རྨ་ཆེན་རྫོང་གིས་བྱེད་ཐབས་ལྔ་ལ་བརྟེན་ནས་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་གཏོང་རོགས་བྱས།
2023.10.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 1

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། རྨ་ཆེན་རྫོང་གིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཤིང་། དམིགས་འབེན་ལ་གཟས་པ་དང་ཐབས་ལམ་ལེགས་པར་བདམས་ཏེ། བྱེད་ཐབས་ལྔ་ལ་བརྟེན་ནས་བརྗོད་དོན་སློབ་གསོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་རོགས་བྱས།

ཡུན་རིང་གི་འཆར་གཞི་དང་དུས་ཐུང་གི་བཀོད་སྒྲིག་བྱས་ཏེ།  སློབ་སྦྱོང་ལ་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱས། མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིགས་པ་རྟོགས་པ་བཅས་རྒྱུན་འཁྱོངས་དང་། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དེ་སློབ་སྦྱོང་ལ་སྣེ་ཁྲིད་དང་ཡར་སྐུལ་བྱས་ནས། “འཆར་གཞི་ཆེན་པོར་ཡུན་ཐུང་གི་བཀོད་སྒྲིག”བྱས་ལ། དེའི་ཚིག་ཤེས་ཤིང་དོན་རྟོགས་ལ། གནས་ལུགས་རྟོགས་པར་བྱས། 《རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྫོང་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་ཀྱི“གྲོས་གཞི་དང་པོ”ཡི་སློབ་སྦྱོང་བརྗོད་དོན་སློབ་གསོའི་ངེས་ཀློག་ཁ་བྱང་དང་དཀར་ཆག་གི་ལམ་ལུགས》གཏན་འབེབས་བྱས་ནས། ཁ་བྱང་དང་དཀར་ཆག སློབ་སྦྱོང་གི་བྱེད་ཐབས། འབྲེལ་ཡོད་ཀྱི་བླང་བྱ་སོགས་ཁ་གསལ་པོ་བྱས་ནས། བརྗོད་དོན་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་སྤེལ་ཏན་ཏིག་བྱེད་པར་ཁག་ཐེག་བྱས།

དཔེ་མཚོན་ནན་འཛིན་དང་ཕན་འབྲས་དངོས་ཐོན་པར་བརྟེན་ཏེ། དྲིལ་སྒྲོག་གནད་དུ་ཁེལ་ཞིང་གསོན་ཉམས་ལྡན་པར་ཁག་ཐེག་བྱས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བྱེད་པ་དང་། གྲོང་གསེབ་དར་སྤེལ་ཁྲོད་བླངས་པའི་གྲུབ་འབྲས་དྲིལ་སྒྲོག་བྱ་བའི་གོ་རིམ་ཧྲིལ་པོར་ཁྱབ་པར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཤིང་། བརྗོད་དོན་སློབ་གསོ་ལས་ཐོན་པའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ། སྔོན་ཐོན་དཔེ་ལེགས་བཅས་དུས་ཐོག་ཏུ་གསལ་སྟོན་བྱས་ནས། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་དུ་བསྟར་བའི་བརྗོད་དོན་སློབ་གསོ་དྲིལ་སྒྲོག་བྱ་བའི་ཇུས་གཞི》གཏན་འབེབས་བྱས་པ་དང་། 《ཉམས་འགྱུར་སྟོང་གིས་ཕྱུག་པའི་རྨ་ཆེན》ཞེས་པའི་མི་སྣའི་ཆེད་དོན་བཅར་འདྲིའི་ལེ་ཚན་བཙུགས་ཤིང་། གཞི་རིམ་གྱི་ཁྲིད་ཕྱོགས་འབུར་དུ་དོད་དེ། བརྗོད་དོན་སློབ་གསོ་སྤུས་ཚད་མཐོ་ཞིང་ཆུ་ཚད་མཐོ་བའི་སྒོ་ནས་སྤེལ་བར་གླེང་ཕྱོགས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན།

རིགས་དབྱེ་ནན་འཛིན་དང་ཁྲིད་སྟོན་ལ་ཤུགས་བསྣན་ཏེ།  བྱ་བ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས། ཡུལ་བབ་དང་བསྟུན་ཞིང་། རིམ་པ་དང་རིགས་དབྱེ་ལག་བསྟར་བྱས་ནས། ཚན་རིག་དང་ལུགས་མཐུན་གྱི་བཀོད་སྒྲིག་བྱེད་པ་བཅས་ཀྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོ་དངོས་འཛིན་བྱས། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཁྱབ་ཁོངས་སོ་སོའི་བྱ་བའི་གནས་ཚུལ་དངོས་ལ་ཁ་གཏད་དེ་གཞུང་ལུགས་སློབ་སྦྱོང་དང་ལས་སྒྲུབ་ལས་སྐྲུན། ལྟ་ཞིབ་དག་ཐེར་བཅས་ཀྱི་གཙོ་གནད་ལས་འགན་གསུམ་དོན་འཁྱོལ་ལེགས་པོ་བྱེད་པར་བྱེ་བྲག་གི་བཀོད་སྒྲིག་བྱས་པ་དང་། བྱ་བའི་ལས་འགན་ཁ་གསལ་དང་བྱ་བའི་བླང་བྱ་འབུར་དུ་དོད་དེ། ཁྱབ་ཁོངས་སོ་སོའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བར་བརྩི་བྱའི་སྒྲིག་ཡིག་ཡོད་ཅིང་གཞི་འཛིན་ས་ཡོད་པ། བསྲུང་བྱའི་ཚད་ཡོད་པར་བྱས།

བཀོད་གཏོང་གཙིགས་འཛིན་དང་གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ཏེ། ལས་འགན་སྤྱི་ཡོངས་ནས་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱས། བརྗོད་དོན་སློབ་གསོ་སྐུལ་སྤེལ་དོན་འཁྱོལ་བྱེད་པའི་གནས་ཚུལ་དང་། གཙིགས་སུ་བཟུང་ནས་བཀོད་གཏོང་བྱེད་པའི་གཙོ་གནད་བྱ་བ་སོ་སོ་སྤེལ་བའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། བརྗོད་དོན་སློབ་གསོའི་བྱ་བ་སོ་སོའི་རྩ་འཛུགས་མཐུན་སྦྱོར་དང་ལྟ་སྐུལ་མཛུབ་སྟོན། ལྟ་ཞིབ་དོན་འཁྱོལ་བཅས་གཅིག་གྱུར་འཆར་འགོད་སྒོས་ལེགས་པོར་བསྒྲུབས་པ་དང་། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་དུ་བསྟར་བའི་བརྗོད་དོན་སློབ་གསོའི“དམར་སེར་ལྗང་གསུམ”བཀོད་གཏོང་རིམ་པ་གཏན་འཁེལ་བྱ་བའི་ནང་རྐྱེན》གཏན་འབེབས་བྱས་ཤིང་། དམིགས་འབེན་ངེས་གསལ་དང་ཁྱབ་ཁོངས་ངེས་གཏན། ནང་དོན་གཏན་འཁེལ། ཨང་རིམ་གཏན་འཁེལ། བླང་བྱ་གཏན་འཁེལ་བཅས་བྱས་ཏེ། བྱ་བའི་ལས་རིམ་དང་བྱ་བའི་བྱེད་ཐབས་ཁ་གསལ་བྱས་ནས། བརྗོད་དོན་སློབ་གསོའི་བྱ་བ་སོ་སོ་གཏིང་ཟབ་ས་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།