དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས།
2023.10.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཡང་དག་པའི་རྩ་དོན་ལག་བསྟར་དང་རྒྱུན་འཁྱོངས་བྱས་ནས་མུ་མཐུད་དུ་འཕེལ་རྒྱས་ཁྲོད་ལག་ལེན་བྱེད་དགོས། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་ཡག་པོ་སྤེལ་དགོས་ན། དགོངས་པར་སློབ་སྦྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ། ཆབ་སྲིད་ལ་བློ་དཀར་སེམས་དཀར་བྱ་རྒྱུ་སྦྱོང་དགོས་པ་དང་། སློབ་སྦྱོང་བྱས་ནས་འགན་འཁྲི་འཁུར་ཕོད་པ། སློབ་སྦྱོང་བྱས་ནས་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོན་པ། སློབ་སྦྱོང་བྱས་ནས་བརྩེ་སེམས་ཟབ་མོ་ལྡན་པ། སློབ་སྦྱོང་བྱས་ནས་འཐབ་རྩོད་ཀྱི་འཇོན་ཐང་ཐོན་པ། སློབ་སྦྱོང་བྱས་ནས་རིག་པ་དྭངས་གསལ་ཡོང་བ་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས།

མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ལོ་རྒྱུས་གསར་སྐྲུན་དང་། འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པར་བྱེད་པའི་ཉམས་མྱོང་གལ་ཆེན་ཞིག་རེད། ལོ་རྒྱུས་དང་དོན་དངོས་ཚང་མའི་ཐོག་ནས་དགོངས་པར་བརྟེན་ནས་ཏང་འཛུགས་སྐྲུན་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་མི་ཉམས་པར་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན་ལ། ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་ཁྱད་སྟོབས་ཞིག་ཀྱང་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ནང་ཞུགས་མཁན་ལས་ཁུངས་དང་མི་སྣའི་ཁྱབ་ཁོངས་ཆེ་བ་དང་། རིགས་མང་བ། གྲངས་ཀ་མང་བ། གཞི་རིམ་དང་མང་ཚོགས་ལ་ཐད་ཀར་ཕྱོགས་པ་བཅས་བྱས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བྱ་བར་བླང་བྱ་གསར་པ་བཏོན་ཡོད། དེ་ནི་སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་རྨང་གཞིའི་ཐོག་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། བྱ་ཐབས་གསར་གཏོད་བཅས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དངོས་འབྲེལ་སེམས་ལ་ཟུག་པ་བྱས་ཏེ། དད་སེམས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་བ་དང་། བསམ་བློའི་རྨང་གཞི་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་ཡོང་བ་བཅས་བྱེད་དགོས།

མ་རྩོམ་ཀློག་རྒྱུ་རྒྱུན་འཁྱོངས་བྱས་ནས་མ་ཡིག་སློབ་སྦྱོང་བྱས་ཏེ་རྩ་བའི་རིགས་པ་རྟོགས་ཐབས་བྱེད་དགོས། “གསར་བརྗེའི་རིགས་པའི་གཞུང་ལུགས་ཀྱི་ཁྲོད་ནས་དད་སེམས་མཐའ་དག་ཐོབ་ཐུབ།”ཏང་གི་རིགས་པའི་གཞུང་ལུགས་གསར་སྐྲུན་གོམ་གང་མདུན་དུ་སྤོས་ན་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་གོམ་སྟབས་ཀྱང་གོམ་གང་མདུན་དུ་སྤོ་ཐུབ་ངེས་རེད། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བསམ་བློའི་སྦྱོང་བརྡར་དང་ལེན་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ཞིག་ཡིན་ལ། བརྗོད་དོན་སློབ་གསོ་སྤེལ་བའི་བརྗོད་གཞིའི་ཁྲོད་ཀྱི་དགོས་ངེས་ཀྱི་དོན་སྙིང་ཞིག་ཀྱང་ཡིན། ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན། ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། དམིགས་འཛུགས་བྱས་པའི་སློབ་སྦྱོང་གི་དཀར་ཆག་དང་ཚད་ལྡན་ཡིག་ཆ་གལ་ཆེན་གྱི་དཔྱད་ཡིག་ཞིབ་ཀློག་ནན་ཏན་བྱེད་པ། བསམ་བློ་མང་པོ་གཏོང་བ་དང་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་མ་ལག་དང་། དོན་སྙིང་གཙོ་བོ། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ནས་སྤྱི་ཡོངས་ཁོང་དུ་ཆུད་པ་དང་གོ་དོན་མཐིལ་རྟོགས་བྱེད་དགོས། དགོངས་པ་འདིའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དམ་འཛིན་ལེགས་པོ་བྱས་ནས། དེའི་ཐད་ཀྱི་ལངས་ཕྱོགས་དང་བྱེད་ཐབས་ལག་བསྟར་བཟང་པོ་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་ཆབ་སྲིད་མོས་ཐུན་དང་བསམ་བློའི་མོས་ཐུན། གཞུང་ལུགས་ཀྱི་མོས་མཐུན། བརྩེ་སེམས་ཀྱི་མོས་ཐུན་བཅས་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས། མར་ཁེ་སི་རིང་ལུགས་ཀྱི་ལྟ་བ་སློབ་སྦྱོང་དང་ལག་ལེན་ནན་མོ་བྱེད་དགོས། དེ་ལྟར་བྱས་ན་གཞི་ནས་གནད་དོན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་འགྲོ་བ་དང་། གནད་དོན་ལ་དབྱེ་ཞིབ་བྱེད་ཚད་གཏིང་ཟབ་ཏུ་འགྲོ་ཐུབ་པ། བྱ་བ་སྤེལ་བའང་གནད་ལ་འཁེལ་བ་ཞིག་ཡོང་ཐུབ།

རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་དགོས། ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ནི་འཆད་ཁྲིད་སྟེགས་བུའི་ཐོག་གི་ལེའུ་ཙམ་མ་ཡིན་པར་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་སྤྱད་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་བྱ་བར་སྐུལ་འདེད་གཏོང་བའི“མཚོན་ཆ་རྣོན་པོ”ཞིག་ཀྱང་རེད། ཤེས་པ་དང་ཡིད་ཆེས། བྱ་སྤྱོད་བཅས་ནི་ནང་གནས་གཅིག་གྱུར་ཡིན་པས། སློབ་སྦྱོང་བྱེད་བཞིན་དུ་ལག་ལེན་བྱེད་པ་དང་། སྦྱངས་པ་གོ་ཆོད་དང་ཉམས་ལེན་འབད་སྒྲུབ་བྱ་དགོས། ཏང་ཡོན་ལས་བྱེད་པས་ལག་ལེན་གྱི་ཁྲིད་ཕྱོགས་མངོན་གསལ་ཡོང་བ་བྱས་ནས་རང་ཉིད་དེའི་ནང་ཞུགས་པ་དང་། བྱ་བ་དེའི་ནང་ཞུགས་པ། འགན་འཁྲི་དེའི་ནང་འཇུག་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་ལག་བསྟར་བྱས་ནས། ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དུས་རབས་ལ་ལྟ་ཞིབ་དང་དུས་རབས་ཁོང་དུ་ཆུད་པ། དུས་རབས་ཀྱི་སྣེ་ཁྲིད་བཅས་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་། བྱ་བ་གསར་པ་སྒྲུབ་པ། བྱ་བ་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ཞིབ་འཇུག་དང་ཐག་གཅོད་ཤུགས་ཆེན་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བརྒྱུད་རིམ་དེ་མང་ཚོགས་དང་འབྲེལ་གཏུག་དང་དེར་ཞབས་འདེགས་ཞུ་བའི་བརྒྱུད་རིམ་དུ་འགྱུར་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྒྱུད་རིམ་ལ་སྐུལ་འདེད་བྱེད་པ། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་སྐུལ་འདེད་གཏོང་བ་བཅས་སུ་འགྱུར་བར་བྱས་ཏེ། ལག་ལེན་གསར་པའི་ཁྲོད་དུ་བྱེད་ཐབས་གསར་པ་མངོན་པར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་གསར་པ་དང་ཐོལ་བརྒལ་གསར་པ་འབྱུང་བར་སྐུལ་འདེད་བྱེད་དགོས།

སྣེ་ཁྲིད་སློབ་སྦྱོང་དང་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བྱ་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་མིག་དཔེ་སྟོན་པ་ནི་ཆེས་ནུས་ལྡན་གྱི་སྐུལ་སློང་ཡིན་ལ་ཆེས་ནུས་ལྡན་གྱི་སྣེ་ཁྲིད་ཀྱང་ཡིན། ཐེངས་འདིའི་བརྗོད་དོན་སློབ་གསོའི་ཁྲོད། འགོ་ཁྲིད་ལས་བྱེད་པ་ནི་སྒྲིག་འཛུགས་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡིན་ལ། ཟབ་ཞུགས་བྱེད་མཁན་དང་དཔེ་སྟོན་མཁན་ཡང་ཡིན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ་གཉེར་བ་སོགས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་གཅིག་སྡུད་སློབ་སྦྱོང་དང་ཞིབ་བསྡུར་སྤེལ་རེས་ཟབ་མོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་གཟབ་ནན་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་དཔེ་ཀློག་འཛིན་གྲྭས་སློབ་སྦྱོང་དང་སྣེ་ཁྲིད་དང་། ཧུར་ཐག་གིས་གཏམ་བཤད་དང་སྤེལ་རེས་བྱེད་པ། རང་འགུལ་ངང་འཆད་ཁྲིད་དང་། ཏང་གི་སློབ་ཚན་ཁྲིད་པ། རང་དཔེ་གཞན་སྟོན་བྱེད་པ། སྣང་ཆེན་གྱིས་སློབ་སྦྱོང་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཏང་ཀྲི་པུའུ་ཡིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ལ་བརྟེན་ནས་སློབ་སྦྱོང་བྱེད་པ་དང་། གསར་བརྗེའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང“དྲིལ་སྒྲོག་པ”ཡག་པོ་བྱེད་པ་དང་། ཏང་ནང་གི་སློབ་གསོ་ལ་བརྟེན་ནས་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་ལ་ཁྲིད་སྟོན་དང་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས“མང་ཚོགས་ཀྱི་ཁྱིམ་དུ”ཁྱབ་ཏུ་འཇུག་དགོས།

རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་ནི“གལ་ཏེ་ཉིན་གཅིག་ལ་གསར་པ་སྲུང་འཛིན་བྱེད་ཐུབ་ན་ཉིན་རྒྱུན་དེ་སྲུང་འཛིན་བྱས་ནས། སྔར་ལས་གསར་འབྱེད་བྱེད་པའི”གོ་རིམ་ཞིག་ཡིན། རྒྱུན་འཁྱོངས་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་བླ་ན་མེད་པའི་འགན་འཁྲི་ཞིག་དང་། བསམ་པའི་གོ་རྟོགས་ཤིག་ཚེ་གང་དོན་གཉེར་ཞིག་བཅས་ལ་བརྩིས་ཏེ་སློབ་སྦྱོང་དང་། བསམ་བློ། ཉམས་ལེན་བཅས་ཀྱི་ཁྲོད་དང་། ལག་ལེན་དངོས་ཀྱི་ཁྲོད་རིགས་པའི་གཞུང་ལུགས་ཀྱི་སྟོབས་ཤུགས་དེ་བྱ་སྤྱོད་ཀྱི་སྟོབས་ཤུགས་སུ་འགྱུར་བ་བྱས་ནས། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་གཏོད་ཐུབ་ངེས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རྒྱུན་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཐུབ་ངེས་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།