དགོངས་པར་སློབ་སྦྱོང་དང་ལག་ལེན་བྱས་ཏེ་རིགས་གཞུང་གསར་སྐྲུན་བྱེད་པ་དང་། རིག་གནས་ཀྱི་འགན་འཁྲི་གསར་བ་ཕྲག་ཏུ་འཁུར་དགོས།
2023.10.12 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས།

བསྟུད་མར་ཉིན་འགའི་རིང་ལ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བའི་ཚོགས་འདུའི་དགོངས་དོན་ལ་གོ་བ་ནན་མོ་བླངས་ཏེ། རང་འཁྲིའི་བྱ་བའི་ཁྲོད་ཞི་ཅིན་ཕིང་གི་རིག་གནས་དང་བསམ་བློ་ལག་ལེན་ཧུར་ཐག་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་གྱི་འབད་འཐབ་དང་ལག་ལེན་ཁྲོད་རྣམ་པ་གསར་པ་གཏོད་དགོས།

ལག་ལེན་གྱི་ཁྲོད་དུ་རིག་གནས་ཀྱི་བསམ་བློ་གོ་བ་ཟབ་མོ་ལེན་དགོས།

“ཞི་ཅིན་ཕིང་གི་རིག་གནས་དགོངས་པས་ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་པར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་། ང་ཚོའི་ཏང་གི་ལོ་རྒྱུས་རང་རྟོན་དང་རིག་གནས་རང་རྟོན་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པས། ཏང་གི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་ལས་དོན་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།” ཆིང་ཧྭ་སློབ་ཆེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཞའོ་ཀོས་ཆིན་གྱིས་བཤད་རྒྱུར། དགོངས་པ་གལ་ཆེན་འདི་ནི་དུས་རབས་གསར་པར་ཏང་གིས་རིག་གནས་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཉམས་མྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཕྱོགས་སྡོམ་ཞིག་ཡིན་པས། མར་ཁེ་སི་རིང་ལུགས་ཀྱི་རིག་གནས་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ་དེའི་ཐོག་ནས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་། ལོ་རྒྱུས་དང་དོན་དངོས་ཟུང་འབྲེལ། རྒྱལ་ནང་དང་རྒྱལ་སྤྱི་གཅིག་གྱུར་བཅས་མཚོན་པ་དང་། ཚད་མཐོའི་བདེན་དོན་རང་བཞིན་དང་མི་དམངས་རང་བཞིན། ལག་ལེན་རང་བཞིན་བཅས་ལྡན་ཡོད་ཟེར།

དུས་རབས་གསར་པའི་ཚུན་གྱི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་གོ་བ་གཏིང་ཟབ་ལེན་དགོས། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་སྲིད་ཇུས་ཁྲིམས་སྲོལ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཀྲང་ཞུང་གིས་བཤད་རྒྱུར། འདིའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་ཞིག་རེད་ཟེར།

“ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ནི་བྱ་བ་སྒྲུབ་པའི་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན། ང་ཚོས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་འཚོ་བ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་རིག་གནས་ཀྱི་ཞིང་ཆེན་སྟོབས་ལྡན་ཞིག་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས། པ་ཧྲུའུ་རིག་གནས་ཀྱི་འོད་ཟེར་གྱིས་ཀྲུང་ཧྭའི་དཔལ་ཡོན་ལ་བཀྲག་མདངས་སྣོན་དགོས”ཞེས་ཀྲང་ཞུང་གིས་དེ་ལྟར་བཤད།

“དུས་རབས་གསར་པ་ནས་བཟུང་། རང་རྒྱལ་གྱི་དྲ་རྒྱའི་བར་སྟོང་གི་རྣམ་པ་གསར་པ་ཞིག་ཐོན་པ་དང་། གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་ཕྱིན་པ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་རྩ་བའི་ཆ་ནས་བསྐྲུན་ཟིན་པ། དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་རྒྱུ་བཅས་ཀྱི་གོམ་སྟབས་གསར་པ་སྤོས་ཡོད། གྲུབ་འབྲས་དེ་དག་ལས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ཁྲོད་ཀྱི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་སྟོབས་ཤུགས་ཆེན་པོ་གསོན་ཉམས་དོད་པོས་མངོན་ཡོད།” ཀྲུང་དབྱང་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་དྲ་རྒྱའི་རྒྱུད་སྒྲོག་ཅུའུ་གསར་འགྱུར་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཧྥེ་ཡིས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་གྱི་འབད་འཐབ་དང་ལག་ལེན་ལ་གཞི་ཚུགས་ནས། དྲ་རྒྱའི་རྒྱུད་སྒྲོག་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། ལག་རྩལ་གསར་སྐྲུན་ལ་བརྟེན་ནས་ནུས་པ་བསྩལ་བའི་ནང་དོན་གསར་སྐྲུན་དང་། རྣམ་པ་གསར་སྐྲུན། རྒྱུད་སྒྲོག་གསར་སྐྲུན་བཅས་བྱས་ནས། དྲ་ཐོག་དྲིལ་བསྒྲགས་ཀྱི་སྤུས་རྟགས་རྒྱུན་མཐུད་ངང་བཏོད་དེ་བརྩམས་ཆོས་ལེགས་པོ་མུ་མཐུད་དུ་གསར་སྐྲུན་རྒྱུད་སྒྲོག་བྱེད་པ་དང་། ཧུར་ཐག་གིས་སྨྱན་བྱད་ཡོངས་ཀྱིས་རྒྱུད་སྒྲོག་གི་མ་ལག་འཛུགས་སྐྲུན་བྱས་ནས། གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་གསར་པ་གཏོད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཐེངས་འདིའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རིགས་གཞུང་ཞིབ་འཇུག་ཁང་སྲིད་ཇུས་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཞིན་གྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སྔར་ལས་རྒྱུས་ལོན་བྱས་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བ་དེ་ཏང་གི་མདུན་ལམ་དང་ལས་དབང་ལ་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད་པ། མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་འབྲེལ་བ་ཡོད་པ་བཅས་ནི་གལ་འགངས་ཤིན་ཏུ་ཆེ་བའི་བྱ་བ་ཞིག་རེད’ཅེས་ནན་བཤད་གནང་། བྱ་བ་དེ་ཡག་པོ་བསྒྲུབ་རྒྱུ་ནི་རིག་རྩལ་ལས་དོན་པའི་འགན་འཁྲི་ཡིན།” ཀྲང་ཞིན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་རིག་གནས་དགོངས་པས་སྔར་ལས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དགོངས་པ་གལ་ཆེན་དེའི་ཞིབ་འཇུག་དང་། དྲིལ་བསྒྲགས། འགྲེལ་བཤད་བཅས་ཀྱི་བྱ་བ་བརྒྱུད་ནས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱས་ཏེ། རྒྱ་ཆེའི་རིག་རྩལ་ལས་དོན་པས་འཚོ་བ་དང་མི་དམངས་ཁྲོད་སྐྱོད་པ། བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱ་རྒྱུར་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་བསྐྲུན་ཆེད་རིག་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

གནས་བབ་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན“ཤུགས་རྒྱག་ས་བདུན”ལ་གོ་བ་ལེན་དགོས་པའི་སྐོར་རྒྱུས་ལོན་བྱེད་སྐབས། ཀོས་ཀྲིག་ཞིང་ཆེན་ལིག་ཕན་ཧྲོས་གྲོང་ཁྱེར་ཧྲོས་ཁྲིན་ཆུས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཧྲི་ཡིས་བཤད་རྒྱུར།“‘ཤུགས་རྒྱག་ས་བདུན’གྱི་དོན་གནད་དང་པོ་ནི་ཏང་གིས་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། དེ་ནི་ང་ཚོས་བྱ་བ་སྤེལ་བའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ང་ཚོས་ཏང་གི་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱས་ནས། མགྱོགས་མྱུར་སྒོས་ཆུས་ཁོངས་གཏོགས་ཀྱི་གསར་འགྱུར་སྨྱན་བྱེད་གཙོ་བོར་བྱེད་པ་དང་། སྲིད་དོན་སྨྱན་བྱད་གསར་པ་ཟབ་ཞུགས་བྱེད་པ། སྒེར་གྱི་སྨྱན་བྱད་མཉམ་འགུལ་བཅས་ཀྱི་རྒྱུད་སྒྲོག་ནུས་པ་བཏོན་ནས། ཏང་གི་གསར་སྐྲུན་གཞུང་ལུགས་ཁྱིམ་ཚང་ཁྲི་སྟོང་མང་པོ་ཐོན་པར་བྱེད་དགོས”ཟེར།

སྟོན་ཀའི་དུས་ཚིགས་འདིར་ཧི་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་གྱི་ནུབ་བྱང་འདབས་སུ་གནས་པའི་དབྱིན་ཞུས་དངོས་མང་བཤམ་སྟོན་ཁང་གི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད།

“ང་ཚོས་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས”ལ་སྐུལ་འདེད་བཏང་སྟེ། གཞི་གྲངས་ཅན་གྱི་ལག་རྩལ་བྱ་ཐབས་ལ་བརྟེན་པ་དང་། ནང་ངོས་ཀྱི་ཉམས་ལེན་ལ་ཤུགས་སྣོན་པ་སོགས་ལ་བརྟེན་ནས་གནའ་བོའི་དབྱིན་ཞུས་རྗེས་ཤུལ་ལ‘གསོན་ཉམས’ལྡན་དུ་བཅུག་ཏེ། སྲོལ་རྒྱུན་རིག་གནས་ལ་གཟི་བརྗིད་གསར་པ་སྣོན་པར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་དབྱིན་ཞུས་དངོས་མང་བཤམ་སྟོན་ཁང་གི་ཏང་ཙུང་ཀྲི་པུའུ་ཧྲུའུ་ཅི། རྒྱུན་ལས་འགོ་གཙོ་གཞོན་པ་ཀྲའོ་ཆིང་རུང་གིས་དེ་ལྟར་བཤད།

ཞིན་ཅང་དབྱི་ལི་ཧ་སག་རིགས་རང་སྐྱོང་ཁུལ་ཧོ་ཨར་གོ་སི་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲིག་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱལ་སྤྱིའི་རྒྱུད་སྒྲོག་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བྱེད་པ་དང་། དཔལ་ཡོན་བརྗེ་རེས་ལ་སྐུལ་འདེད་གཏོང་བའི”མྱོང་ཚོར་ཟབ་མོ་བྱུང་ཟེར།

“གནའ་བོའི་དར་གོས་ལམ་བུའི་ཐོག་གི‘ལོ་ངོ་སྟོང་གི་ས་ཚིགས’དང་། རང་རྒྱལ་གྱིས་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཧོ་ཨར་གོ་སིས་རྒྱུན་རྣམ་ཅན་གྱི་ཐོག་ནས་ཀྲུང་ཕྱིའི་སྨྱན་བྱད་གླེང་སྟེགས་སོགས་རྒྱལ་སྤྱིའི་སྨྱན་བྱད་བརྗེ་རེས་བྱ་འགུལ་སྤེལ་ནས། རྒྱལ་སྤྱིའི་ཐོག‘གྲོགས་ཚོམ’རྒྱུད་སྒྲོག་བྱེད་རྒྱ་ཆེ་རུ་བཏང་ཡོད།” ཀྲིག་ཧུང་གིས་བཤད་རྒྱུར། མུ་མཐུད་དུ་རྒྱུད་སྒྲོག་འདུ་ཤེས་དང་བྱེད་ཐབས་གསར་སྐྲུན། ཕྱི་ཕྱོགས་སུ་རྒྱུད་སྒྲོག་བྱེད་པའི་སྐད་བརྡའི་མ་ལག་བཙུགས་ནས། ཐབས་ལམ་མང་པོ་དང་རྣམ་པ་མང་པོ་བརྒྱུད་དེ་དུས་རབས་གསར་པའི་ཧོ་ཨར་གོ་སིའི་གཏམ་རྒྱུད་ཡག་པོ་བཤད་དེ། འཛམ་གླིང་ལ་བདེན་པ་དང་གསོན་ཉམས་དོད་པ། སྒོ་འབྱེད། མཐུན་སྒྲིལ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞིན་ཅང་ཞིག་མཐོང་ཐུབ་པ་བྱ་རྒྱུ་ཡིན་ཟེར།

ཀྲུང་ཧྭའི་དཔལ་ཡོན་གྱི་ལོ་རྒྱུས་རིང་བ་དང་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན། རྒྱལ་ཁབ་རིག་དངོས་ཅུའུ་གནའ་རྫས་རྟོག་ཞིབ་སི་གནའ་རྫས་རྟོག་ཞིབ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཧུའུ་ཁྲོན་ཀྲིན་གྱིས་བཤད་རྒྱུར། ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་འཚོལ་ཞིབ་བཟོ་སྐྲུན་དང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་སོགས་རྣམ་གྲངས་གལ་ཆེན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་འབྱུང་ཁུངས་དང་། ཞིང་ལས་འབྱུང་ཁུངས། དཔལ་ཡོན་གྱི་འབྱུང་ཁུངས། གཅིག་གྱུར་སྒོས་མི་རིགས་མང་པོའི་རྒྱལ་ཁབ་འཕེལ་རྒྱས་སོགས་ཀྱི་འགག་རྩའི་གནད་དོན་ལ་དམིགས་ནས་མཉམ་འབྲེལ་མཁྲེགས་གཏོར་བྱས་ཏེ། མཁར་གྲོང་འཛུགས་སྐྲུན་ཁྲོད་ཀྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་ཡག་པོ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུན་སྲིང་གི་རིག་གནས་སྟོབས་ཤུགས་སྣོན་རྒྱུ་ཡིན་ཟེར།

བྱ་བའི་སྤུས་ཚད་དང་ཕན་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏོང་དགོས།

ཡན་ཧི་གཙང་པོའི་འགྲམ་དུ། ཀྲུང་གོ་ཡན་ཨན་ལས་བྱེད་སློབ་གླིང་གི་དགེ་རྒན་ཚོས་ཐུན་མོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས།

“སློབ་གླིང་གི་སློབ་ཁྲིད་ལས་དོན་དེ་དངོས་འབྲེལ་སྦྱོང་བ་དང་། དངོས་འབྲེལ་ཤེས་པ། དངོས་འབྲེལ་ཡིད་ཆེས་བྱེད་པ། དངོས་འབྲེལ་སྤྱོད་པ། དངོས་སྒྱུར་གཏིང་ཟབ་བྱེད་པ་བཅས་ཀྱི་ཐད་ཤུགས་རྒྱག་པ་དང་། ས་གནས་དེ་གའི་དམིགས་བསལ་གྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་ལ་བརྟེན་ནས་མ་རྩོམ་ཀློག་ཁྲིད་དང་། གྱོད་དཔེའི་སློབ་ཁྲིད། ས་གནས་སུ་བཅར་འདྲི་བཅས་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ལེའུ་ཡག་པོ་བཤད་པ་དང་། སློབ་མར་རིག་གནས་ཀྱི་རང་རྟོན་སྔར་ལས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་ཀྲུང་གོ་ཡན་ཨན་ལས་བྱེད་པའི་སློབ་གླིང་སློབ་ཁྲིད་ཚན་ཞིབ་པུའུ་ཏང་འཛུགས་སྐྲུན་སློབ་དཔྱོད་ཁང་གི་ཀྲུའུ་རིན་ཝང་ཐའོ་ཡིས་དེ་ལྟར་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲུའུ་ཅི་ཁྲའེ་ཡིས་རྗེས་ཕྱོགས་ཀྱི་བྱ་བའི་ཁ་ཕྱོགས་སྔར་ལས་ཁ་ཇེ་གསལ་དུ་བཏང་བ་སྟེ། “ང་ཚོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་བྱས་ནས། ‘ནུས་ཤུགས་བཞིའི’ཁྲོད་ལས་སྒོའི་འཇོན་ཐང་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དུས་རབས་ཀྱི་འཕར་རྩ་ཡང་དག་པར་ཁོང་དུ་ཆུད་པ་བྱེད་པ། མི་དམངས་ཀྱི་བསམ་འདུན་མཚོན་པ་བཅས་ཀྱི་གསར་འགྱུར་སྔར་ལས་མང་བ་ཧུར་ཐག་གིས་སྤེལ་ནས། ཏང་གི་འདོད་ཚུལ་དེ་དུས་རབས་གསར་པའི་འབོད་སྒྲ་ཆེ་ཤོས་སུ་འགྱུར་བ་དང་། བརྗོད་དོན་གཙོ་བོ་དེ་མི་སེམས་གཅིག་ཏུ་འདུས་པའི་དྲང་ནུས་ཤིག་ཏུ་འགྱུར་བར་བྱ་རྒྱུ་ཡིན”ཟེར།

“དུས་སྐབས་ཤིག་གི་རིང་། ཧྲའོ་དབྱང་གྲོང་ཁྱེར་གྱིས་ཉེ་འགྲམ་གྱི་མི་བཟང་ཞེས་པའི‘སློབ་ཁང་ཆུང་ངུ’སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།” ཧུའུ་ནན་ཞིང་ཆེན་ཧྲའོ་དབྱང་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། གྲོང་ཁྱེར་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀྲང་དབྱིན་མའེ་ཡིས་བཤད་རྒྱུར། མུ་མཐུད་དུ་བཅོས་སྒྱུར་གསར་སྐྲུན་བྱས་ནས། ལག་རྩལ་གསར་པའི་བྱེད་ཐབས་སྤྱད་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གཞི་རིམ་དུ་བསྐྱོད་པ་དང་། དྲ་རྒྱ་རུ་ཞུགས་པ། མིའི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་ལས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཟེར།

“སྤྱི་ཁྱབ་ཧྲུའུ་ཅིས‘དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ། རིག་གནས་བྱ་བའི་རྣམ་པ་གསར་པ’རྒྱུད་མི་ཆད་པར་གཏོད་དགོས”ཞེས་གསུངས་པ་དང་། “དཔེ་སྐྲུན་ལས་བཟོ་བའི་འགན་འཁྲི་ལྕི་མོ་ཕྲག་ཏུ་བབས་ཡོད་ཅིང་། ནུས་པ་འདོན་ས་མང་པོ་ཡོད།”ཅང་སུའུ་ཧྥིན་ཧོང་དཔེ་སྐྲུན་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཞུས་ཧའེ་ཡིས་བཤད་རྒྱུར། གཞི་གྲངས་ཅན་གྱི་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས།“རིག་གནས་དར་རྒྱས”དང“སྤུས་དག་ཐོན་རྫས”རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས“མི་གསར་བ་སྐྱེད་སྲིང”བཅས་ལ་དམིགས་ཏེ། དམངས་ཡོངས་ཀྱི་དཔེ་ཀློག་དང་རིག་ལྡན་སློབ་གསོར་ཞབས་འདེགས་ཞུ་བའི་གྲངས་འཛིན་དཔེ་སྐྲུན་སྟེགས་བུ་བཏོད་དེ། དུས་རབས་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པའི་ཕུལ་བྱུང་རིག་གནས་ཐོན་རྫས་སྔར་ལས་མང་པོ་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་འདོན་སྤྲོད་བྱ་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།