ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པ་དང་ཞིང་ཆེན་གྱི་གནས་ཚུལ་དངོས་ཁོང་དུ་ཆུད་པ་བྱ་རྒྱུ་གཉིས་ཟུང་འབྲེལ་དམ་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས།
2023.10.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

—ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་གླེང་བ།

ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་དང་པོའི་ཕྱོགས་སྡོམ་དང་སྐོར་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་ཐོག སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་ནས་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་ཁོང་དུ་ཆུད་པ་དང་ཟུང་འབྲེལ་དམ་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་བཏོན་པ་རེད། ང་ཚོས་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་། དོན་སྙིང་གཙོ་བོ་གོ་བ་ལེན་པ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། དངོས་ཐོག་བདེན་འཚོལ་བྱེད་པ། དམིགས་འབེན་ལས་འགན་ཞིབ་ཕྲ་བཟོ་བ། བྱ་བའི་བྱེད་ཐབས་ཏན་ཏིག་བཟོ་བ་བཅས་བྱས་ནས། བྱ་བ་སྣ་ཚོགས་ལ་ཕན་འབྲས་ཐོན་རྒྱུར་སྔར་ལས་སྐུལ་འདེད་གཏོང་དགོས།

བསམ་བློའི་དོན་སྙིང་ཁོང་དུ་ཆུད་པ་བྱས་ན་གཞི་ནས་འགྲིག་ལ་མི་འཁྲུག་པ་ཞིག་རེད།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད། ང་ཚོས་དགོངས་པ་གལ་ཆེན་འདིའི་ནང་དོན་གཙོ་བོ་ཆ་ཚང་ཞིང་འཕྱུགས་པ་མེད་པར་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱ་དགོས་ལ། དེའི་ཁྲོད་ཀྱི་བསམ་བློའི་སྙིང་བཅུད་དང་། སྲོག་ཤིང་གི་དོན་སྙིང་དང་འཇིག་རྟེན་ལྟ་བ། བརྟག་ཐབས་སྨྲ་བ་བཅས་ལ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་ལེན་དགོས་པར་མ་ཟད། ད་དུང་དེའི་ཁྲོད་དུ་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་ཁོང་དུ་གཏིང་ཟབ་ཆུད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པའི་ཁྱད་ཆོས་གལ་ཆེན། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ཀྱི་བཀོད་སྒྲིག་གལ་ཆེན་དང་། དེ་མིན་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བཅས་ཀྱི་དོན་སྙིང་གལ་ཆེན་བཅས་དངོས་གནས་ཁོང་དུ་ཆུད་པར་བྱ་དགོས།

སློབ་སྦྱོང་བྱས་ཏེ་གོ་བ་རྟོག་པར་ལག་ལེན་ནི་ཀུན་གྱི་གཞི་མ་ཡིན། ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་དཔེ་བསྡུར་ཚད་བསྡུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་དཔེ་བསྡུར་ཚད་བསྡུར་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དཔེ་བསྡུར་ཚད་བསྡུར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་དང་།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་གཏན་འཁེལ་དང་“དེ་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་དམིགས་པ། དེ་མིན་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞིབ་ཕྲའི་བསམ་ཕྱོགས་དང་བྱ་ཐབས་ཞིབ་འཇུག་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་ལས་ཡུལ་དང་པོ་དང་། གཞི་རིམ་བཅོས་སྐྱོང་གི་ལས་ཡུལ་དང་པོ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་ཡུལ་དང་པོའི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། མ་ལག་ལྡན་པའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་དང་། འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ལ་སྐུལ་འདེད་བཏང་སྟེ། ཁ་ཕྱོགས་དང་གནས་ཐིག་ཡང་དག་འཚོལ་བ་དང་། འབྲེལ་མཐུད་གནས་དང་བྱེད་ཐབས་ཡང་དག་འཚོལ་བ། ཁྱད་པར་དུ“ལས་བྱེད་མི་སྣས་བྱ་བ་སྒྲུབ་པ་དང་བསམ་གཞིགས་གསལ་བོ་བྱེད་པ། སྒྲིག་ལམ་གཟབ་ནན་དུ་གཏོང་བ”བཅས་ཀྱི་བྱ་བའི་བླང་བྱར་དམ་པོར་དམིགས་ཏེ། བྱེད་སྟངས་བསྒྱུར་བ་དང་བྱེད་སྟངས་གསར་བ་འཛུགས་པ། ཆབ་སྲིད་སྟོབས་དང་ལྡན་པར་གཏོང་བ་དང་བསམ་གཞིགས་གསོན་ཉམས་ལྡན་པར་བྱེད་པ། བྱ་བ་དངོས་དང་ཟུང་འབྲེལ་བྱེད་པ། སྒྲིག་ལམ་གཟབ་ནན་དུ་གཏོང་བ། བྱེད་སྟངས་ཇེ་དྲག་ཏུ་གཏོང་བའི་དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་སྡུག སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་ཐོལ་བརྒལ་གསར་པ་ཐོབ་བར་བྱེད་དགོས།

ཐེངས་འདིའི་བརྗོད་དོན་སློབ་གསོ་ནི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་རེད། ང་ཚོས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་སྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་འགན་འཁྲི་དང་དངོས་སྒྲུབ་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འབད་འཐབ་ལྷོད་མེད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།