གཟབ་ནན་སྒོས་སློབ་སྦྱོང་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཕན་འབྲས་ལེན་དགོས།
2023.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 24

—མཚོ་སྔོན་གྱི་ས་གནས་ཁག་གིས་སྐོར་གཉིས་པའི་བརྗོད་དོན་སློབ་གསོར་སྐུལ་འདེད་ཏན་ཏིག་བཏང་།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་འགོ་ཚུགས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ཞིང་ཆེན་ཏང་ཨུས་བཏོན་པའི་ལག་ལེན་གྱི་གཞི་རྟེན་བཞི་དང་།“ལས་བྱེད་པས་བྱ་བ་སྒྲུབ་པ། བསམ་ཕྱོགས་གསལ་བོ་ཡིན་པ། རང་གཅུན་ནན་མོ་བཅས་བྱེད་དགོས་པའི”བྱ་བའི་བླང་བྱར་དམ་པོར་དམིགས་པ་དང་། དངོས་ཚན་གྱི་བླང་བྱ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ནན་ཏན་བྱས་ནས། དག་ཐེར་ཡོ་བསྲང་གི་འབུར་ཐོན་གནད་དོན་ལ་ཞིབ་བཤེར་ཏན་ཏིག་བྱས་ཏེ། བློ་གཅིག་སེམས་གཅིག་གིས་དམངས་ལ་ཕན་པའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། དག་ཐེར་ཡོ་བསྲང་སོགས་གཙོ་གནད་བྱེད་ཐབས་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ། བྱ་བ་སྣ་ཚོགས་ཀྱི་མགོ་རྩོམ་ས་མཐོ་བ་དང་ཚད་གཞི་མཐོ་བའི་སྐུལ་འདེད་གཏོང་བ་མངོན་འགྱུར་བྱུང་།

སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས།

བརྗོད་དོན་སློབ་གསོ་དོན་དངོས་དང་གཏིང་ཟབ་པ། སེམས་ལ་ཟུག་པ་བཅས་བྱས་ནས། “སློབ་སྦྱོང་གཏིང་ཟབ་དང་། གཏིང་ཟབ་པའི་སྔོག་འདོན་བྱེད་པ། གཏིང་ཟབ་པའི་རྟོག་ཞིབ་བཅས་བྱེད་པའི”ཐད་ནུས་ཤུགས་ཡོད་རྒུ་བཏོན་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སེམས་སུ་འཇགས་པར་བྱེད་དགོས།

བསྟུད་མར་ཉིན་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ཏང་གི་སློབ་ཚན《ཆི་ལེན་འཐབ་གླུ》མིན་ཡོན་རྫོང་སྨྱན་སྦྱོར་ལྟེ་གནས་སུ་སྒྲོག་འགྲེལ་བྱས་པ་དང་། ལས་གནས་མི་འདྲ་བ་ནས་ཡོང་བའི་སྒྲོག་འགྲེལ་པས་སྤྲོ་སེམས་ཆེན་པོས་མི་སྣ་དང་མཉམ་འདྲེས་བྱས་ཏེ། ཡུལ་དུས་དང་བསྟུན་ནས་སྐད་ཆ་བཤད་རེས་དང་། པར་རིས་གཟུགས་བརྙན་གསལ་ལེན། རྒྱབ་ལྗོངས་རོལ་དབྱངས་སྒྲོག་སྤེལ་བཅས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་ནས། ཏང་གི་སློབ་ཚན་ལ་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པར་གྱུར།

དམར་པོའི་གཞི་རྒྱུ་ནི་མཚོ་བྱང་ཁུལ་གྱི་ཆེས་མངོན་པར་གསལ་བའི་རྨང་གཞི་ཡིན་ལ།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་མཚོ་བྱང་གི་བླ་སྲོག་ཡིན། གསར་བརྗེའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱ་ཆེད། མཚོ་བྱང་ཁུལ་གྱིས་གསར་བརྗེའི་གཞི་རྒྱུ་བརྗོད་དོན་སློབ་གསོའི་ནང་བཅུག་ནས་མཚོ་བྱང་སྙིང་སྟོབས་ཀྱི་མཐོ་ས་སྐྲུན་པར་དམིགས་ཏེ།“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཁྲིད་སྟོན་དུ་བྱས་ནས། ནུས་ཤུགས་ཡོད་དགུས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་། དམར་པོའི་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན། དམར་པོའི་རིག་གནས་སྔོག་འདོན། དམར་པོའི་སྙིང་སྟོབས་ཞིབ་འཇུག་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་དམར་པོའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གལ་ཆེན་ཕྱོགས་ཡོངས་ནས་བཏོད་དེ་དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་། དམར་པོའི་ཁྲག་རྒྱུན་བསྲིང་བ། ཁྱིམ་ཚང་དང་རྒྱལ་ཁབ་བར་གྱི་བརྩེ་སེམས་ཇེ་ཟབ་ཏུ་གཏོང་བ། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་སྐྱེད་སྲིང་སོགས་ཀྱི་ཐད་བསམ་བློའི་ཁྲིད་སྟོན་ནུས་པ་ཆེན་པོ་འདོན་སྤེལ་བྱས་ཏེ། དམར་པོའི་ཞིབ་འཇུག་སློབ་སྦྱོང་གི་མི་སྣ་སྐྱེད་སྲིང་བྱེད་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ལག་ཏུ་བསྟར་དགོས།

མི་དང་བསྟུན་ནས་སློབ་སྦྱོང་བྱས་ཏེ་ཏང་ཡོན་ལ་སློབ་གསོ་བཟང་པོ་མྱོང་དུ་འཇུག་དགོས། “དགོས་མཁོར་གཞིགས་ནས”སློབ་སྦྱོང་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་ལེགས་པོར་སློབ་ཏུ་འཇུག་དགོས། མང་ཚོགས་དང་བསྟུན་ནས་སློབ་སྦྱོང་བྱས་ཏེ་ཞིང་སྡེའི་ཏང་ཡོན་རྗེས་སུ་མི་ལུས་པ་བྱེད་དགོས། ལས་རིགས་དང་དཀའ་ཁག་སེལ་བའི་ཐབས་ལ་བརྟེན་ནས་གཟིགས་སྐྱོང་སྲིད་ཇུས་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱིས་ཞིང་སྡེའི་གཞི་རིམ་ཏང་ཡོན་གྱི་ཁྱབ་ཁོངས་རྒྱ་ཆེ་བ་དང་། རིགས་མང་བ། གྲངས་ཀ་མང་བ། ལོ་ཚད་རིང་བ། རིག་གནས་ཆུ་ཚད་དོ་མི་མཉམ་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་གཙོ་གནད་བྱ་ཡུལ་དང་། གཙོ་གནད་བྱེད་ཐབས། གཙོ་གནད་བླང་བྱ་བཅས་མངོན་གསལ་ཡོང་བ་བྱས་ནས། ཕྱོགས་ཡོངས་ནས་མ་ལག་སློབ་སྦྱོང་དང་། སྟབས་བསྟུན་སློབ་སྦྱོང་། བྱེད་ཐབས་གསར་གཏོད་བཅས་ལ་སྣང་ཆེན་བྱས་ཏེ། ཞིང་སྡེའི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་པ་དང་། མི་སྣ་ཡོངས་ཞུགས་པ། བརྗོད་དོན་སློབ་གསོའི་ཕན་འབྲས་ཏན་ཏིག་ཐོབ་པ་བཅས་བྱས་ཡོད།

“གཞི་རིམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ངས་བསམ་བློ་མང་ཙམ་གཏོང་བ་དང་སློབ་སྦྱོང་ཞིབ་ཕྲ་བྱེད་ཀྱིན་ཡོད།”ཏང་ཡོན་ཚོ་དང་མཉམ་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གནད་བསྡུས》སློབ་སྦྱོང་བྱས་མ་ཐག་པའི་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཁྲིན་ཀོན་གྲོང་རྡལ་པེ་ཧྲིན་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཧའེ་ཆིན་གྱིས་དེ་ལྟར་བཤད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་རོང་འབྲོག་ཁུལ་གྱི་ཏང་ཡོན་གྱི་དོན་དངོས་ལ་དམ་པོར་དམིགས་ནས། རིགས་དགར་ནས་ཁྱབ་ཁོངས་སོ་སོའི་ཏང་ཡོན་ལ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་རྩ་འཛུགས་བྱས་ཏེ། བརྗོད་དོན་སློབ་གསོ་སློབ་སྦྱོང་བྱེད་སྐབས་མི་གཅིག་ཀྱང་མི་ལུས་པའི་ཁག་ཐེག་བྱས། དེ་དང་ཆབས་ཅིག འགྲོ་འདུག་སྟབས་མི་བདེ་བ་དང་རྒན་པ་དང་ལུས་ཕུང་ཞན་པའི་ཏང་ཡོན་ལ་དམིགས་ཏེ། ཞིང་པའི་སྒོ་ར་ཆུང་ཆུང་དང་སྡེ་བའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ལ་བརྟེན་ནས། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྣམ་པའི་ཐོག་ནས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ཅུང་མཐོ་བ་དང་། སྐད་གཉིས་ཀྱི་ནུས་པ་ཅུང་ཆེ་བའི་དྲིལ་བསྒྲགས་པ་རྩ་འཛུགས་བྱས་ཏེ། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་ནས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་ཏང་ཡོན་ཚོར“སློབ་ཚན་མི་ཆད་པ”དང“རྗེས་ལུས་མི་ཐེབས་པའི”ཁག་ཐེག་བྱས།  སྐོར་སྐྱོད་ཏང་ཡོན་ཚོགས་སྤྱིར་དམིགས་ཏེ་ཏང་ཀྲི་པུའུ་ཡིས་ཆེད་མི་བཀོད་སྒྲིག་བྱས་ནས་སྐོར་སྐྱོད་ཏང་ཡོན་དང་འབྲེལ་མཐུད་བྱེད་པ་དང་། དུས་ངེས་མེད་དུ་སྐོར་སྐྱོད་ཏང་ཡོན་ལ་འབྲེལ་ཡོད་སློབ་སྦྱོང་གི་དཔྱད་ཡིག་བསྐུར་བ། ཁ་པར་དང་སྐད་འཕྲིན་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སློབ་སྦྱོང་གི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ། གཅིག་གིས་གཅིག་ལ“སློབ་སྦྱོང་བྱེད་རོགས་དང་སློབ་སྦྱོང་ལ་སྐུལ་འདེད”བཅས་བྱེད་ཀྱིན་ཡོད།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས“དགོངས་པར་སློབ་སྦྱོང”བྱེད་པ་གཙོ་གནད་དུ་བཞག་ནས་ཡང་དག་པར་ཁོང་དུ་ཆུད་པ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ནང་བྱན་ཆུད་པ། གཞན་སྒྱུར་བཅས་ཀྱི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་བསྐྱེད་བྱེད་དགོས།

གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དོན་གཉེར་བྱེད་དགོས།

བརྗོད་དོན་སློབ་གསོའི་ཁྲོད། རང་ཞིང་གི་ས་གནས་སོ་སོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་ནས། གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་པ་དང་། ཞིང་སྡེ་དང་སྡེ་ཁུལ། ཁེ་ལས། སྨན་ཁང་། སློབ་གྲྭ། དཔལ་འབྱོར་རྩ་འཛུགས་གསར་པ། སྤྱི་ཚོགས་རྩ་འཛུགས་གསར་པ་སོགས་གཞི་རིམ་ལས་ཁུངས་སུ་བསྐྱོད་དེ། བྱེད་སྟངས་གསར་གཏོད་བྱས་ནས་མཁོ་དགོས་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ་བཅས་བྱས།

མང་ཚོགས་ཀྱིས་བཤད་པ་དང་ལས་བྱེད་པས་ཉན་པ། མང་ཚོགས་ཀྱིས་འདྲི་བ་དང་ལས་བྱེད་པས་ལན་འདེབས་པ། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མཛོ་རྒན་ར་བ་གྲོང་རྡལ་གྱི་དབུལ་ཕོངས་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་འབྲུག་ལྷ་དང་ཚེ་བྷོ་ཡི་ཁྱིམ་དུ། འགོ་ཁྲིད་ལས་བྱེད་པས་མང་ཚོགས་དང་ངོ་ཐུག་ནས“ཁྱིམ་གྱི་འཚོ་ཚིས”གླེང་བ་དང་། ལྟ་ཞིབ་ཚད་ལེན་ཁྱིམ་ཚང་གི་བདེ་ཐང་གི་གནས་ཚུལ་དང་བྱིས་པའི་སློབ་ཞུགས་གནས་ཚུལ། ཐོན་སྐྱེད་དང་འཚོ་བ། དཔལ་འབྱོར་ཡོང་འབབ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས། གནད་དོན་ལ་དམིགས་པ་དང་གནད་དོན་དག་ཐེར་བྱས་ཏེ། མང་ཚོགས་ཀྱི་དོན་དངོས་གནས་ཚུལ་ལ་བརྟག་ཞིབ་བྱས།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། མགོ་ལོག་ཁུལ་གྱིས“འབྲེལ་བ་བཞི་དང་རྒྱུགས་གསུམ”གྱི་བྱ་བའི་ལམ་སྲོལ་བྱེད་ཐབས་སུ་བྱས་ནས། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱས།

“རྩ་འཛུགས་རྙེད་རྗེས་ཏང་ཡོན་གཉེར་སྐྱོང་ཁྱིམ་ཚང་དུ་གྱུར་བ་དང་། རང་ཉིད་ལ་གཟི་བརྗིད་ཀྱི་བསམ་པ་དང་བརྟེན་ས་ཞིག་ཀྱང་ཡོད་པར་གྱུར་བ་མ་ཟད། རང་ཉིད་ཀྱིས་འཛད་སྤྱོད་པར་སྤུས་ལེགས་ཀྱི་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱས་པས་ཡིད་ཆེས་དང་ཆོད་སེམས་ཀྱང་ཇེ་བརྟན་དུ་གྱུར”ཞེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་རྐང་ཐང་སྲང་ལམ་ཚོང་ཁང་གི་ཏང་ཀྲི་པུའུ་ཏང་ཡོན་ཚོང་བ་ཁྲོན་རི་ཡིས་སྤོབས་སེམས་ཆེན་པོས་དེ་ལྟར་བཤད།

བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ནུབ་ཁུལ་གྱིས་ཁེ་ལས་ཆུང་གྲས་དང་། ཁེར་གཉེར་ཁྱིམ་ཚང་། ཆེད་ལས་ཁྲོམ་རའི་ཁྱབ་ཁོངས་བཅས་ཀྱི་གཉེར་སྐྱོང་གཙོ་གནད་གཅིག་ཏུ་བསྡུ་དཀའ་བ་དང་། ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཁུལ་ཏང་ཨུའི་ཧྲུའུ་ཅིས་གཙོ་ཁྲིད་བྱས་ནས་བརྟག་ཞིབ་བྱས་ཏེ་དཀའ་གནད་སེལ།

མཚོ་ཤར་གྲོང་ཁྱེར་གྱིས་གནད་དོན་ཐག་གཅོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་རང་ལས་ཁུངས་ཀྱི་ཁོངས་གཏོགས་དང་ཁྱབ་ཁོངས་དེ་གའི་བྱ་བའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད། མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ངལ། སེམས་ཁྲལ་དང་རེ་སྒུག་གནད་དོན་ལ་དམ་པོར་དམིགས་ནས། བསམ་འཆར་རྒྱ་ཁྱབ་ངང་ཉན་པ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བརྟག་ཞིབ་བྱ་གཞི་ཞིབ་འཇུག་བྱས་ནས་གཏན་འཁེལ་བྱས། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་བརྟག་ཞིབ་ཐེངས151བྱས་ནས་བརྟག་ཞིབ་སྙན་ཞུ62འགྲུབ་པ་དང་། འགོ་ཁྲིད་ལས་བྱེད་པས་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བ་དང་གཞི་རིམ་དུ་བཅར་འདྲིར་འགྲོ་བ། གྱོད་གཞི་སྒྲུབ་པར་འགན་ལེན་པའི་བྱེད་སྒོ་སྤེལ་བ་མ་ཟད། སྒོ་ཕྱེ་ནས་གསལ་འདེབས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པ་རྒན་པ་དང་ཏང་ཡོན་རྒན་པ།“འཐུས་མི་གཉིས་དང་ཨུ་ཡོན་གཅིག”ཞབས་ཞུ་བྱ་ཡུལ། གསར་འགྱུར་སྨྱན་བྱད་ཀྱི་ལས་དོན་མི་སྣ་བཅས་ཀྱི་ཁྲོད་ནས་ལྟ་སྐུལ་པ་གདམ་གསེས་གདན་ཞུ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ལྟ་སྐུལ་ནུས་ལྡན་བྱས་ཡོད།

རང་ཞིང་གི་ས་ཁུལ་སོ་སོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྟག་དཔྱད་ཞིབ་འཇུག་གི་ཕྱོགས12ཐད་ཀྱི་ནང་དོན་གཙོ་བོ་དང་བསྡུར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ལ་དམ་པོར་དམིགས་ཏེ་གནད་དོན་ཐག་གཅོད་དང་། མང་ཚོགས་ཀྱི་བསམ་འཆར་མང་བའི་འཕྲལ་མཁོ་དང་དཀའ་སྡུག སེམས་ཁྲལ་དང་རེ་སྒུག་གི་གནད་དོན་དང་། བྱ་བ་དངོས་ཀྱི་ཁྲོད་དུས་ཡུན་རིང་འབྲིང་གི་དཀའ་གནད་ཆེ་བའི་གནད་དོན། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོའི་ཁྲོད་ཀྱི་འབུར་ཐོན་གནད་དོན་བཅས་ལ་དམ་པོར་དམིགས་ཏེ། “འཚམས་འདྲི་དང་བརྟག་ཞིབ། གྲལ་བཤེར། མཁྲེགས་གཏོར”བཅས་ཀྱི་བྱེད་སྒོ་ནན་ཏན་དང་གཏིང་ཟབ་པའི་སྒོ་ནས་སྤེལ་བས། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ལས་ཡུལ་དང་པོར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས། དེ་དང་ཆབས་ཅིག གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ལས་གནས་ཐོག་གཞི་ཚུགས་ནས་ཐབས་འདོན་ཇུས་འགོད་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། “གཅིག་ལ་འབྲེལ་བ་དང་ཕྱོགས་གཉིས་ནས་རོགས་སྐྱོར་བྱེད་པ”དང“ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པའི་ཞབས་ཞུ”སོགས་ཀྱི་བྱེད་སྒོ་སྤེལ་ནས། མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་གནས་ཚུལ་དངོས་རྟོག་ཞིབ་དང་། དམངས་ཀྱི་འདོད་བློར་ཉན་པ། དམངས་ཀྱི་གནས་ཚུལ་འདྲི་རྩད་བཅས་བྱས་པ་རེད།

དག་ཐེར་གྱི་གནད་དོན་བཅོས་སྒྲིག་བྱས་ནས། དམངས་ཕན་དམངས་བདེའི་དོན་དངོས་ཡག་པོ་བསྒྲུབ་དགོས།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་གཞི་རིམ་ལ་ཁ་གཏད་ཡོད་པ་དང་། མི་དམངས་ནི་བླ་ན་མེད་པ་དང་མང་ཚོགས་བློ་ཡིད་ཚིམ་རྒྱུ་དེ་རྩ་བའི་ཚད་གཞིར་འཛིན་པ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དཀའ་གནད་ལ་དམ་པོར་དམིགས་པ་དང་། ཞིབ་བཤེར་བྱེད་ཞོར་དག་ཐེར་བྱེད་པ། གྲུབ་འབྲས་དངོས་དང་ཕན་འབྲས་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་རེ་སྒུག་ལ་ལན་འདེབས་དགོས།

མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་ཁག སེམས་ཁྲལ་དང་རེ་སྒུག་ལ་དམིགས་པ་དང་། ཏང་ཡོན་ལས་བྱེད་པར་སྣེ་ཁྲིད་དེ་མང་ཚོགས་ཀྱི་དགོས་མཁོར་ཨ་ལན་སློག་པ། གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་ནི་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་བྱ་སྤྱོད་དངོས་ལ་བསྒྱུར་བའི་མཚོན་ཚུལ་གལ་ཆེན་ཞིག་རེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་གྱི་འགོ་ཁྲིད་ལས་བྱེད་པས་དཔལ་ཐང་ཡུལ་ཚོ་དཔལ་ཐང་སྡེ་བར་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། ཕྱོགས་མང་མཐུན་སྦྱོར་དང་སེམས་ཞིབ་མོས་མང་ཚོགས་ཀྱི་ལས་དོན་བསྒྲུབས་པ་བརྒྱུད། མང་ཚོགས་ཀྱིས་ལོ10ལྷག་ཙམ་རིང་གི་རྩྭ་ཐང་གི་འགལ་ཟླ་དང་རྩོད་གཞི་རྩ་བ་ནས་ཐག་གཅོད་བྱས་པས། མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

དམངས་ཀྱི་རེ་བ་ནི་སྲིད་སྐྱོང་གི་ཁ་ཕྱོགས་ཡིན། བརྗོད་དོན་སློབ་གསོའི་ཁྲོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་དམངས་སྲིད་ཅུའུ་ཡིས“རྒན་གསོ”དེ་དོན་དངོས་སྒྲུབ་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་པའི་གཙོ་གནད་ལས་འགན་ཞིག་ཏུ་བརྩིས་ནས། རྒན་རྒོན་ཡོངས་ལ་གཞི་རྩའི་རྒན་གསོའི་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ། ཡུལ་ཚོ་དང་གྲོང་རྡལ་ལྔ་དང་སྡེ་ཁུལ་བཅུ་གཅིག་གི་ཁྱབ་ཁོངས་ནང་རྒན་རྒོན་ལ་རོགས་རམ་བྱེད་པའི་ཞབས་ཞུ་ཐེངས་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་རེ་བདུན་བྱས་ནས། ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། རྒན་རྒོན་ཉི་ཤུ་ལྷག་ཙམ་ལ་རོགས་རམ་བྱེད་པའི་ཚོགས་པ་ཞིག་བཙུགས་ནས། རྫོང་ཡོངས་ཀྱི་ལོ་60ལ་སླེབས་པའི་རྒན་རྒོན་དང་། ལོ80ལ་སླེབས་པའི་སྤྱི་ཚོགས་ཀྱི་རྒན་རྒོན་ལ་ཞབས་ཞུ་དང་། འཆར་ལྡན་བུ་སྐྱེས་ཀྱི་དཀའ་ཁག་ཧ་ཅང་ཆེ་བའི་ཁྱིམ་ཚང་གི་རྒན་རྒོན། གཙོ་གནད་ཀྱི་རོགས་སྐྱོར་བྱེད་པའི་མི་སྣ་བཅས་ལ་འཚོ་བའི་ལྟ་སྐྱོང་དང་། སྨན་པ་སྟོན་དུ་ཁྲིད་པ་སོགས་ཁྱིམ་དུ་སོང་ནས་ཞབས་ཞུ་སྒྲུབ་པ་དང་། ནུས་ཤུགས་ཡོད་དགུས་ཞིང་སྡེའི་རྒན་གསོའི་ཞབས་ཞུ་དང་། རང་ལ་བདག་སྐྱོང་གི་ནུས་པ་ཤོར་བའི་རྒན་གསོའི་ཞབས་ཞུའི་དཀའ་གནད་ལ་ཁ་གཏད་ནས། མུ་མཐུད་དུ་སྡོད་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་རྣམ་པ་གསར་པ་མངོན་འགྱུར་བྱུང་།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་རེ་ཞུ་དང་ཞིབ་བཤེར་ལ་ལན་འདེབས་པའི་གནད་དོན་ལ་དམིགས་པ་དང་། དམངས་ཚིས་དང་སློབ་གསོ། ལས་ཞུགས། ཡོང་འབབ་འཕར་སྣོན་སོགས་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་སྡུག སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ལ་དམ་པོར་དམིགས་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་པ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་བ། འགལ་ཟླ་དང་རྩོད་གཞི་སེལ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཆུང་དུས་ནས་ལྟ་ཞིབ་གནད་དོན་གྱི་གསལ་ཐོ་བཟོ་བ་དང་། ཏང་ཡོན་དཀྱུས་མ་ཚོས་ཇི་ལྟར་བྱས་ནས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་སྔར་ལས་ཡག་པོ་བྱ་རྒྱུ་སོགས་ལ་དམིགས་ནས། ལྟ་ཞིབ་གནད་དོན་གྱི་གསལ་ཐོ་བཟོས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ལག་ལེན་ལ་མཛུབ་ཁྲིད་དང་བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་པ་དང་། བརྗོད་དོན་སློབ་གསོའི་ཕན་འབྲས་གསར་པར་བརྟེན་ནས་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།