སྲིད་དོན་ཞབས་ཞུས་དམངས་ཕན་ཞབས་ཞུར་དྲོ་སྐྱིད་བསྩལ།
2023.10.30 ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། ཀློག་གྲངས། 15

 ཉེ་བའི་ལོ་ཤས་རིང་། ཆི་ལེན་རྫོང་གིས་སྲིད་དོན་ཞབས་ཞུ་ལེགས་བསྒྱུར་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ཤིང་། འཕེལ་རྒྱས་ལ་ཞབས་ཞུ་དང་། དམངས་ཚིས་ལ་ཞབས་ཞུ། གཞི་རིམ་ལ་ཞབས་ཞུ་བྱེད་པ་བཅས་ལ་དམ་པོར་དམིགས་ནས།  མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཇེ་མཐོར་གཏོང་རྒྱུ་དེ་བྱ་བའི་གཙོ་གནད་དུ་བྱས་པ་དང་། ཞབས་ཞུའི་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ།  སྲིད་དོན་ཞབས་ཞུ་སྣ་ཚོགས་ཞིབ་ཚགས་ཀྱིས་དམངས་ཕན་ཞབས་ཞུར་སྔར་ལས་དྲོ་སྐྱིད་བསྩལ།

འཛུགས་སྐྲུན་གྱི་སྣོན་ཐབས་ལེགས་པོ་བྱས་ནས་ཞབས་ཞུའི་ལས་སྟེགས་བསྐྲུན་པ།  དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི་སྲིད་དོན་ཞབས་ཞུའི་ལས་སྟེགས་གཏོད་ཆེད། གཅིག་སྡུད་གཞུང་ལས་དང་། བརྒྱུད་རིམ་སྟབས་བདེ། ཞབས་ཞུ་ལེགས་སྒྱུར་བཅས་བྱས་པ་བརྒྱུད། མང་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས་ཞིབ་མཆན་འགོད་པའི་ཕན་ནུས་ཆེ་རུ་བཏང་། མིག་སྔར་སྲིད་དོན་ཚོམས་ཆེན་དུ་འགན་ནུས་ཚན་པ17ཡོད་པ་དང་། ཞབས་ཞུའི་སྒེའུ་ཁུང47དང་སྒེའུ་ཁུང་ལས་དོན་མི་སྣ62བཀོད་སྒྲིག་བྱས་ཡོད། ལོ་སྟོད་དུ་སྡོམ་པའི་རིགས་ཁག་གི་དོན་ཚན་ཁག316བསྒྲུབས་ཤིང་། དེའི་ཁྲོད་སྲིད་འཛིན་ཆོག་འཐུས་དོན་ཚན86དང་།  སྤྱི་པའི་ཞབས་ཞུའི་དོན་ཚན178།  དམངས་ཕན་ཞབས་ཞུའི་དོན་ཚན52བཅས་ཡོད། ཆ་སྙོམས་ཉིན་རེར་རིགས་ཁག་གི་དོན་ཚན་ཁག500ཙམ་བདག་སྤྲོད་མཇུག་སྒྲིལ་བྱས་ཡོད།  དེ་དང་ཆབས་ཅིག   རྫོང་ཡོངས་ཀྱི་ཞང་གྲོང7དང་། སྡེ་ཁུལ5། སྲིད་འཛིན་སྡེ་བ45བཅས་ཚང་མར་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་ཡོད་ལ། དམངས་ཕན་ཞབས་ཞུའི་ལྟེ་གནས་ཁག་ཚང་མར་དམངས་སྲིད་དང་། འཆར་ལྡན་བུ་བཙའ། མཉམ་ལས་སྨན་བཅོས། གྲོང་གསེབ་ཀྱི་འགན་བཅོལ་བྱེད་ཐབས་གསར་བ། ཏང་ཡོན་ཞབས་ཞུ། ཁྲིམས་འཛིན་ཞུ་བཅར།  རྩྭ་ས་འཁོར་སྐྱོད། ཚན་རིག་སློབ་གསོ་དང་རིག་གནས་འཕྲོད་བསྟེན། འདྲི་རྩད་ཞབས་ཞུ་སོགས་ཀྱི་སྒེའུ་ཁུང་བཙུགས་ཡོད། ལྟེ་གནས་ཁག་གི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་འཁོར་སྐྱོད་ཀྱི་གནས་ཚུལ་ལེགས་པོ་ཡིན་པ་རེད།

“ཕྱིར་གཏོང”གི་འཕྲི་ཐབས་ལེགས་པོར་སྤྱད་ནས་ཞབས་ཞུའི་གོ་རིམ་ཇེ་ལེགས་སུ་བཏང་བ།

“དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི”གཅིག་སྡུད་རྣམ་པའི་ཞབས་ཞུ་བེད་སྤྱོད་དང་ཞིང་ཆེན་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་རིམ་ལྔའི་བེད་སྤྱོད་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་ཆེད། སྲིད་དོན་ཞབས་ཞུའི་ཕན་ནུས་སྔར་ལས་ཆེ་རུ་བཏང་བ་དང་ཞབས་ཞུ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། ཆི་ལེན་རྫོང་གིས་དུས་ཐོག་ཏུ་དོན་ཚན་གསལ་ཐོའི་སྒྲིག་བཟོའི་ལས་དོན་སྤེལ་བ་དང་། མིག་སྔའི་བར་ནང་དོན་རིགས་དབྱེ་ཞབས་ཞུའི་དོན་ཚན་ཁག16བསྒྲུབས་ཡོད། དེའི་ནང་ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་དོན་ཚན5དང་། མི་སྒེར་གྱི་ཞབས་ཞུའི་དོན་ཚན8། ཞིང་ཆེན་རིམ་པའི་ཁྱད་ལྡན་གཅིག་སྡུད་ཞབས་ཞུའི་དོན་ཚན3བཅས་ཀྱི་གསལ་ཐོ་བཟོ་བའི་ལས་དོན་སྤེལ་བ་དང་།  མཚོ་སྔོན་ཞིང་ཆེན་གྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་དུས་མཉམ་དུ་དོན་དག་གཅིག་གི་ཆ་འགྲིག་བཀོད་སྒྲིག་ལས་དོན་ལེགས་སྒྲུབ་བྱས།

“ཞབས་ཞུ”ཡི་སྒྱུར་ཐབས་ལེགས་པོ་བཟོས་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་བཏང་བ། རིམ་ལྔའི་སྲིད་དོན་ཞབས་ཞུའི་མ་ལག་ཧུར་ཐག་གིས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་ཏན་ཏིག་གིས་ཇེ་མཐོར་བཏང་ཞིང་། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་། མིག་སྔའི་བར་རྫོང་རིམ་པའི་སྲིད་དོན་ཞབས་ཞུ་ལྟེ་གནས་གཅིག་བཙུགས་པ་དང་།  “སྒེའུ་ཁུང་ཞབས་ཞུ”བཙུགས་པ་དང་ལེགས་སྒྱུར་བྱས།  ཚོམས་ཆེན་གྱི་དམངས་ཕན་སྣེ་ཁྲིད་སྟེགས་བུ་བཙུགས་པ་དང་།  ཆེད་ལས་མི་སྣ་བཀོད་སྒྲིག་བྱས་ནས་རོགས་སྒྲུབ་ཚབ་སྒྲུབ་བྱེད་པ། ལྷག་པར་དུ་རྒན་པ་དང་། དབང་བོ་སྐྱོན་ཅན། རིག་གནས་ཆུ་ཚད་ཅུང་དམའ་བའི་དམིགས་བསལ་ཚོགས་སྤྱིར་ཡིག་སྒྱུར་དང་ཚབ་འབྲི་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།   ཞང་གྲོང་རིམ་པའི་དམངས་ཕན་ཞབས་ཞུའི་ལྟེ་གནས7དང་། སྡེ་བ རིམ་པའི་དམངས་ཕན་ཞབས་ཞུའི་ས་ཚིགས50བཙུགས་ཡོད། གཅེས་སེམས་ས་ཚིགས་དང་དབང་བོ་སྐྱོན་ཅན་གྱི་དྲག་སྐྱེད་ལྟེ་གནས་སོགས་ལ་བརྟེན་ནས་དམངས་སྲིད་དང་སྨན་བཅོས་འགན་བཅོལ་སོགས་དམངས་ཚིས་གནད་དོན་ལ་དམ་པོར་དམིགས་ཤིང་། རོང་འབྲོག་ཁུལ་གྱི་མང་ཚོགས་དང་ལྷག་པར་དུ་དབང་བོ་སྐྱོན་ཅན། རྒན་པ་སོགས་དམིགས་བསལ་ཚོགས་སྤྱིར་ལྗང་མདོག་བགྲོད་ལམ་གྱི་ཞབས་ཞུ་དང་སྒོ་རྩར་ཞབས་ཞུ་བྱེད་པ་སོགས་བྱས་ཏེ།   སྲིད་དོན་ཞབས་ཞུའི“ མཇུག་མཐའི་སྤྱི་ལེ་གཅིག”ལེགས་པོར་བཏོད་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།