སྐོར་དང་པོ་དང་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་འབྲེལ་མཐུད་མཉམ་འགུལ་དམ་འཛིན་ཡག་པོ་བྱེད་རྒྱུར་མཐོང་ཆེན་བྱེད་དགོས།
2023.10.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་སྐབས།“སྐོར་དང་པོ་དང་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་འབྲེལ་མཐུད་མཉམ་འགུལ་དམ་འཛིན་ཡག་པོ་བྱེད་རྒྱུར་མཐོང་ཆེན་བྱས་ནས། ཏང་ཀྲུང་དབྱང་གིས་བཏོན་པའི་དམིགས་འབེན་བླང་བྱ་དང་གཙོ་གནད་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས”ཞེས་ནན་གྱིས་གསུངས།  བརྗོད་དོན་སློབ་གསོ་དེ་སྐོར་དང་པོ་ནས་སྐོར་གཉིས་པར་བརྒྱུད་སྤྲོད་བྱས་པ་དང་།  ཕྱེད་སྔ་མ་ནས་ཕྱེད་ཕྱི་མར་སྤེལ་བ་དེ་ནི་གོམ་པ་རིམ་བགྲོད་ཀྱི་བརྒྱུད་རིམ་ཞིག་ཡིན་ལ། ཁྱོན་ཡོངས་སྤྱི་འདོམས་བྱེད་པའི་བཀོད་སྒྲིག་ཅིག་ཀྱང་ཡིན་པས།  སྔ་ཕྱི་ཁ་ཐོར་དང་གོང་འོག་ཁ་བྲལ་མི་ཡོང་བ་སྔོན་འགོག་བྱས་ཏེ།  སྐོར་ཐེངས་གཉིས་ཀྱི་བརྗོད་དོན་སློབ་གསོའི་འབྲེལ་མཐུད་མཉམ་འགུལ་ཡག་པོ་བྱས་ནས། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱེད་དགོས།

ཉམས་མྱོང་དང་བྱེད་སྟངས་འབྲེལ་མཐུད་མཉམ་འགུལ་བྱེད་དགོས།  སྐོར་དང་པོའི་བརྗོད་དོན་སློབ་གསོའི་བྱེད་ཐབས་ནུས་ལྡན་དང་གྲུབ་འབྲས་ཉམས་མྱོང་དེ་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན། སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཚན་པས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མུ་མཐུད་དུ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། གོང་འོག་མཉམ་འགུལ་གྱིས་བྱེད་ཐབས་སོ་སོ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱེད་པ། དུས་ཐོག་ཏུ་བྱེད་ཐབས་དོན་འཁྱོལ་བྱེད་ཚུལ་ལ“ཕྱིར་མིག་ལྟ་བ”བཅས་བྱས་ནས།  བརྗོད་དོན་སློབ་གསོར་ཕྱོགས་ཡོངས་ནས་ཕན་འབྲས་བཟང་བོ་ཐོབ་པར་འགན་ལེན་བྱེད་དགོས། སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཚན་པས་བརྗོད་དོན་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཡི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།  སྐོར་དང་པོའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་དཔྱད་གཞིར་བཟུང་སྟེ།   སྐོར་གཉིས་པའི་བརྗོད་དོན་སློབ་གསོ་ཇུས་འགོད་དང་རྩ་འཛུགས་ཡག་པོ་བྱེད་པ།   གཞི་རིམ་གྱི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་ཟུང་འབྲེལ་དམ་ཟབ་བྱེད་པ།  འགག་རྩ་དམ་འཛིན་དང་གནད་སྨིན་ལག་བསྟར་བྱེད་པ། གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་སློང་གང་ལེགས་བཅས་བྱས་ནས་ཕན་འབྲས་དངོས་ཐོབ་པར་འགན་ལེན་བྱེད་དགོས།

འབྲེལ་མཐུད་མཉམ་འགུལ་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ། བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་ནི་ང་ཚོའི་ཏང་གི་ཁྱིམ་བརྒྱུད་ནོར་བུ་ལྟ་བུ་ཡིན་ལ། ཐེངས་འདིའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། སྐོར་དང་པོ་དང་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་ནི་མཐུད་རྒྱུག་འགྲན་བསྡུར་ཞིག་ཡིན་ལ་ཕན་ཚུན་འབྲལ་ཐབས་མེད་པའི་ཚོགས་སྤྱི་ཞིག་ཀྱང་ཡིན། སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཚན་པས་བརྟག་ཞིབ་གཏིང་ཟབ་བྱས་ནས་བཅོས་སྒྱུར་གྱི་དགོས་མཁོ་དང་གཞི་རིམ་གྱི་རེ་འདུན། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཁག་ཅིག་ཤེས་རྟོགས་བྱུང་བ་ཐག་གཅོད་བྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་ཡོད། སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཚན་པས་བརྟག་ཞིབ་བྱས་པ་བརྒྱུད་བཏོན་པའི་ཐབས་ཇུས་བྱེད་ཐབས་མང་ཆེ་བ་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཚན་པས་དོན་འཁྱོལ་བྱེད་དགོས་པ་དང་། སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཚན་པས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བའི་རྩ་བ་དེ་སྔོན་གྱི་གནད་དོན་ཡིན་པས་བརྗོད་དོན་སློབ་གསོ་ཚན་པའི་སྐོར་དང་པོས་ཐག་གཅོད་བྱེད་དགོས། དེར་བརྟེན་སྐོར་དང་པོ་དང་སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཚན་པས་བརྟག་དཔྱད་ཞིབ་འཇུག་ཐད་འབྲེལ་མཐུད་མཉམ་འགུལ་བྱས་ནས།  གནད་དོན་ལ་ཞིབ་འཇུག་སྔར་ལས་གཏིང་ཟབ་དང་གསལ་བོ་བྱེད་པ།  ཐབས་ཇུས་སྔར་ལས་གནད་ལ་འཁེལ་ཞིང་དོན་དངོས་ཡིན་པ་བཅས་བྱས་ནས་དཀའ་གནད་སེལ་བའི་བསམ་ཕྱོགས་དང་བྱེད་ཐབས་ཤིག་ཆགས་པར་བྱེད་དགོས།

གནད་དོན་དག་ཐེར་དང་ལེགས་བཅོས་སྦྲེལ་མཐུད་བཅས་མཉམ་འགུལ་ཡོང་བར་བྱེད་དགོས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་ཀྱིས་གཞི་རིམ་དང་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གནད་དོན་ལ་དམིགས་ནས“གོང་ནས་འདྲི་བ་དང་ཞོལ་ནས་ལན་འདེབས་པ”དང“གཤམ་གྱི་གནད་དོན་གོང་ནས་ཐག་གཅོད་པ”ཟུང་འབྲེལ་བྱས་ཏེ་གོང་འོག་མཉམ་འགུལ་དང་བཅོས་སྒྱུར་མཐར་ཕྱིན་བྱེད་དགོས། སྐོར་དང་པོའི་ཚན་པས་བཅོས་སྒྱུར་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་དབྱེ་ཞིབ་བྱས་ནས། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་བརྒྱུད་ནས་རང་ངོས་ཀྱི་བཅོས་སྒྱུར་བྱེད་ཐབས་གནད་དུ་ཁེལ་མིན་དང་བཏོན་པའི་སྒྲིག་སྲོལ་ལམ་ལུགས་ལ་ཕན་པ་ཡོད་མེད། བཅོས་སྒྱུར་གྱི་གནས་ཚུལ་ལ་མི་དམངས་མང་ཚོགས་བློ་ཡིད་ཚིམ་མིན་བཅས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཐད་འཚོལ་ཞིབ་ཐུབ་པའི་གནད་དོན་རང་འགུལ་ངང་ངོས་འཛིན་རྩིས་ལེན་དང་། ནུས་ཤུགས་ཡོད་རྒུས་ཐག་གཅོད་བཅས་བྱེད་དགོས། སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཚན་པས་ཞིབ་བཤེར་བྱས་ནས་ཐོན་པའི་གནད་དོན་ལ་དམིགས་ཏེ།  དོན་དངོས་དང་ཟུང་འབྲེལ་བྱས་ནས་བཅོས་སྒྱུར་གཏིང་ཟབ་དང་རང་ངོས་ལ་གཞི་ཚུགས་ནས་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་དགོས་པ་མ་ཟད། སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཁྲོད་ཀྱི་རང་ངོས་ཀྱི་དག་ཐེར་ལས་འགན་རང་འགུལ་ངང་དང་ལེན་དང་དོན་འཁྱོལ་བྱས་ནས“བརྗོད་དོན་གཅིག་མཚུངས་དང་ལན་མཉམ་འདེབས་”རྒྱུན་འཁྱོངས་བྱས་ཏེ་རྒྱུན་སྲིང་ངང་དག་ཐེར་དོན་འཁྱོལ་ཐུབ་པ་བྱེད་དགོས།

སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་འབྲེལ་མཐུད་མཉམ་འགུལ་ཡོང་བར་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བ་ནི་དགེ་མཚན་ལྡན་པའི་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་བསྡུས་དང་ཕྱོགས་བསྡོམས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། བརྗོད་དོན་སློབ་གསོ་སྐོར་དང་པོ་དང་གཉིས་པ་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ཐད་འབྲེལ་མཐུད་མཉམ་འགུལ་བྱས་ནས།  ལམ་ལུགས་དང་ལམ་སྲོལ་སྔ་ཕྱི་མཐུན་པ་དང་གོང་འོག་འབྲེལ་མཐུད་བྱས་ཚེ་གཞི་ནས་གྲུབ་ཟིན་པའི་ཡུན་ཕན་ལམ་སྲོལ་འཛུགས་ཐུབ་པ་དང་། དོན་ཐོག་ཏུ་འཁྱོལ་ཐུབ་པ། ལག་ལེན་དུ་བསྟར་ཐུབ་པ་བཅས་ལ་འགན་ལེན་བྱེད་ཐུབ། སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཚན་པས་མུ་མཐུད་དུ་བཅོས་སྒྱུར་དང་སྒྲིག་སྲོལ་འཛུགས་པའི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་སོགས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།  སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཚན་པས་རང་འགུལ་ངང་སྐོར་དང་པོའི་བརྗོད་དོན་སློབ་གསོའི་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུ་དང་སྦྲེལ་མཐུད་བྱེད་པ་དང་། ལག་ལེན་བྱེད་བཞིན་ཕྱོགས་སྡོམ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་བའི་བྱེད་ཐབས་ནུས་ལྡན་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ། ལམ་ལུགས་ཀྱི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་གཏན་འཁེལ་བྱེད་པ་བཅས་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རྒྱུན་གཏན་གྱི་ཡུན་ཕན་འགན་ལེན་བྱེད་དགོས།

                                                                                   ཡིག་སྒྱུར་བ། གཡང་འབུམ་རྒྱལ།