རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་འཁུར་ལེན་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས།
2023.10.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་སྐོར་གླེང་བ།

           མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་པ།

བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་རིགས་པའི་གཞུང་ལུགས་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་བར་མཐོང་ཆེན་བྱེད་རྒྱུ་ནི་ང་ཚོའི་ཏང་གི་མངོན་གསལ་དོད་པའི་ཁྱད་ཆོས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་ཡིན། བརྗོད་དོན་སློབ་གསོ་འདུས་པའི་ཏང་གི་ཐེངས་རེ་རེའི་གཅིག་སྡུད་སློབ་གསོའི་བྱེད་སྒོ་ཡིས་བསམ་བློའི་སློབ་གསོ་སྤེལ་ནས་  སློབ་སྦྱོང་གཏིང་ཟབ་མི་བྱེད་པ་དང་། བསམ་བློ་གཅིག་གྱུར་མི་བྱེད་པ། བྱ་སྤྱོད་རྗེས་མི་ཆོད་པ་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་ཀྱིན་ཡོད།

བསམ་བློའི་ཐོག་གི་གཅིག་གྱུར་ནི་ཏང་གི་མཐུན་སྒྲིལ་གཅིག་གྱུར་གྱི་ཆེས་གཏིང་ཟབ་པ་དང་ཆེས་རྒྱུན་རིང་བ། ཆེས་བློས་འཁེལ་བ་བཅས་ཀྱི་འགན་ལེན་ཞིག་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་བྱང་ཤར་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག“རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། ཏང་ཡོན་དང་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས།   ཡིད་ཆེས་ཆེ་རུ་གཏོང་བ་དང་སྙིང་སྟོབས་འཕེལ་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།   ང་ཚོས་ངེས་པར་དུ“དགོངས་པར་སློབ་སྦྱོང་དང་།  ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་དང་པོར་ཕྱོགས་སྡོམ་དང་སྐོར་གཉིས་པར་བཀོད་སྒྲིག་བྱེད་པའི་ཚོགས་འདུའི་བླང་བྱ་ལྟར།  བརྗོད་དོན་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བཅས་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱེད་པ་དང་།   ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དེ་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱེད་དགོས།  སློབ་སྦྱོང་ཡག་པོ་བྱས་ནས་གོ་བ་ཟབ་མོ་ལེན་པ་དང་། ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ནས། རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་ལ་ཤུགས་སྣོན་བྱེད་པ་དང་རིགས་པའི་གཞུང་ལུགས་གཞན་སྒྱུར་ལ་མཐོང་ཆེན་བྱེད་པ། དངོས་ཕན་དོན་གཉེར་གཙོ་བོར་འཛིན་པ་དང་། ལས་འགན་གཙོ་བོར་དམིགས་པ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་བ།  ལག་ལེན་གྱི་གཞི་རྟེན་དམ་འཛིན་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལ་སྐུལ་སྤེལ་བྱེད་དགོས།

དངོས་ཕན་དོན་གཉེར་དང་། གནད་དོན་ལ་དམིགས་པ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་ལེན་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་ཡག་པོར་སྒྲུབ་པ་དང་འགན་འཁྲི་ཡག་པོར་འཁུར་བ། རྣམ་པ་གསར་པ་དང་སྒྲུབ་སྟངས་གསར་བར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ལེན་པ་དང་། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གསར་གཏོད་བཅས་བྱེད་དགོས།

རིགས་པའི་གཞུང་ལུགས་ཐད་རིག་པ་དྭངས་གསལ་ཡིན་ཚེ།  ཆབ་སྲིད་ཐད་གཞི་ནས་བློ་རྩ་བརྟན་པོ་ཡོང་ཐུབ་པ་དང་། བྱ་སྤྱོད་ཐད་གཞི་ནས་རང་རྟོགས་ཡོང་ཐུབ།  ང་ཚོས་རྒྱུན་ཆད་མེད་པར་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཐད་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་། བསམ་བློའི་ངོས་འཛིན་གཅིག་མཐུན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན། བརྩེ་སེམས་ཀྱི་ངོས་འཛིན་གཅིག་མཐུན་བཅས་ཡོང་བར་བྱེད་དགོས།  སྐྱོད་ལམ་གསར་པའི་ཐོག་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་དཀའ་ཚེགས་སྔར་ལས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་མདུན་དུ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ཤུགས་སྣོན་བྱས་ཏེ། བསམ་བློའི་ཐོག་ནས་གཞི་སྒྱུར་རྩ་སྒྱུར་དང་། རྩ་བ་བརྟན་གཏོང་། བྱང་ཚད་མཐོར་གཏོང་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་འཁུར་ལེན་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་དམ་པོ་བྱེད་པ་རྒྱུན་ འཁྱོངས་བྱེད་རྒྱུ་ནི།  སྐོར་དང་པོའི་བརྗོད་དོན་སློབ་གསོའི་ཉམས་མྱོང་དང་བྱེད་ཐབས་ཡིན་པར་མ་ཟད། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་ལེགས་པོར་སྤེལ་བའི་བྱེད་ཐབས་གཙོ་བོ་ཡང་ཡིན། ང་ཚོས་བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་ཏང་གཤིས་སྦྱོང་བརྡར་དང་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་གཏིང་ཟབ་ཏུ་གཏོང་བ་དང་ནང་བྱན་ཆུད་པ། གཞན་སྒྱུར་བཅས་ཀྱི་ལས་དོན་མུ་མཐུད་དུ་ཡག་པོར་སྒྲུབ་དགོས།  སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པའི་ཁྲོད་བློ་གྲོས་གཅིག་སྡུད་དང་འཇོན་ཐང་ཆེ་རུ་བཏང་སྟེ། ཆབ་སྲིད་ཀྱི་ནུས་པ་དང་། བསམ་གཞིག་གི་ནུས་པ། ལག་ལེན་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།  སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་བཅོས་བྱེད་པའི་ཁྲོད་ཏང་ལ་དོ་དམ་དང་འགོ་ཁྲིད་ལ་དོ་དམ་བྱེད་པ་དང་།   སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་གཟབ་ནན་དུ་བཏང་ནས“སྐོར་གཅིག་ཅན་དྲུག”གི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་།  གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་།  སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ལ་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས།  སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་འཁུར་ལེན་སྒྲུབ་ཕོད་དང་།  དངོས་སྒྲུབ་དག་སྤྱོད་བྱས་ནས་སྒྲུབ་འདོད་ཀྱི་རང་རྟོགས་དང་།  སྒྲུབ་ཕོད་པའི་བློ་སྟོབས།  སྒྲུབ་ཤེས་པའི་འཇོན་ཐང་བཅས་ཆེ་རུ་གཏོང་བ་དང་། “ལས་བྱེད་པས་སྒྲུབ་དགོས་པ་དང་།  བསམ་ཕྱོགས་གསལ་པོ་ཡིན་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ”བཅས་ཀྱི་བྱ་བའི་བླང་བྱར་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་གཏོང་བ་དང་།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ།  གྲོང་གསེབ་དར་སྤེལ་གཏོང་རྒྱུ་ལག་ལེན་གྱི་གཞི་རྟེན་དུ་བརྩི་བ།   གཞི་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ཉེན།  སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་བྱེད་ཐབས་གལ་ཆེན་དུ་བརྩི་བ་བཅས་བྱས་ནས།  ཏང་ཡོན་དང་ལས་བྱེད་པའི་སློབ་སྦྱོང་དང་བྱ་བའི་ཁྲོད་ཀྱི་བརྩོན་སེམས་དང་སྤྲོ་སེམས་དེ་མཁྲེགས་གཏོར་དཀའ་སེལ་དང་། ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ལོ་ཙཱ་བ།སྒྲོལ་མ་སྐྱིད།