙམ་ལའང་ལྷོད་གཡེང་དང་ཉམས་ཞན་དུ་གཏན་ནས་མི་གཏོང་བར་ངེས་པར་དུ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་ དོ་དམ་དབང་ཆ། སྨྲ་བརྗོད་དབང་ཆ་བཅས་ལག་ཏུ་དམ་པོར་འཛིན་དགོས་ལ། དུས་ནམ་ཡིན་ཡང་གཞན་དབང་འགྲོ་མི་རུང་བ་དང་།དེ་ལྟར་མ་བྱས་ཚེ་ལྡོག་ཐབས་མེད་པའི་ལོ་རྒྱུས་རང་བཞིན་གྱི་ནོར་འཁྲུལ་འབྱུང་སྲིད་ངེས་ཡིན”ཞེས་གསུངས་པ་རེད།

འདུ་ཤེས་འཛིན་སྟངས་ནི་དར་ཆ་དང་བགྲོད་ལམ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་བཅས་དང་འབྲེལ་བ་ཡོད།

དཔལ་འབྱོར་དང་ཚན་རྩལ་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་སྤྱི་ཚོགས་ཀྱི་གནས་སྟངས་ལེགས་སྒྲིག་ཟབ་མོ་བྱས་པ་དང་བསྟུན་ནས། རྒྱུ་དངུལ་སྐྱབས་བཀུར་རིང་ལུགས་དང་། སྐྱིད་འདོད་རིང་ལུགས། རང་དོན་རིང་ལུགས། ལོ་རྒྱུས་ཆད་ལྟའི་རིང་ལུགས་སོགས་ནོར་འཁྲུལ་གྱི་བསམ་པའི་རླབས་རྒྱུན་ཡང་ཡང་ཐོན་པ་དང་། དྲ་རྒྱའི་གླེང་ཕྱོགས་ཟང་ཟིང་དུ་གྱུར་ནས་མི་རྣམས་ཀྱི་བསམ་བློ་དང་སྤྱི་ཚོགས་ཀྱི་གླེང་ཕྱོགས་ཁོར་ཡུག་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད།

འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྲོ་བའི་གནད་དོན་ཐག་གཅོད་པར་ཤུགས་སྣོན་བྱེད་པའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚིག་ཐག་ཆོད་པའི་ངང“ཏང་གིས་དྲིལ་སྒྲོག་དང་བསམ་བློའི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དར་ཆ་གསལ་སྒྲེང་གིས་ཏང་གིས་དྲིལ་སྒྲོག་བྱ་རྒྱུར་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད།

རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློའི་ལས་དོན་གྲོས་ཚོགས་ཐེངས་གཉིས་ལ་འཚོགས་ཏེ“དྲིལ་སྒྲོག་དང་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་ཡོངས་ཀྱིས་འབད་བརྩོན་བྱེད་དགོས”པ་དང་། “གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་ནུས་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྲུན་བྱེད་དགོས”ཞེས་ནན་གྱིས་བསྟན་པ་དང་། རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང“ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་འཕེལ་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཡིན”ཞེས་བསྟན་ཞིང་། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་“ཏང་དང་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་སྨྱན་སྦྱོར་ནི་ཏང་དང་སྲིད་གཞུང་གི་དྲིལ་སྒྲོག་གཡུལ་ས་ཡིན་པས། ངེས་པར་དུ་རུས་ཏང་ཡིན་དགོས”ཞེས་ནན་གྱིས་བསྟན་པ་དང་། དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་བཞུགས་མོལ་ཚོགས་འདུའི་སྟེང“མང་ཚོགས་གང་དུ་ཡོད་ཚེ། ང་ཚོའི་འགོ་ཁྲིད་ལས་བྱེད་པ་དེ་རུ་ཐོན་དགོས་པའི”བླང་བྱ་བཏོན་པ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་སྟེང“ཏང་གིས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་ནི་རང་རྒྱལ་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བའི་རྩ་བའི་འགན་ལེན་ཡིན”ཞེས་བསྟན་ཡོད་ལ། རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ལས་དོན་གྱི་ཚོགས་འདུའི་སྟེང“ཏང་གིས་མཐོ་རིམ་སློབ་གྲྭའི་ལས་དོན་གྱི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་མོ་བྱེད་དགོས”ཞེས་ནན་གྱིས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩ་བའི་རང་བཞིན་གྱི་གནད་དོན་རབ་དང་རིམ་པའི་ཐད་རྩ་དོན་གྱི་ལངས་ཕྱོགས་གསལ་བཤད་གནང་ནས་ངོས་འཛིན་མི་གསལ་བ་གསལ་པོ་བཟོས་པ་དང་ལས་དོན་གྱི་ཁྲིད་ཕྱོགས་ལ་དག་བཅོས་བྱས།

ཁ་ཕྱོགས་གསལ་པོ་ཡོད་ཚེ་བསམ་ཕྱོགས་གསལ་པོ་ཡོང་ཐུབ། དམིགས་སའི་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་སྟེ།

འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་གི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཀྱི་རྩ་བའིལམ་ལུགས་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས་གཏན་ཕབ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་རྣམ་པའི་ཐོག་ནས་རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་པ། སྔོན་གཤེགས་དཔའ་བོར་འཁྱོག་བཤད་དང་དམའ་འབེབས་བྱེད་པ་སོགས་ལོ་རྒྱུས་དོན་སྟོང་རིང་ལུགས་ཀྱི་ཕྱོགས་ལྷུང་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱས་ཏེ། སྔོན་གཤེགས་དཔའ་བོར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་བཟོ་བ། དྲ་རྒྱའི་སྐྱེ་ཁམས་ཟང་ཟིང་ཡིན་པའི་སྣང་ཚུལ་ཤུགས་ཆེན་པོས་ལེགས་བཅོས་བྱས་ནས་ཀྲུང་དབྱང་དང་ ཞིང་ཆེན། གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་དྲ་རྒྱ་དང་ཆ་འཕྲིན་དོ་དམ་བྱ་བའི་མ་ལག་འཛུགས་དགོས། དྲིལ་སྒྲོག་ལས་དོན་གྱི་རྨང་གཞིའི་རང་བཞིན་དང་གཙོ་རྐང་རང་བཞིན་གྱི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་པོ་སྟེ། 《ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་ལས་དོན་སྲོལ་ཡིག》གཏན་ཕབ་བྱས་ཏེ།འགྱུར་མེད་ཀྱི་ཁྲིམས་སྲོལ་ལམ་ལུགས་ལ་བརྟེན་ནས་ཏང་ཡོངས་སུ་དྲིལ་སྒྲོག་ལས་དོན་སྤེལ་བར་མཛུབ་སྟོན་དང་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།

གཏོར་འཛུགས་མཉམ་སྤེལ་དང་རྙོག་སེལ་གཙང་དག་བྱས་ཏེ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་གཞན་འགུལ་གྱི་རྣམ་པར་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་བ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།

བདེན་སྲུང་གསར་སྐྲུན་དང་མངོན་གསལ་དོད་པོས“ཟུང་འབྲེལ་གཉིས”ཀྱི་ཆོད་གཏམ་གལ་ཆེན་བཏོན་ཡོད།

ཀྲུང་གོའི་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་གང་ཡིན་པ་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སིའི་རིང་ལུགས་ཡག་པོ་ཡིན་པ་དང་། ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མར་ཁེ་སིའི་རིང་ལུགས་ཡག་པོ་ཡིན་པའི་རྐྱེན་རེད།

2021ལོའི་ཟླ7ཚེས1ཉིན། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས “མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མར་ཁེ་སིའི་རིང་ལུགས་ཀྱིས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ཁོང་དུ་ཆུད་པ། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ཏེ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་དང་དུས་རབས21པའི་མར་ཁེ་སིའི་རིང་ལུགས་མུ་མཐུད་འཕེལ་རྒྱས་གཏོང་དགོས”ཞེས་གསུངས།

འདི་ནི“ཟུང་འབྲེལ་གཉིས”ཀྱི་ཆོད་གཏམ་གལ་ཆེན་ཆེས་ཐོག་མར་བཏོན་པ་ཞིག་རེད།

དེའི་རྗེས་སུ།“ཟུང་འབྲེལ་གཉིས”སྔ་གཞུག་ཏུ《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ་བཀོད་པ་རེད།

ཝུའུ་དབྱི་རི་འདབས་ཀྱི་ཀྲོའུ་ཞི་ཡོན་གྱིས“མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུ་དེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་དགོས”ཞེས་གསུངས་པ་དང་། དབྱིན་ཞུའུ་ཡིས“ང་ཚོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ནི‘ཟུང་འབྲེལ་གཉིས’ཡིན་པ་དང་། རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་“ཟུང་འབྲེལ་གཉིས”ཀྱི་དོན་སྙིང་གལ་ཆེན་རྒྱས་བཤད་ཟབ་མོ་གནང་ནས“‘ཟུང་འབྲེལ་གཉིས’ནི་ང་ཚོར་རྒྱལ་ཁ་ཐོབ་པའི་ནོར་བུ་ཞིག་ཡིན”ཞེས་ནན་བཤད་གནང་བ་རེད།

མུ་མཐུད་དུ་ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཟུང་འབྲེལ་གཉིས”དང་ལྷག་པར་དུ“ཐེངས་གཉིས་པའི་ཟུང་འབྲེལ”གྱི་རྒྱས་བཤད་མུ་མཐུད་གཏིང་ཇེ་ཟབ་དུ་སྤེལ་བ་དེས་ང་ཚོའི་ཏང་གིས་ཀྲུང་གོའི་བགྲོད་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས་བཅས་ཀྱི་ངོས་འཛིན་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ།ང་ཚོའི་ཏང་གི་ལོ་རྒྱུས་རང་རྟོན་དང་། རིག་གནས་རང་རྟོན་མཐོ་ཚད་གསར་བ་ཞིག་ཏུ་སླེབས་པའང་མཚོན་པ་དང་། ང་ཚོའི་ཏང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཁྲོད་དུ་རིག་གནས་གསར་སྐྲུན་སྐུལ་འདེད་གཏོང་བའི་རང་རྟོགས་རང་བཞིན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

རྨང་གཞི་སྲ་བརྟན་དུ་བཏང་ནས་ལོ་རྒྱུས་རིག་གནས་ཁྲོད་ཀྱི་རང་རྟོན་མུ་མཐུད་དུ་ཇེ་བརྟན་ཏུ་གཏོང་དགོས།

སི་ཁྲོན་མེ་ཧྲན་དང་སུའུ་གསུམ་ལྷ་ཁང་གི་ལོ་བརྒྱའི་སིལ་སྡོང་དང་ལོ་སྟོང་གི་ཧོང་ཀི་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

འདི་ནི2022ལོའི་ཟླ6པའི་ཚེས22ཉིན་སི་ཁྲོན་མེ་ཧྲན་གྱི་སུའུ་གསུམ་ལྷ་ཁང་དུ་བླངས་པའི་པར་ཡིན། ཞིན་ཧྭ་གས་འགྱུར་ཁང་གི་གསར་འགོད་པ་ཧྲིན་པའོ་ཧའེ་ཡིས་མི་མེད་གནམ་གྲུས་པར་བླངས། 

2022ལོའི་ཟླ6ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་ཕེབས་ཏེ།ཡུལ་དངོས་སུ་ལོ་སྟོང་གི་གནའ་བོའི་ལྷ་ཁང་ལ་རྟོག་ཞིབ་གནང་སྐབས། མྱོང་ཚོར་ཟབ་མོའི་སྒོ་ནས“ཆུ་ཐིགས་གཅིག་ལས་ཉི་མ་མཐོང་ཐུབ་པ་ཇི་བཞིན་སུའུ་གསུམ་ལྷ་ཁང་ལས་ང་ཚོའི་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་མཐོང་ཐུབ། ང་ཚོས་རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་གཏོང་དགོས་ཤིང་། ཀྲུང་གོར‘སུའུ་གསུམ’ཡོད་པ་ནི་དཔེ་མཚོན་གལ་ཆེན་ཞིག་ཡིན”ཞེས་གསུངས།

རྒྱུན་མཐུད་རང་བཞིན་དང་གསར་སྐྲུན་རང་བཞིན། གཅིག་གྱུར་རང་བཞིན། ཁོང་ཡངས་རང་བཞིན། ཞི་བདེའི་རང་བཞིན་བཅས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་དཔལ་ཡོན་ལ་ཕྱོགས་བསྡོམས་ཟབ་མོ་བྱེད་པའི་འབུར་ཐོན་གྱི་རང་བཞིན་ལྔ་ཡིན་པ་དང་། ཁོང་གིས“རིག་གནས་རང་རྟོན་ནི་ང་ཚོའི་རིག་གནས་ཀྱི་གྲུབ་ཆ་རང་བཞིན་ལས་བྱུང་བ་ཡིན”པར་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་དགོངས་སུ། རིག་གནས་རང་རྟོན་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་ཁྲོད་ཀྱི་ཆེས་གཞི་རྩར་གྱུར་པ་དང་། ཆེས་གཏིང་ཟབ་པ། ཆེས་རྒྱུན་རིང་བའི་སྟོབས་ཤུགས་ཤིག་ཡིན་པར་འདོད།

ཏུན་ཧོང་ཞིབ་འཇུག་ཁང་དུ་ཕེབས་ཏེ་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་སྐབས། “ཏུན་ཧོང་རིག་གནས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རང་རྟོན་མངོན་པར་མཚོན་པ”ཁས་ལེན་མཛད་པ་དང་། ཧྲང་ཧའེ་ཡི་དབྱང་ཕུའུ་པིན་ཅང་དུ་ཕེབས་སྐབས། “གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་ཤུལ་ནོར་སོར་འཇོག་བྱས་ཏེ།མི་རྣམས་ཀྱིས་ལོ་རྒྱུས་དང་ཡུལ་དུངས་སེམས་སུ་བཟུང་ནས། རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་ཁྱིམ་རྒྱལ་བརྩེ་སེམས་ཇེ་དྲག་ཏུ་གཏོང་དགོས”ཞེས་ནན་ཏུ་བསྟན། ཡའོ་ལུའུ་དཔེ་གླིང་དུ་དགེ་སློབ་ཚོར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་བྱས་ཏེ། “དེང་རབས་སློབ་མས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་ངེས་པར་དུ་རིག་གནས་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་དགོས”ཞེས་སྐུལ་ལྕག་གནང་། ཡུན་ཀང་བྲག་ཕུག་ཏུ་ཕེབས་སྐབས“ཡུལ་སྐོར་ནི་མི་རྣམས་ཀྱིས་ཀྲུང་ཧྭའི་རིག་གནས་ལ་ཤེས་རྟོགས་དང་རིག་གནས་རང་རྟོན་ཇེ་དྲག་ཏུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས”ཞེས་གསུངས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་རང་རྟོན་དེ་སྔར་ཡོད་མ་མྱོང་བའི་མཐོ་ཚད་ཞིག་ཏུ་བཞག་ནས་མི་རིགས་ཡོངས་ཀྱི་བསམ་པའི་སྟོབས་ཤུགས་གསོ་སྐྱོང་བྱས་ཏེ། རླབས་ཆེན་བསྐྱར་དར་ཆེད་དུ་སེམས་ཤུགས་ཡོད་ཚད་གཅིག་སྒྲིལ་བྱེད་དགོས།

རྩ་གནད་གཙོ་བོར་བཟུང་ནས་རིག་གནས་རྒྱལ་སྟོབས་འཛུགས་སྐྲུན་བྱེད་པར་འཆར་འགོད་ཀྱི་ལམ་བུ་ཇུས་འགོད་བྱེད་དགོས།

རིག་གནས་དར་ན་རྒྱལ་ཁབ་དར། རིག་གནས་སྟོབས་ན་མི་རིགས་སྟོབས།

“དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ཀྱིས་རིག་གནས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་འཁུར་དགོས་ལ་འཁུར་ཡང་ཐུབ་ལ། ལག་ལེན་གསར་གཏོད་ཁྲོད་རིག་གནས་གསར་གཏོད་བྱེད་པ་དང་ལོ་རྒྱུས་ཡར་ཐོན་ཁྲོད་རིག་གནས་ཡར་ཐོན་ཡོང་བ་བྱེད་དགོས།”

ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་ཀྱི་འགན་འཁྲི་གསར་པ”ཞེས་པའི་བརྗོད་གཞི་གལ་ཆེན་དེ་ཐོག་མར་བཏོན་པ་རེད།

རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མཐོ་ཚད་ནས་འགྲེངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་སྟེ།

གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པར་དམིགས་ཏེ། དྲིལ་སྒྲོག་དང་བསམ་བློའི་ལས་དོན་སྒྲུབ་པར་ངེས་པར་དུ“དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་ངོམས་སྟོན”བཅས་ཀྱི་འགན་འཁྲི་དང་ལས་འགན་རང་འགུལ་གྱིས་ཐེག་ཐུབ་པར་གསལ་བོར་བཏོན་ཡོད། དགེ་མཚན་ལྡན་ལ་སྐྱོན་བྲལ་དང་ཡར་ཐོན་ཡར་བརྩོན་གྱི་དྲ་རྒྱའི་རིག་གནས་གསོ་སྐྱོང་བྱེད་པ་དང་། “མཉམ་འབྲེལ་དྲ་རྒྱ་ནི་གླེང་ཕྱོགས་འཐབ་རྩོད་ཀྱི་གཡུལ་ས་གཙོ་བོ་ཡིན”པ་གཏན་འཁེལ་གསལ་བོ་བྱས་ཏེ། “མཉམ་འབྲེལ་དྲ་རྒྱའི་འགག་སྒོ་ལས་བརྒལ་མ་ཐུབ་ཚེ། ཡུན་རིང་སྲིད་འཛིན་གྱི་འགག་སྒོ་ལས་བརྒལ་མི་ཐུབ་པ”གསལ་བོར་ཤེས་དགོས།

མི་དམངས་ལྟེ་བ་ཡིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནན་གྱིས་བསྟན་པ་དང་། ལོ72འགོར་རྗེས་ཡང་བསྐྱར་ཀྲུང་གོའི་རིག་རྩལ་གྱི་མདུན་སྐྱོད་ཁ་ཕྱོགས་ལ་མཛུབ་ཁྲིད་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས“རིག་རྩལ་གསར་རྩོམ་ལ་བྱེད་ཐབས་བརྒྱ་དང་སྟོང་ཡོད་མོད། འོན་ཀྱང་ཆེས་གཞི་རྩ་དང་། ཆེས་གནད་འགག ཆེས་སྲ་བརྟན་བཅས་ཡིན་པའི་བྱེད་ཐབས་ནི་མི་དམངས་ཁྲོད་གཞི་ཚུགས་པ་དང་འཚོ་བར་རྐང་ཚུགས་པ་དེ་ཡིན”ཞེས་ནན་བཤད་གནང་བ་རེད།

རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་བྱ་རྒྱུར་ཐུགས་ཁུར་གནང་པ་དང་། “རིག་གནས་ཀྱི་ཞབས་རྗེས”རྒྱལ་ཡོངས་སུ་བཀོད་དེ། རིག་གནས་ཀྱི་མཚོན་རྟགས་ལ་རྟོག་ཞིབ་དང་དཔལ་ཡོན་གྱི་རྩ་བ་འཚོལ་ཞིབ་བྱས་ཤིང་།“རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ནང་བཞིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཞེས་ཡང་དང་བསྐྱར་དུ་གསུངས།

ཀྲུང་གོའི་སྨྲ་བརྗོད་དང་ཀྲུང་གོའི་དོན་བརྗོད་ཀྱི་མ་ལག་མགྱོགས་མྱུར་སྒོས་འཛུགས་པར་མཐོང་ཆེན་བྱས་ཏེ“ཀྲུང་ཕྱི་དབར་མཉམ་འདྲེས་ཐུབ་པའི་སྤྱི་མཚན་གསར་པ་དང་། ཁོངས་གཏོགས་གསར་པ། གསལ་འགྲེལ་གསར་པ་བཅས་ནུས་ཤུགས་ཡོད་རྒུས་སྐྲུན་ནས། ཀྲུང་གོའི་གཏམ་རྒྱུད་ཡག་པོར་འཆད་པ་དང་ཀྲུང་གོའི་སྐད་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་དགོས”ཞེས་བླང་བྱ་བཏོན་ཡོད།

དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ཕྱི་རྒྱལ་དུ་འཚམས་འདྲི་ཕེབས་ཐེངས་རེ་རེར“རིག་གནས་ཀྱི་མགྲིན་ཚབ་པ”བྱས་ཏེ། ཕྱི་འབྲེལ་གྱི་ཚོགས་ཡུལ་རེ་རེའི་སྟེང་ཀྲུང་ཧྭའི་དཔལ་ཡོན་གྱི་ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་ངོམས་ཏེ། “དཔལ་ཡོན་ནི་བརྗེ་རེས་བྱས་པས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། དཔལ་ཡོན་ནི་ཕན་ཚུན་དཔྱད་གཞིར་བཟུང་ནས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད་པ”གསོན་ཉམས་ལྡན་པའི་གསལ་འགྲེལ་བྱས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་དང་། བསམ་བློ་པ། འཐབ་ཇུས་པ་བཅས་ཀྱི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་། སྤྱིར་བཏང་མ་ཡིན་པའི་རིགས་པའི་གཞུང་ལུགས་བློ་སྤོབས། ཁྱད་དུ་འཕགས་པའི་ཆབ་སྲིད་ཀྱི་བློ་གྲོས།འཁུར་སེམས་དྲག་པོའི་འགན་འཁྲི་བཅས་ལ་བརྟེན་ནས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་འགན་འཁྲི་དང་ལས་འགན་གཏན་འཁེལ་གསལ་བོ་བྱས་ཏེ། དྲིལ་སྒྲོག་དང་བསམ་བློ།རིག་གནས་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ལེའུ་གསར་བ་ཞིག་གི་འགོ་བརྩམ་པ་རེད།

རིག་གནས་ལ་བརྟེན་ནས་སློབ་གསོ་གཏོང་བ། རྒྱལ་ཁབ་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་རིག་གནས་ལ་ཡིད་ཆེས་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་མདུན་སྐྱོད་བྱེད་པ་དང་། དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་འོག རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་གནས་བབ་ལ་ཁྱོན་ཡོངས་ཀྱི་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རིག་གནས་རང་རྟོན་མངོན་གསལ་སྒོས་ཆེ་རུ་ཕྱིན་ལ། སྤྱི་ཚོགས་ཡོངས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེས་ཆེར་ཕྱིན་པས། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་བསམ་བློའི་ཁག་ཐེག་དང་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད།

བསམ་བློར་དྲག་ཆས་སྤྲོས་པར་ཤུགས་བསྣན་ཏེ་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་མི་སེམས་ལ་ཟུག་པར་བྱེད་དགོས།

པེ་ཅིང་དཔེ་མཛོད་ཐོག་ཁང་ཆེན་མོའི“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་དེབ”ཀྱི་ཆེད་སྒྲིག་གི་མདུན་དུ་བསྐྱོད་པ་ན།《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་བསྒྲིགས》ཞེས་པ་དེ་མངོན་གསལ་དོད་སར་བཞག་ནས་ཀློག་པ་པོ་མང་པོའི་ཡིད་དབང་བཀུག་ཡོད།

ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་དབང་གྲགས་ལྡན་པའི་སློབ་གཞི་ཞིག་ཡིན་པའི་ཆ་ནས། ད་ལོའི་ཟླ4བའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཡིག་ཚགས་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གི་མིང་ཐོག་ནས་རྩོམ་སྒྲིག་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་དེ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

ཉིན་དེར་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།“སློབ་སྦྱོང་གི་འགྲན་བསྡུར་གསར་པ་ཞིག”གི་འགོ་ཚུགས་པ་རེད།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་འགྲེངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་ཀྱི་སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ཆེན་པོ་དང་། བསམ་བློར་དྲག་ཆས་ཆེན་པོ་སྤྲས་ཏེ་བྱ་གཞག་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

ཏང་ནང་ཁུལ་གྱི་གཅིག་བསྡུས་སློབ་གསོ་རིམ་བྱུང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་སྒྲོག་བཤད་ཚོགས་པ་བཙུགས་ནས་གཞི་རིམ་ལ་སྒྲོག་བཤད་བྱས་པའི་བར་དང་། དེ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཐུགས་ཁུར་དང་ཁྲིད་སྟོན་བྱས་པར་བརྟེན། ཀྲུང་དབྱང་ནས་ས་གནས་བར་དུ་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པའི་ངང་ཚུལ་སྔར་ལས་ཇེ་ཆེར་སོང་ཡོད།

རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། མ་ལག་ཅན་ལ་སྐུལ་འདེད་གཏོང་བ། གཞུང་ལུགས་ལག་ལེན་འཛུགས་སྐྲུན་བྱེད་པ་བཅས་ནི་ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་ཡིན།

དུས་རབས་གསར་པར་བསྐྱོད་རྗེས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་བཟོ་སྐྲུན་སོགས་ཀྱི་སྟེགས་བུ་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཞིབ་འཇུག་ལྟེ་གནས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་ངོ་བོ་ཁོང་དུ་ཆུད་པ་དང་། བསམ་པའི་གོ་དོན་འཚོལ་ཞིབ་བྱས་པས། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་ངོས་འཛིན་བྱེད་ཚད་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་ཡོད།

2019ལོའི་ཟླ1པོའི་ཚེས1ཉིན། ནུས་པ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་བསམ་བློ་གསར་པའི་སློབ་སྦྱོང་སྟེགས་བུ་སྟེ“རྒྱལ་སྟོབས་སློབ་སྦྱོང”གསར་འབྱེད་བྱས་ཤིང་། དྲ་ཐོག་ཏུ་ཞུགས་ནས་ཟླ་བ་གསུམ་ནང་ཐོ་འགོད་བྱེད་མཁན་མི་དུང་ཕྱུར་གཅིག་ལས་བརྒལ་ཡོད།

2019ལོའི་ཟླ4བའི་ཚེས12ཉིན། ལྟད་མོ་བ་ཚོས་སྐབས་ལྔ་པའི་ཀྲུང་གོའི་གྲངས་འཛིན་དཔེ་ཀློག་ཚོགས་ཆེན་སྟེང“རྒྱལ་སྟོབས་སློབ་སྦྱོང”གི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་ཙུང་ཀྲི་ཡིས་པར་བླངས།

《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ངོ་འཕྲད་བྱེད་པ》དང《ལོ་བརྒྱའི་ཏང་ཆེན་པོ་དང་ངོ་འཕྲད་བྱེད་པ》སོགས་གོ་བདེའི་རིགས་པའི་གཞུང་ལུགས་ཀྱི་ཀློག་དེབ་ལས་རིགས་པའི་གཞུང་ལུགས་སྔར་ལས་གསོན་ཉམས་དོད་པོར་ཚོར་ཐུབ་པ་བྱུང་སྟེ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་། རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སོགས་ཚབ་བྱེད་གསར་པ་དང་གཡུལ་ས་གསར་པས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་གཞི་རིམ་དུ་རྒྱུན་ཆད་མེད་པར་གཏིང་ཟབ་སྐྱོད་རྒྱུར་རམ་འདེགས་བྱས་ཤིང་། ཀྲུང་དབྱང་གི་སྨྱན་བྱད་གཙོ་བོས་བཏོན་པའི“ལྟ་ཞིབ་དང་པོ”དང“མཐོང་བ་གཅིག”“སྐབས་དོན་ཆབ་སྲིད་ཀྱི་གསར་འགྱུར་མིག”སོགས་སྤུས་རྟགས་ལེ་ཚན་གྱིས་རིགས་པའི་གཞུང་ལུགས་ཁྱབ་གདལ་དང་རྒྱ་ཆེར་གཏོང་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

བསམ་བློའི་འོད་སྣང་གིས་མདུན་ལམ་གསལ་བར་བྱས་ཏེ།མེས་རྒྱལ་གྱི་ཡུལ་གྲུ་ཀུན་དུ་སློབ་སྦྱོང་གི་ཚ་རླབས་འཕྱུར།

ད་ལྟ། མང་ཚོགས་ཀྱི་རིགས་པའི་གཞུང་ལུགས་ཡོངས་བསྒྲགས་སློབ་ཚན་ཞིག་ན་གཞོན་ཚོའི་ཁྲོད“ཟློས་གར་བདའ་འདེད”ཀྱི་ཕན་འབྲས་ཐོན་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཟུར་ཁྲིད་ཀློག་དེབ་ལས“ཞིང་པ་བལྟ་རྒྱུར་དགའ་བའི་དཔེ་དེབ་བརྒྱ”ཡི་མིང་ཐོའི་ནང་ཚུད་པ། ཏང་གི་གསུང་སྐད་སྙན་མོ་སྤྱི་ཚོགས་ཀྱི་སྐད་སྒྲ་གཙོ་བོ་གྱུར་ནས་མི་དམངས་ཀྱི་སེམས་སུ་ཟུག་ཞིང་ཀྲུང་ཧྭའི་ས་གཞི་ཆེན་མོར་ཁྱབ་ཡོད།

བསམ་པའི་འཐབ་སེམས་ལ་སྐུལ་མ་ཐེབས་པ་དང་རྒྱལ་ཡོངས་མི་དམངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་ལས་ཇེ་ཆེར་སོང་ཡོད།

2021ལོའི་ཟླ7པའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས། རྒྱལ་སྟོན་གཟབ་རྒྱས་ལས་ཀྲུང་ཧྭའི་བུ་བུ་མོ་དུང་ཕྱུར་མང་པོས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་ཚུར་སྣང་དྲག་པོ་མཚོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་དང་བརྗིད་ཉམས་ཆེ་བ། རྔམ་བརྗིད་ལྡན་པ། སྤྲོ་སེམས་འཁོལ་བ”དང“བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ། མི་སེམས་ལ་སྐུལ་མ་གཏོང་བ། ངར་ཤུགས་འཕེལ་བ་བཅས་ཀྱི་ནུས་པ་ཐོན་ཡོད”ཅེས་གསུངས།

འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ70འཁོར་བར་དྲན་གསོ་ཞུ་བ་དང་། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བར་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བཅས་ཀྱི་འཐབ་ཕྱོགས་ཀྱིས་དུས་ཚོད་གལ་ཆེན་དང་བྱེད་སྒོ་གལ་ཆེན་ལ་དམིགས་ནས། ཏང་སེམས་དང་དམངས་སེམས་མཉམ་འདྲེས་དང་རྒྱལ་ཁབ་ཀྱི་ཟིལ་ཤུགས་མངོན་རྒྱུར་སྐུལ་འདེད་བཏང་སྟེ། སྲ་ཞིང་བརྟན་ལ་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འདུས་ཡོད།

ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད།

2016ལོའི་ཟླ2པའི་ཚེས19ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་གང་གི་དུས་ཚོད་སྤྱད་དེ་མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་བརྙན་འཕྲིན་ཁང་བཅས་སུ་ཡུལ་དངོས་བརྟག་ཞིབ་གནང་བར་ཕེབས་པར་མ་ཟད། ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། དུས་རབས་གསར་པའི་ཆ་རྐྱེན་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་བཏོན་པ་སྟེ།

“དར་ཆ་མཐོར་སྒྲེང་དང་ཁྲིད་ཕྱོགས་གསལ་སྟོན། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ། མི་དམངས་ལ་མཐུན་སྒྲིལ་དང་ངར་ཤུགས་སྐུལ་སློང་། སྲོལ་བཟང་ཡར་སྐུལ་དང་སེམས་ཤུགས་གཅིག་སྒྲིལ། ནོར་འཁྲུལ་དག་འབུད་དང་དཀར་ནག་ཤན་འབྱེད། ཀྲུང་ཕྱི་སྦྲེལ་མཐུད་དང་འཛམ་གླིང་ལ་འབྲེལ་གཏུག་བྱེད་པ་བཅས་བྱེད་དགོས”ཞེས་གསུངས།

ལོ་གསུམ་རྗེས་ཀྱི2019ལོའི་ཟླ1པོའི་ཚེས25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱི་སྣེ་ཁྲིད་དེ། ཐུན་མོང་སློབ་སྦྱོང་གི“སློབ་ཁང”ཀྲུང་ནན་ཧའེ་ནས་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཕྱོགས་དང་པོར་སྤོས་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།《སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》དང《སྨྱན་བྱད་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》སྔ་རྗེས་སུ་བཏོན་པ་དང་། མཉམ་འདྲེས་འཕེལ་རྒྱས་ཚད་བརྒལ་སར་བརྩིས་ནས། གཙོ་རྒྱུག་སྨྱན་བྱད་དེ་དུས་རབས་འཕོ་འགྱུར་ཁྲོད“འགྱུར་ལྡོག་ཆེན་པོ”བྱུང་ཡོད།

སྨྱན་བྱད་ཆེ་གྲས་ཁག་གིས“དྲ་སྦྲེལ་སྣེ་ཕྲན”གྱི་མེ་ཏོག་མཉམ་བཞད་དང་། ཡི་གེ་དང་འདྲ་པར། སྒྲ། བརྙན་བཅས་ཀྱི་ཐོག་ནས་ཕན་ཚུན་ནུས་པ་འདོན་རེས་བྱེད་པ། གསར་སྐྲུན་གྱི་བྱ་ཐབས་དང་སྨྱན་བྱད་བརྒྱུད་ནས། དབུལ་ཐར་མཁྲེགས་གཏོར་གྱི་མི་སེམས་འགུལ་བའི་དུས་ཚོད་ཟིན་ཐོར་བཀོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སླེབས་པའི་མཛེས་སྡུག་གི་རི་མོ་བཀོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་རྣམ་པ་མངོན་པ་བཅས་བྱས་ཏེ་རྩེར་སོན་བརྩམས་ཆོས་རེ་རེར་བརྟེན་ནས་འབད་འབུངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

མི་གང་དུ་ཡོད་ན་སེམས་ཤུགས་གོང་བུར་བསྒྲིལ་བའི་གཙོ་གནད་དེ་རུ་ཡོད།

“དྲ་རྒྱའི་བར་སྟོང་དེ་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་བར་སྟོང་གསར་པ་ཞིག་ཏུ་གྱུར་ཡོད་པས། ང་ཚོའི་ཏང་གིས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འདུས་པའི་བར་སྟོང་གསར་པ་ཞིག་ཏུའང་གྱུར་ཡོད་ལ་འགྱུར་དགོས་པ་ཞིག་ཡིན།”

ལོ་ངོ་བཅུ་ལྷག་གི་རིང་ལ། ཀྲུང་གོའི་དྲ་རྒྱའི་དཔལ་ཡོན་ཚོགས་ཆེན་དང་འཛམ་གླིང་མཉམ་སྦྲེལ་དྲ་བའི་ཚོགས་ཆེན་ཝུའུ་ཀྲིན་དབུ་ཚོགས་སོགས་ཀྱི་བྱེད་སྒོ་གང་ཡིན་རུང་། “དྲ་བ་གཙང་མ”དང“དྭངས་གསལ”སོགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས། དྲ་རྒྱའི་སྐྱོན་བྲལ་རིག་གནས་མགྱོགས་མྱུར་སྒོས་སྐྱེད་སྲིང་བྱས་ཏེ། བཟང་ཕྱོགས་ཀྱི་སྟོབས་ཤུགས་རྒྱུན་མི་ཆད་པར་གཅིག་ཏུ་བསྡུས་ཡོད།

ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་སྟེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས།

2022ལོའི་ཟླ4བའི་ཚེས25ཉིན། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཀུན་སྤྱོད་ཀྱི་ཐོག་ཁང་དུ“ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རབས་རྒྱུན་འཛིན་བྱས་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་སྒྲུབ་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་བསམ་བློ་དང་ཆབ་སྲིད་སློབ་ཁྲིད་བྱེད་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སློབ་ཁང་དུ་ཕེབས་ནས་དགེ་རྒན་དང་སློབ་མ་ཚོར་ཕྱག་གཡུག་གནང་ནས་འཚམས་འདྲི་གནང་བ་དང་། སློབ་གྲོགས་ཚོའི་ཁྲོད་དུ་བཞུགས་ཏེ་མཉམ་དུ་སློབ་ཁྲིད་ལ་གསན་པ་དང་གྲོས་བསྡུར་ནང་ཞུགས།

དགེ་སློབ་ཚོའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཀྲུང་གོ་བརྒྱུད་མྱོང་བའི་སྤྱིར་བཏང་མིན་པའི་ལམ་བུ་ནས་བཟུང་ཡན་ཨན་ས་དོང་ནང་གི་མར་ཁེ་སི་རིང་ལུགས་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཐོག་མའི་དུས་ཀྱི་དབུལ་ཞིང་སྟོང་བ། བཅོས་སྒྱུར་སྒོ་འབྱེད་སྐབས་ཀྱི་དཀའ་ཁག་སྣ་ཚོགས་སོགས་རེ་རེ་བཞིན་གསུངས་ཤིང་། ཁོང་གིས་སློབ་གྲོགས་ཚོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པའི་ཐོག་དཔའ་ངར་ཆེན་པོས་ལམ་འབྱེད་གདོང་ལེན་པ་དང་བྱ་གཞག་དོན་གཉེར་བྱས་ནས་གདོང་མཆོང་པ་ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་།

དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས་དང་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་ནས་དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་དང་། དར་གོས་ལམ་བུའི་སྙིང་སྟོབས་སོགས་དར་སྤེལ་བཏང་ནས། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་འབྱུང་རྩ་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་བཏང་སྟེ། སྙིང་སྟོབས་ཀྱི་རྡོ་རིང་རེ་རེ་དང་དུས་རབས་ཀྱི་མི་གསར་པ་འཚར་ལོངས་ཡོང་ཆེད་འདེགས་སྐྱོར་བརྟན་པོ་བྱས།

《དུས་རབས་གསར་པའི་སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད》དང《དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་བསྟར་རྩ་གནད》སྔ་རྗེས་སུ་འགྲེམ་སྤེལ་བྱས་པ་ནས། “དུས་རབས་ཀྱི་མིག་དཔེ”དང“ཀྲུང་གོའི་མི་བཟང”བར་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་དང་། ཏང་ལ་དགའ་ཞེན། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱ་རྒྱུ་དེ་དུས་རབས་ཀྱི་འབོད་སྒྲ་ཆེན་པོར་གྱུར་ཡོད།

《དུས་རབས་གསར་པར་བསམ་བློ་དང་ཆབ་སྲིད་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་ནས། བསམ་བློ་དང་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། བྱེད་སྟངས་དང་བྱེད་ཐབས་གསར་སྐྲུན་བྱེད་པའི་བར་སོགས་གཞི་རིམ་གྱི་བསམ་བློ་དང་ཆབ་སྲིད་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ནས། བསམ་བློ་དང་ཆབ་སྲིད་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ཡོད།

སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ་བཙུགས་ནས།“བདུན་གཅིག་བྱས་རྗེས་གཟེངས་རྟགས”དང“སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”གནང་བ་དང་། ཏང་ཡོངས་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་བ་སོགས་སྤྱི་ཚོགས་ཡོངས་སུ་དཔའ་བོར་དད་གུས་དང་། དཔའ་བོར་སློབ་སྦྱོང་། དཔའ་བོ་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཉིན་རེ་བཞིན་ཆགས་མུས་སུ་ཡོད།

དཔལ་ཡོན་ཁྱིམ་ཚང་དང་དཔལ་ཡོན་སློབ་ར་སོགས་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་གཏིང་ཟབ་སྤེལ་བ་དང་། ཆེ་བཀུར་ཆུང་བྱམས་དང་ཧུར་བརྩོན་གྲོན་ཆུང་སོགས་སྲོལ་རྒྱུན་རིག་གནས་ལ་གཞི་ཚུགས་པའི་དཔལ་ཡོན་སྲོལ་གསར་མང་ཚོགས་ཀྱི་སེམས་སུ་ཟུག་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་ཀུན་སྤྱོད་ཀྱི་འཚོ་བཅུད་སྦྱིན་ཡོད།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས“མི་གང་འདྲ་ཞིག་གསོ་སྐྱོང་བྱ་རྒྱུ”དང“ཇི་ལྟར་བྱས་ནས་མི་གསོ་སྐྱོང་བྱ་རྒྱུར”དམིགས་ནས། དུས་རབས་ཀྱི་མི་གསར་པ་སྐོར་དང་སྐོར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། རང་རྟོགས་ལ་ཤུགས་སྣོན་པ། བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་སྣེ་ཁྲིད་དེ། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ནང་ཞུགས་དགོས།

ཞིང་ཁ་རུ“ཞིང་པ་གསར་པ”ཚོས་གྲང་ངར་ཁྲོད་རྨོ་འདེབས་དང་རྨོ་འདེབས་ཞིབ་ཚགས་བྱས་ཏེ། ཀྲུང་གོའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཡོད།  བཟོ་གྲྭའི་འཁོར་ཁང་དུ་མི་རབས་གསར་པའི་ལས་བཟོ་བས་འཇོན་ཐང་གསོ་སྦྱོང་དང་ལེགས་ཐོག་ལེགས་འཚོལ་བྱས་ཏེ“ཀྲུང་གོས་བཟོས་པའི་གསེར་མདོག་མིང་བྱང”ལ་བརྩོན་ཞིབ་ལྷོད་མེད་བྱས་ནས་འཛམ་གླིང་ཐོག་བཀྲག་མདངས་འཚེར་སར་གྱུར་ཡོད། ལུས་རྩལ་འགྲན་རར་ལུས་རྩལ་པ་ཚོས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱས་ནས་གྲུབ་འབྲས་བཟང་པོ་བརྩོན་ལེན་བྱས་ཏེ་སྐར་ལྔའི་དར་དམར་ཐེངས་རེ་རེ་བཞིན་ལྷབ་ལྷུབ་ཏུ་གཡོ་བ་དང་། གནོད་སྐྱོབ་ཀྱི་ལས་ཡུལ་དང་པོར་ན་གཞོན་བགྲངས་ལས་འདས་པའི་མདུན་སྐྱོད་དང་ལྡོག་སྐྱོད་གདོང་གིས་བསུས་ཏེ། མི་དམངས་མང་ཚོགས་ཉེན་ཁའི་ཁྲོད་དུ་སྐྱོབ་ཀྱིན་ཡོད།

རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས།

ཀྲེ་ཅང་ཡུས་ཧང་ལེའང་ཀྲོའུ“མཛེས་སྡུག་ལྡན་པའི་ཆུ་དབུས་ཀྱི་གླིང་ཕྲན།” གནའ་རྫས་རྟོག་ཞིབ་པ་མི་རབས་ཁ་ཤས་ཀྱིས་གནས་འདིར་ཧུར་ཐག་འབད་ཐག་གིས་འཚོལ་སྙེག་བྱས་ཏེ། ཀྲུང་ཧྭའི་ཤེས་རིག་གི་ཆེས་ཐོག་མའི་རྟགས་མཚན་འཚོལ་ཞིབ་བྱས།

འདི་ནི་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ཡུས་ཧང་ཆུས་ནས་པར་བླངས་པའི་ལེའང་ཀྲོའུ་གནའ་གྲོང་གནའ་ཤུལ་སྤྱི་གླིང་རེད། 2022ལོའི་ཟླ7པའི་ཚེས6ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་ཙུང་ཀྲི་ཡིས་མི་མེད་གནམ་གྲུའི་པར་བླངས།

“ལེའང་ཀྲོའུ་རྗེས་ཤུལ་ནི་ཀྲུང་ཧྭའི་ལོ་ངོ་ལྔ་སྟོང་གི་དཔལ་ཡོན་ལོ་རྒྱུས་དངོས་སུ་ར་སྤྲོད་བྱེད་པའི་གནས་མཆོག་ཅིག་རེད།” 2003ལོའི་ཟླ7པར། སྐབས་དེའི་ཀྲེ་ཅང་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་པའི་ཞི་ཅིན་ཕིང་གིས་རྗེས་ཤུལ་གྱི་ལོ་རྒྱུས་གནས་བབ་ལ་གལ་ཆེའི་ཆོད་གཏམ་གནང་། 2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་ལེའང་ཀྲོའུ་གནའ་གྲོང་གི་གནའ་མཁར་ཤུལ་བཞག་ལ་རེ་ཞུ་བྱེད་པའི་ཐད་མཛུབ་སྟོན་གལ་ཆེན་གནང་།

ལོ་གསུམ་གྱི་རྗེས་སུ། ལེའང་ཀྲོའུ་གནའ་མཁར་གྱི་རྗེས་ཤུལ་དེ《འཛམ་གླིང་ཤུལ་བཞག་གི་མིང་གཞུང》ནང་ཚུད་ཡོད། ཕྱི་རྒྱལ་གྱི་ཆེད་མཁས་པས“ལེའང་ཀྲོའུ་ཡིས་ང་ཚོས་ཀྲུང་གོའི་གནའ་དུས་ཀྱི་དཔལ་ཡོན་ལ་ངོས་འཛིན་བྱེད་ཚད་ལོ་སྟོང་གཅིག་ལྷག་ཙམ་གྱིས་སྔ་བསྣུར་དུ་བྱུང་ཡོད”ཅེས་གདེང་འཇོག་གནང་།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་རིག་གནས་རང་རྟོན་དང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་འཁུར་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ལོ་རྒྱུས་རང་བཞིན་གྱི་བཟོ་སྐྲུན་དང་། འཐབ་ཇུས་རང་བཞིན་གྱི་བཟོ་སྐྲུན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། ཀྲུང་ཧྭའི་རིག་གནས་གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཡོད། 《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བཟོ་སྐྲུན་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཤིང་། ཐོག་དང་པོར་ཀྲུང་དབྱང་གི་ཡིག་ཆའི་རྣམ་པའི་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་བྱ་བར་ཆེད་དོན་རྒྱས་བཤད་གནང་།

ཏུན་ཧོང་རིག་གནས་སྲུང་སྐྱོབ་ཞིབ་འཇུག་བྱ་བར་མུ་མཐུད་སྐུལ་འདེད་བཏང་བ་ནས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བཟོ་སྐྲུན་སོགས་བཟོ་སྐྲུན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས། 《རིག་གནས་བསྐྱར་དར》དང“ཀྲུང་གོའི་རྒྱལ་རབས་རིམ་བྱུང་གི་རི་མོའི་མ་ལག་ཆེན་མོ”རྩོམ་སྒྲིག་དཔེ་སྐྲུན་བྱས་པ་ནས། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དང་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་སོགས་རིག་གནས་ལྷ་ཁང་སྔ་རྗེས་སུ་བསྐྲུན་ཟིན་པའི་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག ཀྲུང་ཧྭའི་རིག་གནས་ཀྱི“དཔྱིད་གསར་ཆུ་ཐིག་གཅིག”ལྟ་བུའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་རེད།

དེང་གི་དུས་འདིར་ཀྲུང་གོའི“རིག་གནས་དངོས་མང་སྟོན་ཚོགས་ཀྱི་ཚ་རླབས་འཕྱུར་བ”དང“རིག་གནས་གསར་སྐྲུན་གྱི་ཉམས་འགྱུར”ཤུགས་ཆེར་སོང་ནས། ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོའི་སྟེང་གི་ཤུལ་བཞག་དང་དཔེ་རྙིང་ནང་བྲིས་པའི་ཡི་གེ་གསོན་ཤུགས་ཀྱིས་ཁེངས་ཤིང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ཕྱིན་ནས། རིག་གནས་རྒྱུན་འཛིན་དར་ཞིང་ལོ་རྒྱུས་ཡུན་རིང་ལྡན་པར་གྱུར་ཡོད།

རིག་རྩལ་ནི་དུས་རབས་མདུན་དུ་སྐྱོད་པའི་དུང་བརྡ་ལྟ་བུ་ཡིན་ཞིང་། དེས་དུས་རབས་ཤིག་གི་ཉམས་འགྱུར་དང་དུས་རབས་ཤིག་གི་དར་སྲོལ་གྱི་སྣེ་ཁྲིད་བྱེད་ཐུབ་ངེས་ཡིན།

“ངས་ཁྱེད་ཀྱིས་གཟིགས་མྱོང་བའི་སྐར་ཚོགས་ལ་བལྟ་སྐབས། རྐང་འོག་གི་ས་གཞི་ཆེན་མོའི་ཡུལ་དུས་གཞན་དུ་བརྗེས་ཟིན་པས། ཁྱེད་ཀྱིས་བཞག་པའི་རླུང་ནང་དུ་གཡོ་བའི་དམར་པོ་དེ་སེམས་ནང་དུ་ཡོད།”

ཧྲང་ཧའེ་ལུང་ཧྭ་སྔོན་གཤེགས་དཔའ་བོའི་བང་སོ་རུ། བརྙན་འཕྲིན་འཁྲབ་ཚན《རྟོགས་སད་ཀྱི་ལོ་རབས》ཞེས་པའི་ནང་ཀུན་གྱིས་ཤེས་པའི་སྔོན་གཤེགས་དཔའ་བོ་གསུམ་ཏེ་ཁྲིན་ཡན་ཉན་དང་། ཁྲིན་ཆའོ་ཉན། ཀྲའོ་ཧྲི་ཡན་བཅས་ཀྱི་བང་སོའི་མདུན་དུ་སྔོན་གཤེགས་དཔའ་བོ་ཚོར་བྲིས་པའི་ཡི་གེའི་བཀང་ཡོད།

སྟོབས་ཤུགས་ཀྱིས་ཁེངས་པའི་རིག་རྩལ་བརྩམས་ཆོས་རེ་རེས་སྙན་འཇེབས་ལྡན་པའི་དུས་རབས་ཀྱི་སྐད་སྒྲ་དང་། རྒྱལ་གཅེས་ཀྱི་སྐད་སྒྲ། མི་དམངས་ཀྱི་འབོད་སྒྲ་བཅས་དཀྲོལ་བཞིན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རིག་རྩལ་ལྡུམ་རར་མེ་ཏོག་མཉམ་བཞད་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་པ་སྟེ། གློག་བརྙན་དང་བརྙན་འཕྲིན་བརྩམས་ཆོས《ཁྲང་ཅིན་མཚེའུ》དང《རི་ཁུལ་གྱི་བརྩེ་སེམས》སོགས་ལ་ལོ་རྒྱུས་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་ཟབ་མོར་ལྡན་པ་དང་། 《མི་ཡུལ》དང་《གངས་རིའི་ས་གཞི》སོགས་རྩོམ་རིག་བརྩམས་ཆོས་ལས་ཟིལ་རླབས་དགུང་འཕྱུར་གྱི་སྤྱི་ཚོགས་འཕོ་འགྱུར་མངོན་པ་དང་། 《ཏང་གི་བུ་མོ》དང་། ཞབས་བྲོའི་ཟློས་གར《ཇི་སྲིད་བར་དུ་ཡལ་མི་སྲིད་པའི་གློག་རླབས》སོགས་གསར་སྐྲུན་རྣམ་པའི་ཐོག་ནས་དཔའ་བོའི་གཟུགས་བརྙན་སླར་ཡང་མངོན་ཡོད།

རིག་གནས་ནི་མི་སེམས་གོང་བུར་འགྲིལ་བྱེད་ཀྱི་བསམ་བློའི་འབྲེལ་ཐག་ཡིན་ལ། དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བྱེད་ཀྱི་འགག་རྩའི་རྒྱུ་རྐྱེན་ཡང་ཡིན།

ཀྲུང་གོར་རིག་གནས་དམངས་ཕན་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་པ་དང་། རིག་རྩལ་སྤུས་དག་བརྩམས་ཆོས་སྣ་ཚོགས་རྒྱུན་མི་ཆད་པར་ཐོན་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱུང་བ། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་བ། དུས་རབས་གསར་པའི་རིག་གནས་བྱ་གཞག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འགྲན་བཞིན་འཕེལ་བ། ཤར་ཕྱོགས་ཀྱི་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་ཏུ་གོམ་སྟབས་ཆེན་པོས་སྐྱོད་བཞིན་ཡོད།

ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་ན། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།

2023ལོའི་ཟླ4པར། དཔྱིད་དུས་ཀྱི་ཀོང་ཀྲིག་ནི་མཛེས་སྡུག་རྣམ་པར་བཀྲ་ཞིང་། སྤྲིན་དཀར་རི་བོའི་འདབས་སུ་གནས་པའི་སུང་ཡོན་རི་ཁུལ་རྒྱབ་ཀྱི་མཚེའུ་ཡི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁི་ལུང་གདན་ཞུ་བྱས་ནས་ལིན་ནན་སྐྱེད་ཚལ་དུ་ཕེབས་ཏེ་ཆུ་འགྲམ་དུ་བཞུགས་ནས་མཛེས་ལྗོངས་ལ་ལྟ་བཞིན་མཆིས། ལོ་ངོ་སྟོང་གི་གནའ་བོའི་རོལ་དབྱངས《རི་མཐོ་ཆུ་རྒྱུན》ཞེས་པ་དཀྲོལ་གཏོང་བྱས་ནས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ལྷན་དུ་གཟིགས་པ་རེད།

“དེང་སྐབས་ཀྱི་ཀྲུང་གོ་ཤེས་རྟོགས་བྱེད་པར་ཀྲུང་གོའི་ལོ་རྒྱུས་ཤེས་རྟོགས་བྱེད་པ་ནས་འགོ་འཛུགས་དགོས།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་གི་ལོ་རྒྱུས་གླེང་ནས“ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་གསུངས།

“ཉིན་འདི་དག་ལ་ང་ཚོས་ཕན་ཚུན་བརྗེ་རེས་དང་མཛའ་གྲོགས་ཇེ་ཟབ་ཏུ་བཏང་བ་ལས། ངས་ཀྲུང་གོའི་ལོ་རྒྱུས་ཡུན་རིང་བ་དང་འོད་སྟོང་འཕྲོ་བའི་རིག་གནས་སྔར་ལས་ཉམས་ལེན་བྱས་པ་དང་། དེང་རབས་ཀྲུང་གོའི་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་ཤེས་རྟོགས་ཐུབ་བྱུང” ཅེས་མཱ་ཁེ་ལུང་གིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་གསུང་།

《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་སྐད་རིགས་མང་བའི་པར་གཞི་དེར་ཕྱི་རྒྱལ་དུ་ཚུར་སྣང་དྲག་པོ་བྱུང་ནས། རྒྱལ་ཁབ་སོ་སོའི་ཀློག་པ་པོ་ཚོར་ཀྲུང་གོ་ཤེས་རྟོགས་དང་ལྟ་ཞིབ་བྱེད་པའི་སྐར་ཁུང་ཞིག་བཏོད་ཡོད།

《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང་》དང་།《ཀྲུང་གོའི་སྲིད་ཏང་ལམ་ལུགས་གསར་པ》ཞེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོ།《ཀྲུང་གོའི་དམངས་གཙོ》ཞེས་པའི་དེབ་ཐེར་རྒྱབ་ཤ་དཀར་པོ་སོགས་ཡིག་ཚགས་ཀྱིས་འཛམ་གླིང་ལ་དངོས་ཡོད་དང་། འབུར་ཐོན། ཁྱོན་ཡོངས་བཅས་ཀྱི་ཀྲུང་གོ་ཞིག་གསལ་པོར་བསྟན་ཡོད།

"ཅིན་གར་དང་ཁུན་ཅུས་ཟློས་གར་སོགས་ཀྲུང་གོའི་ཉམས་འགྱུར་ལྡན་པའི་འཁྲབ་སྟོན་རྒྱུན་ཆད་མེད་པར་རྒྱལ་སྤྱིའི་གར་སྟེགས་སུ་བསྐྱོད་པ་དང་། རང་རྒྱལ་གྱིས་ཕབ་སྐྲུན་བྱས་པའི་གློག་བརྙན་དང་བརྙན་འཕྲིན་ཟློས་གར་ཕྱི་རྒྱལ་དུ་ཚ་ཚ་འུར་འུར་ངང་བརྒྱུད་གཏོང་བྱེད་པ།  ཞབས་བྲོ་དང་འདྲེས་རྩལ། མཛེས་རྩལ། དེ་མིན་དམངས་ཁྲོད་རིག་རྩལ་བཅས་གཅིག་རྗེས་གཉིས་མཐུད་ངང་རྒྱལ་ཁོངས་བརྒལ་ནས་ཕྱི་ཕྱོགས་སུ་བསྐྱོད་པ་རེད།

དྲིན་ཚོར་ཀྲུང་གོ་དང་སྤྲོ་སྐྱིད་དཔྱིད་གསར། ཕྱོགས་བཞིའི་དཔྱིད་དཔལ་སོགས་བྱེད་སྒོ་གྲགས་ཅན་དག་གིས་འཛམ་གླིང་ཡོངས་སུ་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་པའི་ཚ་རླབས་ཤིག་འཕྱུར་བར་བྱས།

པེ་ཅིན་གྱི་དགུན་ཁའི་ཨའོ་རྩལ་འགྲན་ཚོགས་དང་། ཧང་ཀྲིག་ཡ་གླིང་ལུས་རྩལ་འགྲན་ཚོགས། ཁྲིན་ཏུའུ་རུ་འཚོགས་པའི་སློབ་གྲྭ་ཆེན་མོའི་ལུས་རྩལ་འགྲན་ཚོགས་བཅས་ཀྱིས་འཛམ་གླིང་ལ་ངོ་མཚར་བསྐྲུན་ཏེ། གོ་ལ་ཧྲིལ་བོར་ཀྲུང་ཧྭའི་རིག་གནས་ཀྱི་ཀུན་འདུས་དང་ཁོང་ཡངས་ཀྱི་རྣམ་པ་མངོན་པར་བྱས་ཡོད།

ཀྲུང་གོ་དང་ཨ་ཧྥེ་རི་ཀའི་མཉམ་ལས་གླེང་སྟེགས་དང་། ཧྲང་ཧའེ་དངོས་མང་བཤམ་སྟོན་ཚོགས་འདུ། ཨེ་ཤ་ཡའི་དཔལ་ཡོན་གླེང་མོལ་ཚོགས་ཆེན་སོགས་རང་གནས་ཕྱི་འབྲེལ་རབ་དང་རིམ་པས་འཛམ་གླིང་ལ་ཀྲུང་གོའི་གཏམ་རྒྱུད་གླེང་ཞིང་ཀྲུང་གོའི་ཉམས་མྱོང་ངོ་སྤྲོད་བྱས་པ་རེད།

གནའ་དེང་གི་ལོ་རྒྱུས་ཡུན་རིང་ཞིང་ཉིན་བཞིན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མངོན་པའི་ཀྲུང་གོས་སྒོ་འབྱེད་ཁོང་ཡངས་ཀྱི་བློ་རྒྱ་དང་བདེན་སྲུང་གསར་སྐྲུན་གྱི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཧྭའི་ས་གཞི་ཆེན་པོར་རྩ་བ་ཚུགས་ཏེ། འཛམ་གླིང་གི་མདུན་དུ་མངོན་པར་བྱས་ཡོད།

རིག་གནས་ཀྱི་སྐད་སྒྲས་ཀྲུང་གོའི་གཏམ་རྒྱུད་དབྱངས་སུ་གྱེར་ཞིང་།རིག་གནས་ཀྱི་སྲོག་རྩས་རིན་ཐང་གི་ངོས་འཛིན་གཅིག་ཏུ་སྒྲིལ།དཔལ་ཡོན་དཔྱད་གཞིར་བཟུང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་བ་སོགས་ཀྲུང་ཧྭའི་རིག་གནས་ལ་དུས་རབས་ཀྱི་འོད་སྣང་གསར་པ་འཕྲོས་ཏེ། ཀྲུང་ཧྭའི་དཔལ་ཡོན་དང་རྒྱལ་ཁབ་ཕན་ཚུན་བར་གྱི་དཔལ་ཡོན་ཡག་ཐོག་ཡག་བརྩེགས་དང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་།

དུས་རབས་གསར་པར་ཞུགས་ཏེ།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གནས་བབ་གསར་པའི་འོག་ཕྱི་ཕྱོགས་དྲིལ་སྒྲོག་གི་ལས་དོན་ཡག་པོར་བསྒྲུབ་པ་དང་། རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཤིང་། ཡིད་རྟོན་རུང་བ་དང་གཅེས་སུ་འོས་པ། བཀུར་འོས་པ་བཅས་ཀྱི་ཀྲུང་གོའི་སྣང་བརྙན་ལ་སྔར་ལས་དྲང་བདེན་གྱི་ཚོར་བ་རྒྱས་ཏེ།ཞི་བདེ་དང་འཕེལ་རྒྱས། མཉམ་ལས།མཉམ་རྒྱལ་བཅས་ཀྱི་སྙན་འཇེབས་ཀྱི་རོལ་དབྱངས་དཀྲོལ་ཡོད།

འགྱུར་མེད་ཀྱི་ཕུགས་འདུན་དང་མ་འོངས་པར་རྒྱང་ལྟ་བྱས་ཏེ། ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་པའི་སྟེང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས།

ཧི་ནན་ཨན་དབྱང་དབྱིན་ཞུའུ་རུ། ཨན་དབྱང་གཙང་བོ་ལྷུང་ལྷུང་འབབས་ཤིང་རུས་བརྐོས་ཡི་གེ་ངོ་མཚར་ལྡན།

2023ལོའི་ཟླ་8ཚེས10ཉིན་ཧི་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་དབྱིན་ཞུའུ་དངོས་མང་བཤམས་སྟོན་ཁང་དུ་ལྟད་མོ་བོས་ལྟ་སྐོར་བྱེད་བཞིན་པ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལུའུ་ཕིན་གྱིས་པར་བླངས།

2022ལོའི་ཟླ10པའི་ཚེས28ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་མཇུག་སྒྲིལ་ནས་གཟའ་འཁོར་གཅིག་མ་འགོར་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནས་དེར་གཟིགས་ཞིབ་གནང་བར་ཕེབས།

དབྱིན་ཞུའུ་དངོས་མང་བཤམས་སྟོན་ཁང་དུ་ཕེབས་སྐབས།ཟངས་ཆས་དང་གཡང་ཊི། རུས་བརྐོས་ཡི་གེ་སོགས་རིག་དངོས་ལ་ལྟ་སྦྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནས་དེར་ཕེབས་དོན་གྱི་དོན་སྙིང་གླེང་སྐབས།“དབྱིན་ཞུའུ་ལ་ཡོང་བར་ངས་སྔ་མོ་ནས་རེ་སྒུག་བྱས་ཡོད།   ཐེངས་འདིར་ཡོང་དོན་ཡང་ཀྲུང་ཧྭའི་དཔལ་ཡོན་ལ་སྔར་ལས་སློབ་སྦྱོང་དང་རྒྱུས་ལོན་གཏིང་ཟབ་བྱེད་ཆེད་དང་། གནའ་བཟང་དེང་སྤྱོད་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྔར་ལས་ལེགས་པའི་དཔྱད་གཞི་མཁོ་འདོན་བྱེད་ཆེད་ཡིན”ཞེས་གསུངས།

“ཀྲུང་ཧྭའི་དཔལ་ཡོན་གྱི་ལོ་རྒྱུས་རིང་ཞིང་རྒྱུན་གཏན་ནས་ཆད་མྱོང་མེད་པས། ང་ཚོའི་རླབས་ཆེན་གྱི་མི་རིགས་བཞེངས་སྐྲུན་བྱས་པ་དང་། མི་རིགས་འདི་ཉིད་སྔར་བཞིན་རླབས་ཆེན་ངང་གནས་ཐུབ་ངེས་ཡིན ”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་ཡིད་ཆེས་ངང་དེ་ལྟར་གསུང་།

རྒྱལ་ཁབ་ཅིག་དང་མི་རིགས་ཤིག་སྟོབས་ལྡན་དུ་འགྱུར་དགོས་ན།  ཅི་ནས་ཀྱང་རིག་གནས་དར་རྒྱས་ཀྱི་འདེགས་སྐྱོར་ལ་བརྟེན་དགོས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཀྲུང་ཧྭའི་རིག་གནས་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་རྒྱུ་དེ་ཆ་རྐྱེན་དུ་འཛིན་དགོས།

ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དར་རྒྱས་དང་དཔལ་ཡོན་གསར་སྐྲུན་བྱེད་པར་ཐུགས་ཁུར་དང་བསམ་གཞིགས་རྒྱུན་མཐུད་གཏིང་ཟབ་གནང་བཞིན་ཡོད།

ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་དང་ཀྲུང་གོ་ལོ་རྒྱུས་ཞིབ་འཇུག་ཁང་ལ་གཟིགས་ཞིབ་མཛད་ནས་ལོ་རྒྱུས་ལ་བསམ་གཞིག་བྱེད་པའི་ཁྲོད་དུ་མ་འོངས་པར་ཕྱོགས་པའི་བློ་གྲོས་བསྡུ་ལེན་བྱས། གནའ་མཁར་སུའུ་ཀྲིག་ཏུ་ཕེབས་ཏེ།  རིག་གནས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཐེབས་པའི་ནུས་པ་ཆེན་པོ་ཚོར་ཞིང་། ཧྲན་ཞི་ཧན་ཀྲུང་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་དུ་ཕེབས་ཏེ།སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་སྐྲུན་བྱ་རྒྱུར་བསམ་གཞིག་མཛད།

ལོ་རྒྱུས་ཀྱིས་ཁེངས་པའི་སྨྱུ་གུས་མུ་མཐུད་དུ་ལོ་རྒྱུས་གསར་པ་འབྲི་དགོས།

“ད་ལྟ་ནས་བཟུང་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་།བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན”ཞེས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་མཛད།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཡིན།

བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་གསར་བའི་ལམ་བུའི་སྟེང་ཞུགས་ཏེ། སྔར་སོང་མ་མྱོང་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་བསྐྱོད་པར་ཇི་ལྟར་བྱས་ན་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པོར་སྐོང་ཐུབ་པ་དང་།   ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།  མིའི་རིགས་ཀྱི་དཔལ་ཡོན་གྱི་སྐྱེད་མོས་ཚལ་དུ་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་ཐུབ་བམ།

“འགོ་འཛུགས་ས་གསར་བའི་ཐོག་རིག་གནས་དར་རྒྱས་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཞིག་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམིགས་འབེན་གཏན་འཁེལ་དང་ལས་འགན་ཁ་གསལ་གནང་ཡོད།

འགན་འཁྲི་གསར་པ་ཕྲག་ཏུ་འཁུར་ནས་རང་རྟོན་རང་ཚུགས་ཀྱི་བསམ་པའི་གཤིས་རྒྱུད་བརྟན་པོ་སྲུང་དགོས།

རྦ་རླབས་ལང་ལོང་འཕྱུར་བའི་རྨ་ཆུ་སྔོན་མོ་ལོ་ངོ་སྟོང་ཕྲག་མང་པོ་ཡུན་གྱིས་བཞུར།   ཧྲན་ཞི་ཡི་ཆེས་ལྷོ་སྣེར་ཆགས་པའི་ཡོན་ཁྲིན་ལ། སྔ་མོར་ཧི་ཏུང་ཞེས་འབོད་པ་དང་།དེ་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་གྲས་གཅིག་ཡིན།

ད་ལོའི་ཟླ5ཚེས16ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་ཡོན་ཁྲིན་དངོས་མང་བཤམས་སྟོན་ཁང་དུ་གཟིགས་ཞིབ་གནང་ཞིང་། ཁོང་གིས“དངོས་མང་བཤམས་སྟོན་ཁང་དུ་རྩ་ཆེའི་རིག་དངོས་དང་ཐ་ན‘རྒྱལ་ཁབ་ཀྱི་ནོར་བུ’མང་པོ་ཡོད་ཅིང་། དེ་དག་ལས་རང་རྒྱལ་གྱི་ལོ་ངོ་ཁྲི་སྟོང་རིང་གི་མིའི་རིགས་ཀྱི་ལོ་རྒྱུས་དང་། ལོ་ངོ་ཁྲི་གཅིག་གི་རིག་གནས་ལོ་རྒྱུས། ལོ་ངོ་ལྔ་སྟོང་རིང་གི་དཔལ་ཡོན་ལོ་རྒྱུས་བཅས་ལ་དངོས་སུ་བདེན་དཔང་བྱེད་ཐུབ་པས།ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་དཔལ་ཡོན་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱེད་དགོས”ཞེས་ནན་གྱིས་གསུངས།

ཟླ་གཉིས་ལྷག་ཙམ་གྱི་རྗེས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་ཀོང་ཧན་སན་ཞིན་ཏོས་ལ་གཟིགས་ཞིབ་གནང་བར་ཕེབས་པ་དང་། སན་ཞིན་ཏོས་སུ་དངོས་མང་བཤམས་སྟོན་ཁང་གསར་པ་གྲུབ་ནས་བེད་སྤྱོད་བཏང་བར་རྟེན་འབྲེལ་ཞུས་པ་རེད།

འགྲེམ་སྟོན་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་དལ་གྱིས་ཕེབས་ཏེ་སྐབས་རེར་མདུན་ཕྱོགས་ལ་གཟིགས་ཤིང་།ལན་རེར་འགྲེམ་སྟེགས་ལ་སྐོར་གཟིགས་མཛད་དེ་རིག་དངོས་ལ་ཟུར་མི་འདྲ་བའི་སྒོ་ནས་ཞིབ་མོར་གཟིགས་ཏེ་མྱོང་ཚོར་ཟབ་མོའི་ངང“འདི་དག་མཐོང་རྗེས་མི་རིགས་ཀྱི་སྤོབས་སེམས་ལྡབ་འགྱུར་གྱིས་འཕར་ཞིང་།  ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་རིག་གནས།  ད་དུང་དེ་ལས་རིང་བའི་ཀྲུང་ཧྭའི་དཔལ་ཡོན་འཚོལ་ཞིབ་དང་སྔོག་འདོན་བྱེད་པར་རེ་སྒུག་བྱེད་ཀྱིན་ཡོད”ཅེས་གསུངས།

རང་རྟོན་ཡོད་ཚེ་ད་གཟོད་རང་སྟོབས་ཡིན་སྲིད།

རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་དཔལ་ཡོན་ལོ་ངོ་སྟོང་ཕྲག་མང་པོར་བརྒྱུད་ཀྱང་རྒྱུན་མ་ཆད་ལ།ཉེན་ཁ་དང་དཀའ་སྡུག་གང་མང་ལ་འཕྲད་ཀྱང་ཉམས་ཞན་དུ་མ་གྱུར་བ་དེ་ནི་མིའི་རིགས་དཔལ་ཡོན་གྱི་བྱས་རྗེས་ངོ་མཚར་ཡིན་ལ།  ང་ཚོ་རང་རྟོན་གྱི་གདིང་ཤུགས་ཀྱང་ཡིན།

“ཀྲུང་ཧྭ་མི་རིགས་རླབས་ཆེན་ལོ་རྒྱུས་ཀྱི་ལག་ལེན་དང་དེང་རབས་ལག་ལེན་ལ་གཞི་ཚུགས་པ་དང་།ཀྲུང་གོའི་གནས་ལུགས་ལ་བརྟེན་ནས་ཀྲུང་གོའི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱས་ཤིང་།  ཀྲུང་གོའི་ཉམས་མྱོང་དེ་ཀྲུང་གོའི་རིགས་པའི་གཞུང་ལུགས་སུ་རིམ་སྤོར་བྱས་ཏེ།བསམ་པའི་སྟེང་དུ་རང་ཚུགས་རང་བདག་མངོན་འགྱུར་ཡོང་བ་བྱེད་དགོས།” རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས་ང་ཚོས་རང་ཉིད་ཀྱིས་བདམས་པའི་ལམ་བུའི་སྟེང་ཞུམ་མེད་མདུན་སྐྱོད་བྱེད་ཀྱིན་ཡོད།

འགན་འཁྲི་གསར་པ་ཕྲག་ཏུ་འཁུར་ནས་སྒོ་འབྱེད་ཁོང་ཡངས་ཀྱི་བློ་རྒྱ་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས།

ད་ལོའི་ཟླ5པར།གནའ་མཁར་ཞི་ཨན་གྱིས་ཀྲུང་གོ་དང་ཨེ་ཤ་ཡའི་དབུ་ཚོགས་སྟེང་ཞུགས་མཁན་གྱི་ཕྱོགས་སོ་སོའི་སྐུ་མགྲོན་བསུས་བྱུང་།

འདི་ནི་2023ལོའི་ཟླ5ཚེས18ཉིན་ཧྲན་ཞི་ཞིང་ཆེན་ཞིས་ཨན་གྲོང་ཁྱེར་ཏ་ཐང་པད་མའི་གླིང་དུ་པར་བླངས་པའི་ཀྲུང་གོ་དང་ཨེ་ཤ་ཡའི་དབུ་ཚོགས་ལ་དགའ་བསུ་ཞུ་བའི་མཛད་སྒོ་རེད། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲིན་ཧོང་གིས་པར་བླངས།

ཙེ་ཡུན་ཐོག་ཁང་མདུན་དུ་གྲུང་ཤ་དོད་ཅིང་ལྡེམ་ཤུགས་ཆེ་བའི་གནའ་རབས་བྲོ་གར་དང་མཛེས་སྡུག་རྣམ་པར་བཀྲ་བའི་མེ་ཏོག་པད་མའི་ཞབས་བྲོ་སོགས་འཁྲབ་སྟེ་ཐང་རྒྱལ་རབས་ཀྱི་སྲོལ་རྒྱུན་ལྟར་མགྲོན་བསུ་བྱས་ཏེ།ཀུན་འདུས་དང་ཁོང་ཡངས་ཀྱི་ཀྲུང་ཧྭའི་རིག་གནས་མཚར་ཉམས་ཅིག་ཅར་མངོན་བཞིན་ཡོད།

ཧྲན་ཞི་ནི་གནའ་བོའི་དར་གོས་ལམ་གྱི་ཤར་ཕྱོགས་སུ་མགོ་འཛུགས་ས་ཡིན་པས།ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་བར་གྱི་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་མཛའ་བརྩེ་ཟབ་མོའི་དཔང་པོ་གྱུར་ཡོད། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ།ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་མི་དམངས་དབར་ཕན་ཚུན་འགྲོ་འོང་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱས་ཏེ།  འོད་སྟོང་འབར་བའི་གནའ་བོའི་དར་གོས་ཚོང་ལམ་བསྐྲུན་ནས། མིའི་རིགས་དཔལ་ཡོན་བརྗེ་རེས་ཀྱི་ལོ་རྒྱུས་སྟེང་ལེའུ་གསར་བ་བརྩམས་ཡོད” ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལྟར་གསུངས།

ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རྣམ་པ་དེ་ཀྲུང་ཧྭའི་རིག་གནས་གནའ་སྔ་མོ་ནས་བཟུང་སྒོ་འབྱེད་ཀྱི་ཉམས་འགྱུར་དང་ཁོང་ཡངས་ཀྱི་བློ་རྒྱ་ལས་བྱུང་བ་ཞིག་རེད།

ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྔར་ལས་རང་འགུལ་དང་ཧུར་བརྩོན་གྱི་སྒོ་ནས་མིའི་རིགས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་མཐའ་དག་ལ་སློབ་སྦྱོང་བྱེད་པར་དཔྱད་གཞིར་འཛིན་དགོས།

ཟླ9ཚེས14ཉིན། 2023ལོའི་པེ་ཅིན་རིག་གནས་གླེང་སྟེགས་མགོ་བརྩམས་ཤིང་།ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་མཉམ་དུ་འཛོམས་ནས་མིའི་རིགས་ཀྱི་དཔལ་ཡོན་མཉམ་དུ་ཡར་རྒྱས་གཏོང་བར་སྐུལ་འདེད་བྱ་ཆེད་བློ་གྲོས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ནས“རིག་གནས་དར་རྒྱས་གོང་འཕེལ་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ།  དཔལ་ཡོན་བརྗེ་རེས་དང་དཔྱད་གཞིར་འཛིན་པ་བཅས་ལ་ཐུན་མོང་གིས་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་མགོ་ལག་ལེན་དུ་བསྟར་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་ཆེད་གཏིང་ཟབ་རྒྱུན་སྲིང་གི་རིག་གནས་སྟོབས་ཤུགས་སྣོན་དགོས”ཞེས་འབོད་སྐུལ་གནང་།

ཉིན་དེའི་དགོང་མོའི་རིག་རྩལ་དགོང་ཚོགས་སྟེང་། པ་ལིའི་ཞབས་བྲོ་དང་ཀྲུང་གོའི་གནའ་བོའི་ཞབས་བྲོ་གཉིས་གར་སྟེགས་གཅིག་གི་སྟེང་འཁྲབ་ནས་རང་རང་གི་ཉམས་འགྱུར་མངོན་པ་དང་།  དཔལ་ཡོན་མི་འདྲ་བའི་གནའ་བོའི་རོལ་ཆས་ཀྱིས་འཆམ་མཐུན་གྱི་རོལ་དབྱངས་མཉམ་དཀྲོལ་བྱས་ཏེ། རྒྱལ་ཁབ་མི་འདྲ་བའི་དཔལ་ཡོན་གྱི་དྲན་ཤེས་དང་དཔལ་ཡོན་གྱི་ཉམས་འགྱུར་དེ་ཀྲུང་གོའི་ས་གཞི་ཆེན་མོའི་སྟེང་གཅིག་ཏུ་འདུས་ཡོད།

གནའ་བོའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་གིས་ཁྱད་དུ་འཕགས་པའི་བློ་གྲོས་ཀྱིས་འཛམ་གླིང་དཔལ་ཡོན་གྱི་སྒོ་འཕར་ཕྱེས་པ་མ་ཟད།   ཆུ་སྣ་ཀུན་འདུས་ལྟ་བུའི་བརྗིད་ཉམས་ཀྱིས་འཛམ་གླིང་དཔལ་ཡོན་གཙིགས་སུ་བཀུར།

“ང་ཚོས་འཛམ་གླིང་གི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་རླབས་རྒྱུན་མཐིལ་རྟོགས་བྱེད་པ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ལ་ཧུར་ཐག་གིས་ལན་འདེབས་པ་བཅས་བྱས་ནས། མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་ཆེད་ལེགས་སྐྱེས་འབུལ་དགོས་པ་དང་། ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་ལ་བརྟེན་ནས་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྱི་གྲུབ་འབྲས་མཐའ་དག་དཔྱད་གཞིར་བཟུང་ནས་བསྡུ་ལེན་བྱས་ཏེ། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་སྐུལ་འདེད་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་བའི་སྒོ་ནས་ཀྲུང་ཧྭའི་དཔལ་ཡོན་གྱི་རྣམ་པ་དེ་ལྟར་གསལ་བཤད་གནང་།

འགན་འཁྲི་གསར་པ་ཕྲག་ཏུ་འཁུར་ནས་སྔར་ལས་རང་རྟོགས་ཀྱིས“ཟུང་འབྲེལ་གཉིས”རྒྱུན་འཁྱོངས་བྱེད་དགོས།

ལག་ལེན་ལ་རྫོགས་མཐའ་མེད། རིགས་པའི་གཞུང་ལུགས་གསར་གཏོད་ལའང་རྫོགས་མཐའ་མེད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་རྒྱུ་ནི་དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་རེད།

ཟླ6པའི་ཚེས30ཉིན།  ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཡིད་ཁམས་གསར་པ་གཏོད་པར་ཐུན་མོང་གི་སློབ་སྦྱོང་ཐེངས་དྲུག་པ་བྱས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

“མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་བརྗོད་གཞི་གལ་ཆེན་དེ་སྤྱིར་ཐག་གཅོད་བྱས་ཡོད། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་ལྟ་བུ་དེ་གཏན་ནས་འདོར་མི་རུང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་རྩ་བ་དེ་གཏན་ནས་འདོར་མི་རུང་། བླ་སྲོག་དང་རྩ་བ་དེ་བརྟན་སྲུང་བྱེད་རྒྱུ་ནི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་རེད།”ཅེས་གསུངས།

ལོ་རྒྱུས་ཡར་ཐོན་འགྲོ་བའི་ཁྲོད་དུ་རིག་གནས་ཀྱིས་བཟུང་བའི་གོ་གནས་དང་ནུས་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། རིག་གནས་ཀྱི་བསམ་པའི་ཁྱད་ཆོས་དང་ལོ་རྒྱུས་རྒྱུན་འཛིན་བྱས་ཚུལ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། རིག་གནས་བསྐྱར་དར་དང་དཔལ་ཡོན་ཡར་ཐོན་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་པ་བཅས་ལ་བརྟེན་ནས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱེད་པའི་བསམ་ཕྱོགས་གསར་པ་བཏོད་པ་རེད།

རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུའི་སྟེང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཟུང་འབྲེལ་གཉིས”ཀྱི་ཐད་བརྒྱུད་རིམ་ལྡན་པའི་ངང་འཆད་འགྲེལ་གཏིང་ཟབ་གནང་བ་སྟེ།“ཟུང་འབྲེལ”གྱི་སྔོན་འགྲོའི་ཆ་རྐྱེན་ནི་ཕན་ཚུན་མཐུན་པ་དང་།“ཟུང་འབྲེལ”གྱི་འབྲས་བུ་ནི་ཕན་ཚུན་གྲུབ་འབྲས་ཡིན་པ།“ཟུང་འབྲེལ”གྱིས་འགྲོ་ལམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་པ།“ཟུང་འབྲེལ”གྱིས་གསར་སྐྲུན་གྱི་བར་སྟོང་འབྱེད་པ་དང“ཟུང་འབྲེལ”གྱིས་རིག་གནས་ཀྱི་གཙོ་རྒྱུན་ཇེ་བརྟན་དུ་བཏང་བ་བཅས་རེད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང“ཟུང་འབྲེལ་གཉིས”ཀྱི་རྩ་བའི་བླང་བྱ་རྒྱུན་འཁྱོངས་བྱས་ནས། ལག་ལེན་གྱི་རྨང་གཞིའི་སྟེང་རིགས་པའི་གཞུང་ལུགས་གསར་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། བདེན་དོན་གྱི་འོད་སྣང་ལ་བརྟེན་ནས་འབད་འཐབ་ཀྱི་ལམ་བུ་གསལ་བར་བྱེད་པ་དང་བསྐྱར་དར་གྱི་བསམ་བློས་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས།

ལོ་རྒྱུས་རྒྱུན་འཛིན་ཡག་ཤོས་བྱེད་པ་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་ཡིན་པ་དང་། མིའི་རིགས་ཀྱི་དཔལ་ཡོན་ལ་གུས་བཀུར་ཆེ་ཤོས་བྱེད་རྒྱུ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་རེད། མ་འོངས་པར་ཁ་ཕྱོགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ། སྙིང་སྟོབས་ཆེར་སྐྱེད་དང་མཉམ་དུ་འབད་བརྩོན་བཅས་བྱས་ཏེ།  མཉམ་དུ་ང་ཚོའི་དུས་རབས་འདིར་གཏོགས་པའི་རིག་གནས་གསར་པ་གཏོད་རྒྱུར་འབད་བརྩོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས”ཞེས་འབོད་སྐུལ་གནང་།

འགོ་འཛུགས་ས་གསར་པའི་ཐོག བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་།   ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་འཐབ་ཕྱོགས་དེ་བློ་སྟོབས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱས་ཏེ། གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་སྐྱོད་ཀྱི་ལམ་བུའི་སྟེང་བསྐྱོད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ། ཤ་བོ་རིན་མཚོ། གཡང་འབུམ་རྒྱལ།