ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུའི་བརྗོད་དོན་སློབ་གསོའི་སྐོར་གླེང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་གཏམ་པས་སྤེལ་བའི་དཔྱད་གཏམ།
ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་དང་པོའི་ཕྱོགས་སྡོམ་དང་སྐོར་གཉིས་པའི་བཀོད་སྒྲིག་ཚོགས་འདུའི་སྟེང་། “དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས”ཞེས་ནན་བཤད་བྱས་ཡོད། དེས་རང་ཞིང་གི་བརྗོད་དོན་སློབ་གསོ་སྐོར་གཉིས་པར་“བསམ་བློའི་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ཟབ་མོ་བྱེད་པར་ལག་ལེན་གྱི་ཐབས་ལམ་བསྟན་པ་རེད། ང་ཚོས་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཟབ་མོ་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་ཀྱི་གོ་བ་ལེན་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། བརྗོད་དོན་སློབ་གསོའི་བྱ་སྤྱོད་ཀྱི་ཕན་འབྲས་ལ་སྐུལ་འདེད་གཏོང་བ་དང་བ་དང་མཉམ་དུ་ལག་ལེན་གྱི་ནུས་པ་ཆེ་རུ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བརྟན་པོའི་ངང་བྱེད་དགོས།
ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་བྱེད་པ་ཚང་མ་ནི་རང་རྒྱལ་གྱི་གནད་དོན་དངོས་ཐག་གཅོད་བྱེད་པའི་ཆེད་དུ་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན” “ངེས་པར་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གནད་དོན་ནི་དུས་རབས་ཀྱི་འབོད་སྒྲ་ཡིན་པས་གནད་དོན་ལ་ལན་འདེབས་པ་དང་གནད་དོན་ཐག་གཅོད་བྱེད་པར་མཛུབ་ཁྲིད་བྱེད་རྒྱུ་དེ་ནི་རིགས་པའི་གཞུང་ལུགས་ཀྱི་རྩ་བའི་ལས་འགན་ཡིན”ཞེས་བསྟན་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་དེ་ཁ་ནས་གླེང་བ་ཞིག་དང་། གྱང་ངོས་སུ་སྦྱར་ཡོད་པའི་འབོད་ཚིག་སྟོང་བ་ཙམ་གཏན་ནས་མ་ཡིན་པར་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་ལ་བརྟེན་ནས་ཕན་འབྲས་ཏན་ཏིག་ཐོབ་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ང་ཚོར་འཕྲད་པའི་གནད་དོན་གྱི་རྙོག་འཛིང་གི་ཚད་དང་གནད་དོན་ཐག་གཅོད་བྱེད་པའི་དཀའ་ཚེགས་ཀྱི་ཚད་དེ་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད། ང་ཚོས་གནད་དོན་གྱི་འདུ་ཤེས་འཛིན་སྟངས་ཆེ་རུ་བཏང་ནས་ལག་ལེན་ཁྲོད་འཕྲད་པའི་གནད་དོན་གསར་པ་དང་། བཅོས་སྒྱུར་གོང་སྤེལ་བརྟན་ལྷིང་བཅས་ཀྱི་ཐད་གནས་པའི་གཏིང་ཟབ་པའི་གནད་དོན། མི་དམངས་མང་ཚོགས་བྲེལ་བ་ཆེ་ཞིང་མང་ཚོགས་ཀྱིས་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་མངོན་གསལ་ལ་དམིགས་ཏེ། གནད་དོན་ཐག་གཅོད་བྱེད་པའི་འདུ་ཤེས་གསར་པ་དང་བསམ་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་རྒྱུན་ཆད་མེད་པར་འདོན་དགོས། གནད་དོན་ཐག་གཅོད་བྱེད་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་འགག་ཡིན་པས། གནད་དོན་ཐག་གཅོད་བྱེད་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་དགོས།
རྙོག་འཛིང་ཆེ་བའི་དུས་བབ་དང་དཀའ་ཚེགས་ཆེ་བའི་ལས་འགན་གྱི་མདུན་དུ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བའི་སྐྱོད་ལམ་གསར་བར་སྐྱོད་སྐབས། ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས། དུས་རབས་གསར་པས་སྤྲད་པའི་འགན་འཁྲི་དང་ལས་འགན་སྔར་ལས་ལེགས་པའི་སྒོ་ནས་ཕྲག་ཏུ་འཁུར་ཏེ། འཕེལ་རྒྱས་དང་བཅོས་སྒྱུར་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དངོས་ཡོད་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་པོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཞན་ཆ་དང་འགག་གནས་དམིགས་འབེན་དུ་བརྩི་དགོས། གྲུབ་འབྲས་ཀྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་བྱས་ནས་ཉེན་ཁར་མི་སྐྲག་པ་དང་འགལ་རྐྱེན་ལ་མི་སྐྲག་པ། དཀའ་ངལ་ལ་མི་སྐྲག་པ། དཀའ་གནད་ལས་སྒྲོལ་ཕོད་པ་བཅས་བྱེད་པ་དང་།“གནས་སྐབས་བཅོས་སྒྲིག”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། ལག་བསྟར་བྱེད་པའི་རིང་གི་འགག་གནད་དང་དཀའ་གནད་སེལ་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་པ་དང་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པར་བྱེད་པ། བྱེད་ཐབས་སྒྱུར་བ་དང་གྲུབ་ཚུལ་ལེགས་སྒྲིག སྒུལ་ནུས་ཆེ་རུ་གཏོང་བ་བཅས་ལ་འབད་བརྩོན་བྱས་ཏེ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་སྒོས་མཐོ་རུ་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་འབྱུང་བར་ཧུར་ཐག་སྒོས་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་བ་བསྐྲུན་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་ཡག་པོ་བསྐྱོད་རྒྱུ་དེ་མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་མཚོ་སྔོན་གྱི་མ་འོངས་པའི་ལྟེ་བའི་འགྲན་རྩོད་ནུས་པ་དང་འབྲེལ་བ་ཡོད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགྲན་ར་རུ་སྟོང་བཤད་ལས་རྣམ་པར་རྒྱལ་ནས་སྔོན་ལ“སྐྱིད་སྣང་ལྡན་པའི་ཁུལ”ནས་བསྐྱོད་ཕོད་པ་བྱས་ཏེ། གསར་བཅོས་ཀྱི་བློ་སྟོབས་དང་དངོས་སྒྲུབ་ཀྱི་འགན་འཁྲི་འཁུར་སེམས་ཀྱིས་མྱུར་དུ་མདུན་སྐྱོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞིར”ཕྱོགས་པའི་དེང་རབས་ཅན་འཛུགས་སྐྲུན་གྱི་ལམ་བུ་དང་། འོད་སྟོང་ལྡན་པའི་ལམ་བུ། འབད་འབུངས་ཡར་བརྩོན་གྱི་ལམ་བུ་བཅས་བརྒྱུད་ནས་མདུན་སྐྱོད་བྱེད་དགོས།
ཡིག་སྒྱུར་བ། གཡང་འབུམ་རྒྱལ།