མཚོ་ལྷོ་ཁུལ་གྱིས་བརྗོད་དོན་སློབ་གསོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2023.11.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས“དགོངས་པར་སློབ་སྦྱོང་བྱེད་པ”གོ་གནས་ཨང་དང་པོར་བཞག་སྟེ། བརྗོད་དོན་སློབ་གསོ་སྤེལ་བར་ཏང་ཡོན་ཡོངས་ལ་ཁྱབ་པ་བྱས་ནས། ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

མཚོ་ལྷོ་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས“རྩ་འཛུགས་ཀྱིས་ཏང་ཡོན་འཚོལ་བ་དང་།  ཏང་ཡོན་གྱིས་རྩ་འཛུགས་འཚོལ་བ།  ཏང་ཡོན་གྱིས་ཏང་ཡོན་འཚོལ་བ”བཅས་ཀྱི་རྗེས་འདེད་མཐིལ་རྟོགས་རྐྱེན་སྲོལ་དོན་འཁྱོལ་བྱས་ནས། ཐག་ཉེ་བ་དང་སྟབས་བདེ་ཡོང་བའི་རྩ་དོན་ལྟར་སྐོར་སྐྱོད་ཏང་ཡོན་རྩ་འཛུགས་བྱས་ཏེ། ཏང་རྩ་འཛུགས་སྐོར་སྐྱོད་བྱེད་སའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་སོང་ནས། སྐོར་སྐྱོད་ཏང་ཡོན་གྱི་དྲ་ཐོག་གི “སློབ་སྦྱོང་འཛིན་གྲྭ་ཆུང་བ”ཉེར་གསུམ་སྤེལ་བ་དང་།    ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ནས“དྲ་ཐོག་ནས་སློབ་ཁྲིད་བྱེད་པ”དང“དྲ་ཐོག་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ”སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད།   ད་དུང་བརྙན་ལམ་སྦྲེལ་མཐུད་དང་དྲ་ཐོག་སྤེལ་རེས་སོགས་ཀྱི་རྣམ་པ་བརྒྱུད་ནས་སྐོར་སྐྱོད་ཏང་ཡོན་དང་འབྲེལ་གཏུགས་བྱེད་པ་དང་།  དུས་བཅད་ལྟར་སྐོར་སྐྱོད་ཏང་ཡོན་རྩ་འཛུགས་བྱས་ཏེ་སློབ་སྦྱོང་གི་ནང་དོན་ཐད་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས།

ཚད་གཞི་བཅོས་སྒྱུར་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་དགོས་མཁོ།  མང་ཚོགས་ཀྱི་རེ་སྒུག་བཅས་ལ་ཁ་ཕྱོགས་ནས། མཚོ་ལྷོ་ཁུལ་གྱིས་སློབ་སྦྱོང་བྱེད་ཞོར་དུ་ཞིབ་བསྡུར་བྱེད་པ་དང་། ཞིབ་བཤེར་བྱེད་ཞོར་དུ་དག་ཐེར་ལེགས་སྒྲིག་བྱེད་པ།  གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིང་སྡེ་དང་སྡེ་ཁུལ།   ལས་ཁུངས། སློབ་གྲྭ་འབྲིང་ཆུང་།  གཞུང་བཙུགས་སྨན་ཁང་།  གཞུང་གཉེར་ཁེ་ལས།  “གསར་གཉིས”བཅས་ཀྱི་རྩ་འཛུགས་དང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཁྱབ་ཁོངས8ཀྱི་ཏང་རྩ་འཛུགས་དབྱེ་ནས།《ཁུལ་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འབྲེལ་གཏུག་གི་བརྗོད་དོན་སློབ་གསོའི་ཇུས་གཞི》འགྲེམ་སྤེལ་བྱས་པ་དང་། ཁུལ་རིམ་པའི་འགོ་ཁྲིད26གིས་ཡུལ་ཚོ་དང་གྲོང་རྡལ36དང་། གཙོ་གནད་དམངས་ཚིས་སྡེ་ཁག24ལ་འབྲེལ་གཏུག་དང་མཛུབ་སྟོན་བྱས་ནས་བརྗོད་དོན་སློབ་གསོ་སྤེལ་བ་མ་ཟད། 《ཁུལ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གྱོད་དོན་འགན་གཙང་ལེན་བྱས་ཏེ་འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་སྐོར་གྱི་བརྡ་ཐོ》བཏང་ཞིང་།  ཁུལ་རིམ་པའི་འགོ་ཁྲིད་ཀྱིས་ངོ་བཅར་ཡོང་མཁན་ཐེངས20ལ་སྣེ་ལེན་བྱས་པ་དང་།  གྱོད་དོན་འགན་གཙང་ལེན་བྱས་ཏེ་ཡིག་སྐུར་ངོ་བཅར་གྱི་འབུར་ཐོན་གནད་དོན17ཐག་གཅོད་བྱས་བ།   རྫོང་སོ་སོས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་ཡུལ་ཚོ་དང་གྲོང་རྡལ་ལ་འབྲེལ་གཏུག་བྱས་ནས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་འཕྲིན་བཅར་གཙོ་གནད་ཐེངས44ལྷག་བྱས་ནས། འཕྲིན་བཅར་གྱི་འགལ་བ14ཐག་གཅོད་བྱས།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཐེངས་འདིའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ཤུགས་འདོན་ས་གལ་ཆེན་ཞིག་ཡིན།   མཚོ་ལྷོ་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་ཆེད་ལས་ལག་རྩལ་གྱི་ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ཏེ། ཞིན་ཧེ་རྫོང་དུ་བསྐྱོད་ནས། 2021ལོ་དང2022ལོའི་རང་བྱུང་སྡེ་བའི་བྱེ་ལམ་ཤར་གཏོང་ཐུབ་པའི་ལས་གཞི8དང་། 2021ལོའི་སྲིད་གཞུང་གིས་དངུལ་བུན་འཇལ་བའི་རིམ་པ་གཉིས་པའི་གཞུང་ལམ་གྱི་ལམ་གླ་མེད་པ་བཟོས་རྗེས་ཁ་གསབ་དང་བདག་སྐྱོང་གི་བཟོ་འགོད་ཞིབ་བཤེར་རྩིས་ལེན་བྱས་པ་མ་ཟད། ཞིང་ཆེན་གྱི་གཞུང་ལམ་དཀྱུས་མ་དང་དེ་བཞིན་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལས་གཞི57ཡར་ཞུ་བྱས་ནས་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ874ལྷག་གསར་སྐྲུན་དང་བསྐྱར་སྐྲུན་བྱས།

མཚོ་ལྷོ་ཁུལ་གྱིས་བརྗོད་དོན་སློབ་གསོར་བརྟེན་ནས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།  རྒྱལ་ཁབ་ཀྱི་རླུང་གློག་གི་འོད་ཤུགས་རྟེན་གཞི་ཆེ་གྲས་ཀྱི་དུས་ཐེངས་དང་པོའི་སྟོང་ཝ་ས་ཡ་དྲུག་འབུམ་བཞི་ཡི་ལས་གཞི་དང་མ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།   སྡོམ་པས་ནུས་རྒྱུའི་དངུལ་གཏོང་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་གཅིག་ལྷག་ཡོངས་འགྲུབ་བྱས་པ།  ཚོང་འགུག་དངུལ་འདྲེན་གྱི་ལས་གཞི49ལག་བསྟར་བཅས་བྱས་ནས།   ཁུལ་གྱིས་གཏན་འབེབས་བྱས་པའི་དམིགས་འབེན་གྱི31.97%ལེགས་འགྲུབ་བྱས།

མཚོ་ལྷོ་ཁུལ་གྱིས“གང་མེད་པ་དེ་སྦྱོང་དགོས་པ་དང་།  གང་མཁོ་ན་དེའི་ཁ་གསབ་བྱེད་པ”སོགས་ལས་དོན་དང་བསམ་བློའི་ཐད་ཀྱི་གནད་དོན་དང་དཀའ་ཁག་ཡིད་ལ་དམ་པོར་བཟུང་ནས།  སློབ་སྦྱོང་བྱེད་སྐབས་བསམ་ཕྱོགས་དང་ཐབས་ཤེས།  དྲིས་ལན་བཅས་འཚོལ་ཞིབ་བྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་གཏོང་བ་དང་ལས་སྒྲུབ་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་རིམ་བཞིན་ཆགས་པ་དང་།   བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་དམིགས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།   མཚོ་ལྷོ་ཁུལ་གྱིས“དྲ་སྦྲེལ་དང་སྲིད་དོན་ཞབས་ཞུའི” བཅོས་སྒྱུར་གཏིང་ཟབ་ཏུ་བཏང་བས། ཁུལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་དོན་ཚན་ཐག་གཅོད་བྱེད་ཚད99%ལ་སླེབས་པ་དང་།   “དོན་དག་གཅིག་ཐེངས་གཅིག་ལ་སྒྲུབ་པའི”དྲ་ཐོག་ནས་རྣམ་གྲངས19སྒྲུབ་པ།   “ཞིང་ཆེན་བརྒལ་ནས་ཐད་ཀར་སྒྲུབ་པའི”ལས་དོན་ལ་སྐུལ་འདེད་བཏང་སྟེ།  ཞིང་ཆེན་བརྒལ་ནས་ཐད་ཀར་སྒྲུབ་པའི་ལས་དོན་བསྡོམས་པས853སྒྲུབ་པ་ལས་གཞན། དཔྱ་ཁྲལ་ཉུང་གཏོང་དང་གྲོན་དངུལ་སྒོར་དུང་ཕྱུར1ཇེ་མང་དུ་བཏང་བ་དང་།  ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་མ་དངུལ་སྒོར་བྱེ་བ་བརྒྱད་ལྷག་བཀོད་སྒྲིག་བྱས་ཤིང་།  ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དངུལ་བུན་སྣ་ཚོགས་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ལྷག་བཏང་བ་དང་།  ལས་སྐྲུན་འགན་ལེན་ཐེབས་རྩ་སྒོར་ས་ཡ་བརྒྱད་ལྷག་དངོས་འབེབས་བྱས།

མཚོ་ལྷོ་ཁུལ་གྱིས་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམ་རྩིས་བྱས་ན་ཁ་གསབ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ལྷག་འགྲེམ་གཏོང་བྱས་པ་དང་། དེ་ལས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་བཞི་དང་སྟོང་གསུམ་ལྷག་ལ་ཕན་ཁེ་ཐོབ་པ་དང་།  དཀའ་ངལ་ཡོད་པའི་མང་ཚོགས་དང་དབུལ་ཐར་ཁྱིམ་ཚང་ཁྲི་བཞི་དང་སྟོང་གཉིས་ལྷག་ལ་རོགས་སྐྱོར་བྱས་ནས་འགན་བཅོལ་ནང་ཞུགས་པར་སྒོར་ས་ཡ་བདུན་དང་འབུམ་བཞི་ལྷག་ཟིན་ཡོད།  དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་ཁྲི་གཉིས་དང་སྟོང་ལྔ་ལྷག་དང་དབུལ་ཐར་མི་གྲངས་སྨན་ཁང་དུ་སྡོད་པའི་སྨན་རིན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བཞི་རྩིས་ཞུ་བྱས་པས། སྨན་རིན་རྩིས་ཞུ་བྱེད་ཚད83.67%ལ་སླེབས་ཡོད།

ལོ་ཙཱ་བ།སྒྲོལ་མ་སྐྱིད།