《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2023.11.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད།

ཉེ་ལམ་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས21པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ། 《སྐབས་ཉི་ཤུ་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་གི་གསུང་བཤད》ཅེས་པ་འགྲེམས་སྤེལ་བྱས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། རྩིས་བཤེར་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པ་དང་། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་འཛུགས་པའི་དམིགས་ཡུལ་ནི།   ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་ཀར་གཅིག་སྡུད་དང་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ།  ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་སྒྲིག་གཞིའི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་འཛུགས་ལ་སྐུལ་འདེད་བཏང་བས་རྩིས་བཤེར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྩིས་བཤེར་ལས་དོན་དེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རྩིས་བཤེར་གྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་པ་དང་།  དུས་རབས་གསར་པའི་རྒྱལ་སྲིད་སྐྱོང་ལུགས་ལ་རྩིས་བཤེར་ཁྱབ་ཁོངས་ནང་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གཅིག་ནས་རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་གནང་བ་རྒྱུན་ཆད་མེད་པར་ཞིབ་ཕྲ་ཅན་དང་དངོས་གནས་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་བཞིན་ཡོད། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སོང་ཡོད། གསུམ་ནི་རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་དེ་བས་ཆེ་བ་དང་། མཐུན་འཕྲོད་རང་བཞིན་དེ་བས་ཆེ་བ། དམིགས་བསལ་གྱི་ལྟ་སྐུལ་ནུས་པ་དེ་བས་མངོན་པ་བཅས་རེད། བཞི་ནི་རྩིས་བཤེར་དག་ཐེར་གྱི་སྤྱིའི་རྣམ་པ་རགས་ཙམ་ཆགས་ཡོད། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་རྒྱུན་མཐུད་དང་མཉམ་ལས་སྔར་བས་བདེ་བླག་དང་དབང་ཟིལ་ལྡན་པ།   ལས་ཕྱོད་ཆེ་བ་བཅས་བྱུང་ཡོད།

རྩོམ་ཡིག་ལས་བསྟན་དོན། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་རྩིས་བཤེར་གྱིས་འགན་འཁྲི་གལ་ཆེན་འཁུར་ནས་དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་པ་དང་འགན་འཁྲི་གཙོ་བོར་དམིགས་ཏེ།  ཏང་གི་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི་ཁྲོད་རྩིས་བཤེར་གྱི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐབས་གསར་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་སྒྲུབ་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་གནད་དོན་ལ་དམིགས་པ། རྩིས་བཤེར་ཁྱབ་ཁོངས་ཀྱི་འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  ནུས་ལྡན་དང་ཕན་འབྲས་ལྡན་པའི་རྩིས་བཤེར་ལྟ་སྐུལ་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས།

རྩོམ་ཡིག་ལས་བསྟན་དོན།    རྩིས་བཤེར་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྔར་ལས་སྐུལ་འདེད་གཏོང་དགོས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི་གཅིག་སྡུད་གཅིག་གྱུར་དང་ཁྱོན་ཡོངས་ལ་ཁྱབ་པ། དབང་ཟིལ་ལྡན་ལ་ཕན་འབྲས་ཆེ་བ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་བཙུགས་ནས།  རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་དེ་བས་ཡག་པོ་བྱེད་པའི་ཐད་ནུས་ཤུགས་གཅིག་སྡུད་བྱེད་དགོས་པ་དང་།   ཞིབ་ཕྲའི་བླང་བྱ་ནི།  གཅིག་ནི་ལག་པས་མཛུབ་མོ་འཛུགས་པ། རྩིས་བཤེར་ལྟ་སྐུལ་བྱེད་རྒྱུ་དེ་གཅིག་སྡུད་གཅིག་གྱུར་བྱས་ནས་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། རྩིས་བཤེར་མ་ལག་ནང་ཁུལ་དུ་གོང་འོག་འབྲེལ་མཐུད་དང་གོམ་སྟབས་གཅིག་གྱུར་གྱི་རྒྱལ་ཡོངས་གོང་འོག་གཅིག་ཏུ་ཆགས་པར་བྱས་ནས། རྩིས་བཤེར་གྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་བསམ་འདུན་དང་བཀོད་སྒྲིག་གནད་ལ་འཁེལ་བ་དང་།  གོ་བ་གཏིང་ཟབ་ལེན་པ།  དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། གཉིས་ནི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པ། རྩིས་བཤེར་ལྟ་སྐུལ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་རྩིས་བཤེར་བྱ་ཡུལ་ལ་རྩིས་བཤེར་བྱ་རྒྱུ་དེ་གྲིབ་གཟུགས་བཞིན་དུས་དང་རྣམ་པ་ཀུན་ཏུ་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་ཡོད་པ་བྱེད་དགོས། རྣམ་པའི་ཐོག་ནས་བཤད་ན། སྤྱི་པའི་མ་དངུལ་དང་གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་གཏོང་མཁན་ས་གནས་དང་སྡེ་ཁག  ལས་ཁུངས་བཅས་ཚང་མའི་རྩིས་བཤེར་ལྟ་སྐུལ་བྱེད་དབང་ཆད་ལུས་དང་དམིགས་བསལ་གང་ཡང་མེད་པར་རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་ཤུགས་ཤིག་ཆགས་པར་བྱེད་དགོས།  ནང་དོན་ཐད་སྤུས་ཚད་དང་ལས་ཆོད་ལ་ལྟ་རྟོག་བྱས་ནས་དོན་དངོས་དང་དོན་དངོས་ཀྱི་ཟིལ་ཤུགས་ཆགས་པར་བྱ་དགོས། གསུམ་ནི་རྣ་བར་འབྲུག་སྒྲ་ལྟར་གྲགས་པ། རྩིས་བཤེར་ལྟ་སྐུལ་གྱི་དབང་ཟིལ་ཕན་འབྲས་མཐོར་བར་བྱས་ཏེ་རྩིས་བཤེར་ལྟ་སྐུལ་བདེ་བླག་ངང་ལག་བསྟར་ཐུབ་པ་དང་། རྩིས་བཤེར་བྱས་འབྲས་ཕན་འབྲས་ཐོན་པར་སྤྱོད་ཐུབ་པ། རྩིས་བཤེར་གྱི་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ་བཅས་བྱེད་དགོས། ཕྱོགས་གཅིག་ནས་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་དཔལ་འབྱོར་ལྟ་སྐུལ་གྱི“དམིགས་བསལ་རུ་ཁག”བཙུགས་ཏེ།  གནད་དོན་འཕྱུགས་མེད་དང་གཏིང་ཟབ་པ། མཐིལ་རྟོགས་བཅས་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཉམ་ལས་ཡག་པོ་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རྩིས་བཤེར་བྱས་པའི་“རྩིས་བཤེར་གྱི་ཁྱད་དབང”ནི་ཏང་ཀྲུང་དབྱང་གིས་གནང་བ་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་ལ་འགན་འཁུར་དགོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མཚོན་ཆ་རྣོན་པོ་བྱ་དགོས།

རྩོམ་ཡིག་ལས་བསྟན་དོན།  ད་ལོའི་རྩིས་བཤེར་ལས་དོན་ཏན་ཏིག་ངང་བསྒྲུབ་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ལ་ཁྱབ་པའི་གནད་དོན་གལ་ཆེན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས།   ས་ཁུལ་དང་སྡེ་ཁག    ལས་ཁུངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་པ་དང་།  བརྟན་པོའི་ངང་འཕར་རྒྱུ་དང་དངོས་གོང་བརྟན་པོ་ཡོང་རྒྱུར་དམིགས་པ། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་པ། དམངས་འཚོའི་མཐའ་ཚད་བརྟན་པོ་ཡོང་རྒྱུར་དམིགས་པ། སྤྱི་འདོམས་འཕེལ་རྒྱས་དང་བདེ་འཇགས་ལ་དམིགས་པ། དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་དམིགས་པ་བཅས་བྱེད་དགོས།  རྩིས་བཤེར་དག་ཐེར་བྱེད་པའི“རྩོམ་ཡིག་སྨད་ཆ”དང་གནད་དོན་གསལ་སྟོན་བྱེད་པའི“རྩོམ་ཡིག་སྟོད་ཆ”གཉིས་ཀ་གལ་ཆེན་ཡིན་པས་ངེས་པར་དུ་གཞི་གཅིག་ལ་སྐུལ་འདེད་གཏོང་དགོས། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱས་ཏེ་རྩིས་བཤེར་དག་ཐེར་ཐད“མཉམ་སྡེབ་བྱེད་ཐབས”ཡག་པོ་རྒྱག་དགོས།

རྩོམ་ཡིག་ལས་བསྟན་དོན།   རྩིས་བཤེར་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ40འཁོར་བའི་ལོ་རེད། རྩིས་བཤེར་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ནས་ལས་རིགས་ཀྱི་སྙིང་སྟོབས་གཏོད་པ་དང་ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཁྲིམས་བཤེར་ནན་མོ་བྱས་ཏེ།   བློ་དཀར་སེམས་དཀར་དང་སྤྱོད་གཙང་།  འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས། འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་དངོས་སུ་དོ་དམ་བྱས་ཏེ།   རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

                                                                          ཡིག་སྒྱུར་བ། གཡང་འབུམ་རྒྱལ།