བརྗོད་དོན་སློབ་གསོའི་རྩ་བའི་ལས་འགན་དང་དམིགས་འབེན།
2023.10.16 ཁུངས། ཀྲུང་གོའི་བོད་ལྗོངས་ཉིན་རེའི་ཚགས་པར ཀློག་གྲངས། 8

 ཐེངས་འདིའི་བརྗོད་དོན་སློབ་གསོའི་ལས་དོན་སྤེལ་བའི་རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་པར་བྱས་ནས། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར།  བྱ་སྤྱོད་མཐུན་སྦྱོར།  འཐབ་འཛིང་ནུས་པ་ཆེན་པོ་བཅས་རྒྱུན་འཁྱོངས་བྱེད་པ་དང་།  སློབ་སྦྱོང་ལ་བརྟེན་ནས་བློ་སྟོབས་གཅིག་སྒྲིལ་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པར་བྱེད་དགོས་པ་དེ་རེད།

བརྗོད་དོན་སློབ་གསོ་སྤེལ་བའི་དམིགས་འབེན་ནི།   བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་སྦྱོང་བརྡར་དང་བསམ་པའི་ཞུན་བརྡར་ཐེབས་པར་བྱེད་པ་དང་། མར་ཁེ་སི་རིང་ལུགས་ལ་འཛིན་པའི་དད་སེམས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་དད་མོས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འཛིན་པའི་རང་རྟོན་བཅས་ཇེ་བརྟན་དུ་གཏོང་བ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་པ། ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་བ། ངེས་པར་དུ་ཁེངས་སྐྱུང་གཟབ་ནན་དང་དཀའ་སྤྱད་འབད་འཐབ། ངེས་པར་དུ་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་བཅས་བྱས་ཏེ། དད་སེམས་ཀྱི་རྨང་གཞི་བརྟན་གཏོང་དང་། སྙིང་སྟོབས་ཀྱི་འཚོ་བཅུད་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

གཤིས་སྤྱོད་ཞུན་བརྡར་ལ་བརྟེན་ནས་ལྷག་བསམ་རྣམ་དག་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་གཤིས་སྤྱོད་ཞུན་བརྡར་བྱེད་པ་དང་།  ཏང་གི་དར་ཆས་དར་ཆ་བྱེད་པ་དང་། ཏང་གི་འདོད་བློས་འདོད་བློ་བྱེད་པ། ཏང་གི་ལས་འགན་གྱིས་ལས་འགན་བྱེད་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག མར་ཁེ་སི་རིང་ལུགས་ལ་ལྷག་བསམ་རྣམ་དག ལྷག་བསམ་རྣམ་དག་གིས་ཏང་ལ་དགའ་ཞེན་དང་། དུས་དང་རྣམ་པ་ཀུན་ཏུ་ཏང་ལ་སེམས་ཁྲལ། བློ་བརྟན་འགྱུར་མེད་སྒོས་ཏང་ལ་སྲུང་སྐྱོང་དང་ནུས་ཤུགས་ཡོད་རྒུས་ཏང་དར་རྒྱས་གཏོང་བ་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་བ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ། དངོས་འཛིན་དངོས་སྒྲུབ་དང་ཕན་འབྲས་དངོས་དོན་གཉེར་བྱེད་པ།  གནད་དོན་ལ་དམིགས་པ། དཀའ་ངལ་ཤེས་བཞིན་དུ་མདུན་སྐྱོད་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་བསམ་པ་དང་འགན་འཁྲི་འཁུར་ལེན་ཧུར་ཐག་བྱེད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོ་སྒྲུབ་པ་དང་འགན་འཁྲི་ཡག་པོ་འཁུར་བ། རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་བྱ་གཞག་འཕེལ་རྒྱས་ཀྱི་གནམ་ས་གསར་པ་གཏོད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

དམིགས་འབེན་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་སྐྲུན་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་།  ཡོད་ཚད་དམངས་ཆེད་དང་ཡོད་ཚད་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་།  གཅིག་སེམས་གཅིག་འབྲེལ།  མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན། དམངས་ཚིས་ལ་ཕན་པ་དང་། དམངས་ལ་དྲོད་ཁོལ་སྦྱིན་པ། དམངས་འདུན་སྒྲུབ་པ་བཅས་ཀྱི་ལས་དོན་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

སྤྱོད་གཙང་གཞུང་དྲང་ལ་བརྟེན་ནས་སྲོལ་གསར་གཏོད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། “སྤྱོད་ཚུལ་བཞི”ཡི་གནད་དོན་མུ་མཐུད་དུ་ཡོ་བསྲང་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ་སྔར་ལས་མངོན་གསལ་གྱི་གོ་གནས་ཐོག་འཇོག་པ། དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་བཞིན་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ་བཅས་བྱས་ཏེ། གཙང་ཞིང་དྲི་མ་མེད་པའི་བློ་མཐུན་བར་གྱི་འབྲེལ་བ་དང་། ཚུལ་ལྡན་ལུགས་མཐུན་གྱི་གོང་འོག་བར་གྱི་འབྲེལ་བ། ཉེ་གཙང་གཅིག་གྱུར་གྱི་སྲིད་གཞུང་དང་ཚོང་པའི་བར་གྱི་འབྲེལ་བ་གསར་པ་བཅས་ཆགས་པར་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོའི་སྣེ་ཁྲིད་པ་དང་། སྲོལ་གཏོད་པ། སྲུང་སྐྱོང་བ་བཅས་ཡག་པོ་ཞིག་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།