​ནན་སྐུལ་དངོས་ཁྲིད་རྒྱུན་འཁྱོངས་ཀྱིས་རིགས་དབྱེ་ལག་བསྟར་བྱེད་པར་མཐོང་ཆེན་བྱས་ཏེ་བརྗོད་དོན་སློབ་གསོ་ཏན་ཏིག་གཏིང་ཟབ་ངང་སྤེལ་བར་ཡར་སྐུལ་བྱེད་པར་འགན་ལེན་བྱེད་དགོས།
2023.11.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚན་ཆུང་གཉིས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ།  ཞིང་ཆེན་ཏང་ཨུའི“ལག་ལེན་གྱི་བྱེད་ཐབས་བཞི”དང“ལས་བྱེད་པས་བསྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་པོ་བྱེད་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས།  མཚོ་ཤར་གྲོང་ཁྱེར་ཏང་ཨུ་དང་མཉམ་དུ་བརྗོད་དོན་གཅིག་ལ་ཐུན་མོང་གིས་སློབ་སྦྱོང་བྱེད་པ་དང་ཕྱོགས་གཅིག་ལ་མཉམ་དུ་ཤུགས་བརྒྱབ་ནས། ནན་སྐུལ་དངོས་ཁྲིད་དང་ལྟ་སྐུལ་མཛུབ་སྟོན་བཅས་རྒྱུན་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་ཏན་ཏིག་དང་གཏིང་ཟབ་ངང་སྤེལ་བར་འགན་ལེན་བྱས།

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚན་ཆུང་གཉིས་པས་“ལག་ལེན་མཐར་ཕྱིན་བྱེད་པའི་”འབྲེལ་གཏུག་དངོས་སྡོད་ལམ་ལུགས་བཙུགས་པ་དང་། ལྟ་སྐུལ་ཚན་ཆུང་གི་ཁོངས་མི་གཅིག་གིས་རྫོང་དང་ཆུའུ་གཅིག་ལ་འབྲེལ་གཏུག་བྱེད་པ་དང་།  ཡུལ་ཚོ་དང་གྲོང་རྡལ་ལྔ་རུ་དངོས་སྡོད་བྱེད་པ། ཁྱབ་ཁོངས་བདུན་དང་གཞི་རིམ་ཏང་རྩ་འཛུགས་བཅུ་ལ་མཛུབ་སྟོན་བྱེད་པ།  ཟླ་རེར་འབྲེལ་གཏུག་མཛུབ་སྟོན་ཐེངས་གསུམ་གྱི་ཡན་བྱེད་པ།   སྡེ་བའི་ཏང་ཡོན་དང་འཁོར་རྒྱུག་ཏང་ཡོན་སོགས་ཀྱི་ཏང་ཡོན་གྱི་སློབ་གསོ་དམ་འཛིན་ལེགས་པོ་བྱེད་པར་བྱེད་ཐབས་ལེགས་པོ་དང་རིག་ལམ་ཡག་པོ་འཚོལ་ཞིབ་བྱེད་པ།   མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་པར་མ་ཟད། ལྟ་སྐུལ་མཛུབ་སྟོན་གྱི་བྱ་བ་དེ་གཞི་རིམ་གྱི་ཀྲི་པུའུ་ལ་མཆེད་པར་འགན་ལེན་དང་ལས་གནས་དང་པོར་ཡོད་པའི་ཏང་ཡོན་ལ་ཁྱབ་པར་བྱས།    མིག་སྔར་དངོས་སྡོད་ཐེངས་ལྔ་ལ་བྱས་ཟིན་པ་དང་།  འབྲེལ་ཡོད་ལས་ཁུངས་ལ་བྱ་བའི་གྲོ་མགོ་གོ་བདུན་བཏོན་ཡོད།

དེ་དང་ཆབས་ཅིག་ཞིང་ཆེན་དང་གྲོང་ཁྱེར་ཏང་ཨུའི་བརྗོད་དོན་སློབ་གསོའི་གཞུང་ལས་ཁང་དང་མཉམ་འབྲེལ་གྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཙུགས་ཏེ།   སྐབས་བསྟུན་ཟུར་བཤེར་དང་ཚོགས་འདུར་ཟུར་ཞུགས། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཟླ་རེར་མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་ཐེངས་རེར་བྱེད་ཀྱི་ཡོད། སྔ་རྗེས་སུ་མི་ཐེངས་བརྒྱ་དང་དོན་བཞི་ཞུགས་པའི་གླེང་མོལ་བྱེད་རེས་བྱས་པ་དང་།  རྫོང་དང་ཆུའུ།   ལས་ཁུངས་སོ་སོའི་“འགན་ཁུར་བ་དང་པོས ”དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་བཏང་ཞིང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་བཅུ་བཞི་པ་དང་ཞིང་ཆེན་རིམ་པའི་མགོ་ཁྲིད་བྱ་བའི་འབྲེལ་གཏུག་བྱེད་གནས་སུ་ཟབ་ཞུགས་དང་། རྒྱུན་ལྡན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྐབས་བསྟུན་ཞིབ་བཤེར་དང་ཁྲིད་སྟོན་བཅས་བྱས་ཏེ་འབྲེལ་གཏུག་བྱེད་གནས་དཔེ་སྟོན་བྱེད་གནས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། མིག་སྔར་མཉམ་འབྲེལ་ལྟ་སྐུལ་མཛུབ་སྟོན་ཐེངས་བརྒྱད་ལ་སྤེལ་ཞིང་། འབྲེལ་གཏུག་བྱེད་གནས་བཅོ་ལྔ་ལ་སོང་ནས་བྱེ་བྲག་གི་མཛུབ་སྟོན་བྱས་ཏེ། འཁོར་རྒྱུག་ཏང་ཡོན་སོགས་གཙོ་གནད་ཚོགས་པའི་ཏང་ཡོན་གྱི་བརྗོད་དོན་སློབ་གསོ་དམ་འཛིན་ལེགས་པོ་བྱེད་པར་བྱ་བའི་གྲོས་མགོ་ཞེ་ལྔ་བཏོན།

གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོ་དམ་འཛིན་ཡག་པོ་བྱེད་ཆེད།  རྫོང་དང་ཆུའུ་སོ་སོ་དང་།  ཡུལ་ཚོ་དང་གྲོང་བརྡལ། སྡེ་བ།   དེ་མིན་རྒྱལ་གཉེར་སྨན་ཁང་དང“གསར་པ་གཉིས”ཀྱི་རྩ་འཛུགས་སོགས་ལས་རིགས་སྡེ་ཁག་ཏུ་སོང་སྟེ་བཞུགས་མོལ་བརྗེ་རེས་དང་ཡུལ་དངོས་སུ་བཅར་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བསམ་འཆར་དང་གྲོས་མགོ་བརྒྱ་དང་གཉིས་བསྡུ་ལེན་བྱས། མཚོ་ཤར་གྲོང་ཁྱེར་དུ་ཏང་ཡོན་གྱི་གཞི་གྲངས་མང་བ་དང་འཁོར་རྒྱུག་རང་བཞིན་ཆེ་བ།   ཁྱད་པར་རང་བཞིན་མང་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་དང་གནད་སྨིན་སྒྲིག་འཛུགས་ལ་མཛུབ་སྟོན་བྱས་ནས“མི་གཅིག་ལ་རེའུ་མིག་རེ”དང་།“སྡེ་བ་རེར་རྩིས་ཐོ་རེ”“ཡུལ་ཚོ་རེར་ཆ་འཕྲིན་མཛོད་རེ”བཅས་ཀྱི་དོ་དམ་ལམ་སྲོལ་ཆགས་པར་སྐུལ་འདེད་བཏང་སྟེ།  འཁོར་རྒྱུག་ཏང་ཡོན་གྱི་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་ཆད་ལུས་མེད་པར་བྱེད་དགོས། རིམ་པ་སོ་སོའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གཡུལ་ས་དང་། ཏང་ཡོན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི། དྲ་ཐོག་སློབ་སྦྱོང་སྟེགས་བུ་སོགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། ཁྱབ་ཁོངས་སོ་སོའི་ཏང་ཡོན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་དངོས་གཉེར་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

གཞན་ཡང་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་སློབ་སྟོན་ཚན་ཆུང་གཉིས་པས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་རྒྱུ་དེ་ལྟ་སྐུལ་སློབ་སྟོན་བྱ་བའི་ཆུ་ཚད་མཐོ་རུ་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས།  ལྟ་སྐུལ་སློབ་སྟོན་ལས་འགན་གྱི་གསལ་ཐོ་བཟོས་ཏེ་འགན་འཁྲིའི་ལས་འགན་དེ་ཕྱོགས་ལྔ་ཡི་ཞིབ་ཕྲའི་བྱེད་ཐབས་སོ་གཉིས་སུ་ཞིབ་ཚགས་སུ་བཏང་བ་དང་། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་ཁོངས་མིའི་འགན་འཁྲིའི་ལས་བགོས་ཁ་གསལ་བཟོས་པ། ཟླ་རེར་གཟའ་འཁོར་རེར་ལྟ་སྐུལ་སློབ་སྟོན་བྱ་བའི་འཆར་གཞི་བཟོས་ནས་ལྟ་སྐུལ་ལ་གཙོ་གནད་དང་སློབ་སྟོན་ལ་ཁ་ཕྱོགས་ཡོད་པར་བྱས། དུས་བཀག་གི་ངོ་འཕྲད་ཚོགས་འདུ་དང་ཐུན་མོང་སློབ་སྦྱོང་། ཆེད་དོན་ཞིབ་འཇུག  བརྗེ་རེས་དང་མཉམ་སྤྱོད། བརྟག་ཞིབ་ཆུང་གྲས་སོགས་ཀྱི་བྱ་བའི་ལམ་སྲོལ་བཙུགས་ཏེ་ལྟ་སྐུལ་གྱི་གཙོ་གནད་དང་ཁྲིད་སྟོན་གྱི་རྩ་གནད་ཁོང་དུ་ཆུད་པར་བྱས་ནས་བརྗོད་དོན་སློབ་གསོའི་དམིགས་འབེན་ལས་འགན་དང་གཙོ་གནད་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

                                                               ཡིག་སྒྱུར་བ། གཡང་འབུམ་རྒྱལ།