ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས།
2023.10.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་ལ་མཚོ་སྔོན་གྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་འཐབ་ཕྱོགས་སུ་ཚུར་སྣང་དྲག་པོ་བྱུང་།

ཉེ་ལམ།  རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཚོགས་འདུ་པེ་ཅིན་དུ་འཚོགས།  ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོལ་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལ་མཚོ་སྔོན་གྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་འཐབ་ཕྱོགས་སུ་ཚུར་སྣང་དྲག་པོ་བྱུང་།   ཚང་མས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་ཞིང་དོན་སྙིང་གཏིང་ཟབ་པ་དང་།  ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་ཞིང་། དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་སྔར་ལས་ཡག་པོར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད་པས།  ངེས་པར་དུ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།  ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་དེང་སྐབས་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་དང་།  ཞིབ་འཇུག  འཆད་འགྲེལ་བཅས་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་ཆབས་ཅིག རང་རྟོགས་སྒོས་དྲིལ་སྒྲོག་དང་བསམ་བློ།  རིག་གནས་བཅས་ཀྱི་ལས་དོན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་བྱས་ནས། དུས་རབས་གསར་པར་རིག་གནས་ཀྱི་འགན་འཁྲི་གསར་བ་སྔར་ལས་ལེགས་པའི་སྒོ་ནས་འཁུར་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གི་རིག་གནས་དགོངས་པས་ཁྲིད་སྟོན་བྱས་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་དར་ཆ་མཐོན་པོར་སྒྲེང་བ་རྒྱུན་འཁྱོངས་བྱེད་དགོས།

“དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་དེ་ཏང་གི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་དང་།  རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ། མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད་པ་བཅས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད”

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལུའུ་ཡན་གྱིས་བཤད་རྒྱུར།  “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་བསམ་བློ་གཏིང་ཟབ་པ་ནི་གནས་བབ་གསར་པའི་འོག་ཏང་གི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད”།   ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་གཏན་འཁེལ་བྱས་པའི་དུས་རབས་གསར་པའི་རིག་གནས་འཛུགས་སྐྲུན་གྱི་ལམ་ཐིག་རི་མོ་དང་ལས་འགན་ཡི་གེ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་ལྷོད་མེད་བྱེད་པ། དུས་རབས་གསར་པར་འབད་འབུངས་བྱེད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ཏུ་ལག་ལེན་བྱེད་པ།  རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།  ཕྱི་ཕྱོགས་དྲིལ་སྒྲོག་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ།  འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་མཐའ་གཅིག་ཏུ་འགོག་ཟོན་བཅས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་དྲིལ་སྒྲོག་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས་ཟེར།

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་འགོ་གཙོ་ཧུའུ་ཝེས་ཀྲུང་གིས་བཤད་རྒྱུར།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་ཁྱོན་ཡོངས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་།  ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།  རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་པ་བཅས་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ་དང་། དུས་རབས་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ལས་དོན་གྱི་གོ་གནས་གལ་ཆེན་དང་།  འགན་འཁྲི། བླང་བྱ་གལ་ཆེན་བཅས་རྒྱས་བཤད་གཏིང་ཟབ་གནང་སྟེ།  དུས་རབས་གསར་པར་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དར་ཆ་གསལ་སྒྲེང་དང་ཁ་ཕྱོགས་གཏན་འཁེལ་བྱས་པར་མ་ཟད་རྩ་བའི་ཁྲིད་སྟོན་མཁོ་འདོན་གནང་ཡོད།  མཚོ་སྔོན་ཉིན་རེའི་ཚགས་པར་དེ་ཏང་གི་མགྲིན་ཚབ་དང་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་ངོས་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་། བསམ་གཞིགས།  ལག་ལེན་བཅས་བྱེད་པའི་ཐོག་ནས་མདུན་སྐྱོད་དང་མིག་དཔེ་སྟོན་དགོས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དྲིལ་སྒྲོག་དང་ལག་བསྟར་བྱེད་པའི“སྣེ་ཁྲིད་པ”ཡག་པོ་བྱས་ནས།    དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད།  གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་ཏང་གི་གསུང་སྐད་དེ་དུས་རབས་ཀྱི་འབོད་སྒྲ་ཆེ་ཤོས་སུ་འགྱུར་བར་བྱེད་པ་དང་དྲང་ཕྱོགས་ཀྱི་ནུས་པ་དེ་བཞུར་ཚད་ཆེ་ཤོས་སུ་འགྱུར་བར་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་ཐིན་ཀྲང་གཞོན་པའམ་རིམ་པ་དང་པོའི་སྐོར་ཞིབ་པ་ལིས་ཞ་ཡིས་བཤད་རྒྱུར།  “ཞི་ཅིན་ཕིང་གི་རིག་གནས་དགོངས་པས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཡག་པོར་སྒྲུབ་པ་དང་། རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་ལེན་པར་སྟོབས་དང་ལྡན་པའི་བསམ་བློའི་མཚོན་ཆ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད”།     ང་ཚོས་རིག་གནས་དང་ཡུལ་སྐོར་ལས་དོན་ཡག་པོར་སྒྲུབ་པ་དང་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་ནས།  རང་རྟོགས་སྒོས“དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད་བྱེད་པ། མི་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ།  གཟུགས་བརྙན་གཏོད་པ”བཅས་ཀྱི་འགན་འཁྲི་འཁུར་ཏེ། རིག་གནས་ལ་བརྟེན་ནས་ཞིང་ཆེན་གྱི་གནས་ཚུལ་ཁོང་དུ་ཆུད་པ་དང་རིག་གནས་ཀྱི་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། ཀྲུང་ཧྭའི་དཔལ་ཡོན་གྱི་བསམ་པའི་མཚོན་རྟགས་དང་རིག་གནས་ཀྱི་སྙིང་བཅུད་སྔོག་འདོན་བཅས་བྱས་ནས།  འགོ་འཛུགས་ས་གསར་པའི་ཐོག་ཞིང་ཆེན་ཡོངས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་།  མཚོ་སྔོན་གྱི་གཏམ་རྒྱུད་ཡག་པོར་བཤད་པ།   མཚོ་སྔོན་གྱི་སྐད་སྒྲ་བརྒྱུད་སྒྲོག་ཡག་པོ་བཅས་བྱེད་དགོས་ཟེར།

མཚོ་སྔོན་དགེ་འོས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་ཧྥང་ལིས་ཅང་གིས་བཤད་རྒྱུར།  “ ཞི་ཅིན་ཕིང་གི་རིག་གནས་དགོངས་པར་རླབས་ཆེ་བའི་བདེན་དོན་གྱི་སྟོབས་ཤུགས་དང་། ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་ལྡན་ཡོད་པས།  ང་ཚོས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་ཡག་པོར་སྒྲུབ་པར་ཁྲིད་སྟོན་གལ་ཆེན་གནང་ཡོད”།    སྤྱི་ཚོགས་ཚན་རིག་གི་བྱ་བ་སྒྲུབ་མཁན་ཞིག་གི་ངོས་ནས་ང་ཚོས་བློ་སྒྲིལ་སེམས་སྐྱེད་བྱེད་པའི་ཐད་མུ་མཐུད་དུ་ཤུགས་སྣོན་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དོན་འཁྱོལ་གཏིང་ཟབ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།  ཞིབ་འཇུག་དང་འཆད་འགྲེལ་བྱེད་པའི་ཐད་མུ་མཐུད་དུ་ཤུགས་སྣོན་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་སློབ་གླིང་འཛུགས་སྐྲུན་བྱེད་རྒྱུ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་། ཞིབ་འཇུག འཆད་འགྲེལ་བཅས་བྱེད་པའི་སྲ་ཞིང་བརྟན་པའི་རིགས་པའི་གཞུང་ལུགས་ཀྱི་གཡུལ་ས་དང་རིག་གཞུང་གི་མཐོ་ས་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

“ཤུགས་རྒྱག་ས་བདུན”གྱི་བླང་བྱ་དོན་འཁྱོལ་བྱས་ནས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ལས་དོན་གྱི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་གཏོད་དགོས།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐའེ་ཀྲང་ལིས་ཞའོ་ཡན་གྱིས་བཤད་རྒྱུར།  “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས།  སྤྱི་རྟོན་ནུས་ཤུགས་བཅས་ཧུར་ཐག་གིས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ”  ང་ཚོས“ཤུགས་རྒྱག་ས་བདུན”ལ་དམ་པོར་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་དཀྱིལ་སྙིང་དྲིལ་སྒྲོག་ལ་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྨྱན་བྱད་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། སྨྱན་བྱད་ཀྱི་ཚན་རྩལ་གསར་སྐྲུན་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱང་སྒྲོག་བརྙན་འཕྲིན་དངདྲ་རྒྱའི་སྤུས་ལེགས་ལེ་ཚན་ཧུར་ཐག་གིས་གཏོད་པ།   གསར་འགྱུར་གླེང་ཕྱོགས་ཀྱི་བརྒྱུད་སྒྲོག་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། སྤྱི་རྟོན་ནུས་ཤུགས་བཅས་ཆེ་རུ་གཏོང་བར་ཤུགས་སྣོན་བྱེད་པ།  བརྩེ་སེམས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མི་སེམས་སུ་ཟུག་པ་དང་རྩ་བ་བརྟན་པོ་ཚུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དྲང་ནུས་སྔར་ལས་ཆེ་བ་དང་བརྗོད་དོན་གཙོ་བོ་སྔར་ལས་ཆེན་པོ་ལྡན་པར་བྱེད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་མཉམ་འབྲེལ་དྲ་རྒྱ་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རིན་ཧི་ཧྲི་ཡུས་ཀྱིས་བཤད་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ལྷག་པར་དུ“ཤུགས་རྒྱག་དགོས་པ་བདུན”གྱི་བླང་བྱ་གལ་ཆེན་གྱིས་མ་འོངས་པའི་དུས་སྐབས་ཤིག་གི་དྲིལ་སྒྲོག་དང་བསམ་བློ། རིག་གནས་བཅས་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། མཉམ་འབྲེལ་དྲ་རྒྱ་དང་གསར་འགྱུར་སྨྱན་བྱད་ཀྱི་དོན་དངོས་ལ་གཞི་ཚུགས་པ། སྨྱན་བྱད་མཉམ་འདྲེས་གཏིང་ཟབ་ཡོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ།  “གསར་གཏོད་ཀྱིས་ཕྱུག་པ་དང་སྲོལ་གསར་གཏོད་པ་རྒྱུན་འཁྱོངས་བྱེད་པ།   བརྒྱུད་སྒྲོག་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས།  སྤྱི་རྟོན་ནུས་ཤུགས་བཅས་མཐོ་རུ་གཏོང་བར་འབད་བརྩོན་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ།  མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དྲིལ་བསྒྲགས་ཡག་པོ་བཅས་བྱས་ནས།  དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དྲ་རྒྱའི་གླེང་ཕྱོགས་ཀྱི་རྣམ་པ་བཟང་བོ་ཞིག་གཏོད་དགོས་ཟེར།

མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་རིག་དངོས་སྲུང་སྐྱོབ་དང་གནའ་རྫས་རྟོག་ཞིབ་ཁྲུའི་ཁྲུའུ་ཀྲང་ཧི་ཧྲིན་རུང་གིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལོ་རྒྱུས་ཀྱི་རང་རྟོན་དང་རིག་གནས་ཀྱི་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།  རིག་དངོས་ཀྱི་གནས་ཚུལ་མཐིལ་རྟོགས་བྱེད་པ། རིག་དངོས་ཀྱི་གྲངས་གཞིར་དབྱེ་ཞིབ་དང་སྔོག་འདོན་གཏིང་ཟབ་བཅས་བྱས་ནས།  མི་སྔར་ལས་མང་བས་རིག་དངོས་ཀྱི་ལོ་རྒྱུས་རིག་གནས་ཀྱི་དོན་སྙིང་ཤེས་རྟོགས་དང་ངོས་འཛིན་ཐུབ་པར་བྱེད་པ་དང་། མང་ཚོགས་ཀྱིས་རང་ཉིད་ཀྱི་རིག་གནས་འབྱུང་རྩར་ངོས་འཛིན་གཅིག་མཐུན་དང་སྤོབས་སེམས་ཆེ་རུ་བཏང་སྟེ། མཚོ་སྔོན་གྱི་རིག་དངོས་སྲུང་སྐྱོབ་དང་བཀོལ་སྤྱོད་ཀྱི་ལས་དོན་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཟི་ལིང་དགོང་དྲོའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་འགོ་གཙོ་ཁྲིན་ཙུང་ཅོན་གྱིས་བཤད་རྒྱུར།  ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་། ཞིབ་འཇུག འཆད་འགྲེལ་བཅས་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱེད་པ་དང་། དྲང་ཕྱོགས་ཀྱི་དྲིལ་སྒྲོག་ལ་ཤུགས་སྣོན་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ།  མཐོང་རྒྱ་ཆེ་རུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱེད་པ།  གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་གསར་འགྱུར་བཞེངས་སྐྲུན་ལ་ཤུགས་སྣོན་བྱེད་པ། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་ཆེ་རུ་གཏོང་བ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་ཆེ་རུ་གཏོང་བ། གཙོ་རྒྱུན་སྨྱན་བྱད་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ།   མུ་མཐུད་དུ་བརྒྱུད་སྒྲོག་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། སྤྱི་རྟོན་ནུས་ཤུགས་བཅས་ཆེ་རུ་གཏོང་བ་བཅས་བྱས་ནས། དུས་རབས་གསར་པའི་གཙོ་རྒྱུན་སྨྱན་བྱད་ཀྱི་རྣམ་པ་གསར་བ་དང་ལས་སྒྲུབ་གསར་བ་མཚོན་པར་བྱེད་དགོས་ཟེར།

ཟི་ལིང་གྲོང་ཁྱེར་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐའེ་ཀྲང་ཧུའུ་ཅན་ཁྲུང་གིས་བཤད་རྒྱུར།  ང་ཚོས་གཟེར་མ་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་དང་བླང་བྱ་སྣ་ཚོགས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཤེས་རྟོགས་དང་།  མཚོ་སྔོན་ལ་དགའ་ཞེན།  མཚོ་སྔོན་དྲིལ་སྒྲོག་ཡག་པོ་བཅས་བྱེད་པ་དང་།  ཇི་མ་ཇི་བཞིན་དང་ཆ་ཚང་བའི་སྒོ་ནས་ཟི་ལིང་གི་བླང་བྱ་ཡག་པོར་བརྗོད་པ་དང་མངོན་པར་བྱེད་པའི་ཁྲོད་གྲུབ་འབྲས་བཟང་པོ་ཐོབ་པར་བྱེད་པ་དང་།   ཆབ་སྲིད་ཀྱི་བློ་དཀར་སེམས་དཀར་བརྟན་པོ་འཛུགས་པ། གཡུལ་ས་འཛུགས་སྐྲུན་སྲ་བརྟན་དུ་གཏོང་བ། གླེང་ཕྱོགས་ཀྱི་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས།   ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གཏིང་ཟབ་དང་། ནང་བྱན་ཆུད་པ། གཞན་སྒྱུར་བཅས་བྱེད་རྒྱུ་དེ་སྨྱན་བྱད་ཡོངས་སུ་མཉམ་འདྲེས་དང་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པའི་ཞིབ་ཕྲའི་ལག་ལེན་ཁྲོད་མངོན་པར་བྱས་ནས།  གསར་སྐྲུན་གྲུབ་འབྲས་ལ་བརྟེན་ནས་ཙོང་ཆུའི་ས་ཁོངས་རིག་གནས་ལ་དུས་རབས་གསར་པར་ཉམས་འགྱུར་གསར་པ་མངོན་པར་སྐུལ་འདེད་གཏོང་དགོས་ཟེར།

ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ལིས་ཡུང་ཕུན་གྱིས་བཤད་རྒྱུར།  “ང་ཚོར་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང”།     གཞི་རིམ་གྱི་དྲིལ་སྒྲོག་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ངོས་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས།   ཧུའུ་ཀྲུའུ་ཡི་མཉམ་འདྲེས་སྨྱན་བྱད་ཀྱི་བརྒྱུད་སྒྲོག་ནུས་པ་དང་།  ཁྲིད་སྟོན་ནུས་པ།  ཤུགས་རྐྱེན་ཐེབས་ཤུགས།  སྤྱི་རྟོན་ནུས་ཤུགས་བཅས་སྔར་ལས་ཆེ་རུ་གཏོང་བ་དང་།  སྣ་མང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྨྱན་བྱད་བརྒྱུད་སྒྲོག་མ་ལག་ཅིག་ཆགས་པར་བྱས་ནས། ཏང་གི་གསུང་སྐད་བརྒྱུད་སྒྲོག་དང་ཧུའུ་ཀྲུའུ་ཡི་གཏམ་རྒྱུད་ཡག་པོར་བརྗོད་དགོས་ཟེར།

ལོ་ཙཱ་བ། སྒྲོལ་མ་སྐྱིད།