བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཟི་ལིང་གྲོང་ཁྱེར་སློབ་གསོའི་ཁོངས་གཏོགས་ཀྱིས་བརྗོད་དོན་སློབ་གསོ་དེ་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང་། “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པར་སྦྱོང་བརྡར་མཐའ་གཅིག་ཏུ་བྱེད་པ། བྱ་བ་སོ་སོ་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བའི་དཔེ་སྟོན་གྱི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས་སེམས་ཞིབ་མོས་རྩ་འཛུགས་དང་འཆར་འགོད་ཞིབ་མོ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་དང་ཁྱད་ཆོས་མངོན་གསལ་དོད་པོས་ཚད་མཐོའི་ཆབ་སྲིད་བསམ་བློའི་བྱ་སྤྱོད་ཀྱིས་རང་རྟོགས་སྒོས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་དྲང་བདེན་ཡོང་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བའི་སྟེང་བརྩོན་པ་ངོ་མ་བསྐྱེད་པ་དང་ཕན་འབྲས་འཚོལ་ཞིབ་བྱས་ནས་འབད་བརྩོན་ཆེན་པོས་བརྗོད་དོན་སློབ་གསོའི་ཁྲོད་དུ་བྱུང་བའི་སློབ་སྦྱོང་དང་བྱ་བའི་སྤྲོ་སྣང་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་བ་དང་། ཟི་ལིང་གྲོང་ཁྱེར་གྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་དངོས་ཡོད་ཀྱི་གྲུབ་འབྲས་ཕྱོགས་སུ་བསྒྱུར་བར་བྱེད་དགོས།
སློབ་སྦྱོང་ཟབ་མོ་དང་གོ་བ་གསལ་བོ་ལེན་པའི་སྟེང་ཤུགས་བརྒྱབ་ནས་སློབ་གསོའི་འགན་འཁུར་དང་འགན་འཁྲི་མངོན་པར་བྱེད་དགོས།
གཞུང་ལུགས་ཐད་ནས་རིག་པ་གསལ་བོ་ཡིན་ན། ཆབ་སྲིད་སྟེང་གཞི་ནས་བརྟན་པོ་ཡོང་ཐུབ་པ་དང་། འགུལ་སྐྱོད་ཀྱི་སྟེང་གཞི་ནས་རང་རྟོགས་ཡོང་ཐུབ། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བརྒྱད་པའི་ཏང་ཀྲི་པུའུ་ཡིས“དོན་དངོས”སྟེང་ཤུགས་བརྒྱབ་ནས་གཅིག་བསྡུས་སྒོས་སློབ་སྦྱོང་དང་མི་སྒེར་གྱིས་རང་སྦྱོང་བྱེད་པའི་སྟེང་ཤུགས་བརྒྱབ་ནས་དོན་ངོ་མས་སློབ་སྦྱོང་དང་དོན་ངོ་མས་ཡིད་ཆེས་པ། དོན་ངོ་མས་བཀོལ་སྤྱོད་བཅས་བྱས་ནས་ཏང་ཡོན་གྱིས་སློབ་སྦྱོང་ཟབ་མོ་དང་གོ་བ་ཞིབ་མོ། ལག་བསྟར་བྱེད་པའི་ཁྲོད་ཕྱོགས་ཡོངས་ནས་རིགས་པའི་གཞུང་ལུགས་ཀྱི་སྤུས་ཚད་ཇེ་མཐོ་དང་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། གོ་རྟོགས་ཀྱི་ཡུལ་ཁམས་ཇེ་མཐོར་གཏོང་བ། ནུས་པ་དང་རྩལ་ནུས་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་དགོས། སློབ་དཔྱོད་ཞིབ་འཇུག་ཚན་ཆུང་སྡེ་ཚན་དུ་བྱས་ཏེ། གཅིག་བསྡུས་སྒོས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཐུན་ཇུས་འགོད་སོགས་ཀྱི་སློབ་ཁྲིད་བྱ་འགུལ་དང་ཟུང་འབྲེལ་བྱས་ནས་ཚན་རིག་ལྟར་ཏང་ཀྲི་པུའུ་ཡི་སློབ་སྦྱོང་འཆར་གཞི་བཟོ་བ་དང་། ཐུན་མོང་གིས་སློབ་སྦྱོང་དང་མི་སྒེར་གྱིས་རང་སྦྱོང་བྱེད་པ། ཟླ་རེར་གྲོས་སྡུར་བརྗེ་རེས་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། གཞུང་ལུགས་སློབ་སྦྱོང་དེ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས།
ཟི་ལིང་གྲོང་ཁྱེར་ཧུའུ་ཐའེ་སློབ་འབྲིང་གི་ཏང་ཨུ་ཡིས་བརྗོད་དོན་སློབ་གསོའི་ལག་ལེན་གྱི་འདེགས་སྐྱོརབཀོལ་སྤྱོད་ལེགས་པོ་དང་གསོན་ཤུགས་ལྡན་པར་བྱས་ནས་བརྗོད་དོན་ཏང་གི་ཉིན་མོའི་བྱེད་སྒོ་དེ་ཏང་ཡོན་གྱི་གཞུང་ལུགས་སློབ་སྦྱོང་དམ་འཛིན་དང་ཏང་ཡོན་གྱི་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས “རྙོག་འཛིང་ཆེ་ཞིང་ཐག་གཅོད་དཀའ་བའི”གནད་དོན་སེལ་རྒྱུ་དེ་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཏུ་བྱས་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་དེ་འགན་འཁྲི་འཁུར་བ་དང་དངོས་འཛིན་དངོས་སྒྲུབ་ཀྱི་ཚད་མཐོའི་རང་རྟོགས་རུ་བསྒྱུར་བ་དང་། མདུན་གྲལ་དུ་མིག་དཔེ་སྟོན་པའི་བྱ་སྤྱོད་དངོས་ལ་བསྒྱུར་དགོས། སློབ་གྲྭའི་སློབ་སྒྲུབ་སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་གསར་སྐྲུན་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྲུན། དགེ་རྒན་གྱི་སློབ་གསོ་དང་སློབ་ཁྲིད་བྱ་སྤྱོད་ཚད་ལྡན། ན་གཞོན་དགེ་རྒན་གསོ་སྐྱོང་སོགས་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི“དཀའ་གནད་དང་འགག་གནད”གནད་དོན་ལ་དམིགས་ནས“ཏང་འཛུགས་ལས་སྒོ་མཉམ་འདྲེས”ཀྱི་གྲོས་བསྡུར་བྱེད་སྒོ་སྤེལ་བ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་འཆར་རྒྱ་ཆེར་བསྡུ་ལེན། བཅོས་སྒྲིག་བྱེད་ཐབས་དམ་འཛིན་བཅས་བྱས་ནས་ན་གཞོན་དགེ་རྒན་ལ་གསོ་སྦྱོང་དང་། ཕུལ་བྱུང་དགེ་རྒན་སྐྱེད་སྲིང་། ཕུལ་བྱུང་དགེ་རྒན་གྱི་སྣེ་ཁྲིད་མཁན་གྱི་བཟོ་སྐྲུན་ཆེན་པོ་གསུམ་འཐུས་ཚང་དུ་བཏང་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སློབ་གྲྭའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བའི་སྟེང་མངོན་པར་བྱེད་རྒྱུ་རེད།
སྦྱངས་པ་གོ་ཆོད་ཀྱི་སྟེང་ཤུགས་བརྒྱབ་ནས་བྱ་གཞག་འཕེལ་རྒྱས་ལ་དངོས་གནས་སྐུལ་འདེད་གཏོང་དགོས།
“དཔེ་མཚོན་ཅན་ནི་མ་གཞི་ནས་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཡིན”པ་དང་། དཔེ་མཚོན་ཅན་གྱི་སློབ་གསོ་འཛིན་པ་ནི་ང་ཚོའི་ཏང་གི་ཆབ་སྲིད་བསམ་བློའི་སློབ་གསོ་འཛིན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་མི་སེམས་གཅིག་བསྡུས་བྱེད་པའི་ཐབས་མཆོག་གལ་ཆེན་ཞིག་ཀྱང་རེད། ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གཉིས་པའི་ཏང་ཨུའི་ཡིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་བརྟན་པོར་ཁོང་དུ་ཆུད་པར་བྱས་ནས“མཉམ་འདྲེས་དྲུག་དང་ལག་ལེན་དྲུག”ནས་དམ་འཛིན་བྱས་ཏེ། ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་ཁྱབ་གདལ་དང་གསར་འཛུགས་བྱས་ནས་སློབ་པ་དང་། བསམ་གཞིགས། ལག་ལེན། གོ་རྟོགས་དང་། གཞན་གྱི་ལེགས་ཆ་དང་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་རང་ཉིད་མཐོར་འདེགས་གཏོང་བ། སྔོན་ཐོན་ལ་བརྩི་མཐོང་དང་། སྤྱོད་ཡོན་གཉིས་ལྡན་ལ་མཐོང་ཆེན། སྔོན་ཐོན་བརྩོན་ལེན་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། སློབ་གྲྭའི་ཏང་ཨུ་ཡིས་ཏང་ཡོན་ལས་བྱེད་པ་དང་དགེ་རྒན་རྩ་འཛུགས་བྱས་ཏེ《དཔེ་བཟང་གི་སྟོབས་ཤུགས(ཁག་གཉིས་པ)》དང་བློ་མཐུན་ཀྲུའུ་ཀྲི་གོ་ཡི་སྔོན་ཐོན་བྱས་རྗེས་ཀྱི་ཆེད་སྒྲིག་ལེ་ཚན《སོ་ལྟ》ཞེས་པར་བལྟོས་ནས་རྒྱ་ཆེའི་ཏང་ཡོན་གྱིས་ཉེ་འགྲམ་གྱི་དཔེ་བཟང་ལ་སློབ་སྦྱོང་བྱས་ནས“བསམ་གཞིགས”ཁྲོད་བར་ཁྱད་འཚོལ་བ་དང་།“སློབ་སྦྱོང་”ཁྲོད་ནུས་པ་མཐོར་འདེགས་གཏོང་བ།“ལས་སྒྲུབ”ཁྲོད་བྱ་སྤྱོད་མངོན་པར་སྐུལ་མ་གཏོང་དགོས། དེ་དང་ཆབས་ཅིག་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་དང་། སྤྱོད་ཚུལ་མངོན་ཚུལ། བྱ་བའི་གྲུབ་འབྲས། མང་ཚོགས་ཀྱི་བསྔགས་བརྗོད་སོགས་དམིགས་ཚད་ཞིབ་ཕྲ་བཟོས་ནས“ན་གཞོན་སྐྱེད་སྲིང་གི་བཟོ་འགོད”དང་།“མིང་གྲགས་འཛིན་གྲྭའི་ཀྲུའུ་རིན་སྐྱེད་སྲིང་གསོ་སྐྱོང་བཟོ་འགོད”“ཏང་ཡོན་གྲགས་ཅན”སོགས་ཀྱི་བཟོ་འགོད་ལག་བསྟར་དང་། “དགེ་རྒན་གྱི་འོད་སྣང་”ཞེས་པའི་ཆེད་སྒྲིག་ལེ་ཚན་བཟོས་ནས་སློབ་གྲྭའི་སྐད་འཕྲིན་སྤྱི་སྟེགས་དང་སློབ་གྲྭའི་འགྲེམས་ཁང་དུ་དུས་གཏན་འཁེལ་ནང་སློབ་གྲྭའི་ཕུལ་བྱུང་ཏང་ཡོན་གྱི་བྱས་རྗེས་བྲིས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཉེ་འགྲམ་གྱི་དཔེ་བཟང་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་བསམ་པའི་སྟོབས་ཤུགས་དེ་སློབ་གྲྭའི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ལ་བསྒྱུར་དགོས་པ་རེད།
ཟི་ལིང་གྲོང་ཁྱེར་གྱི་བྱིས་སྐྱོང་ཁང་དང་པོའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོ་དང་། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་བ། སློབ་པ་དང་བསམ་གཞིགས། ལག་ལེན། གོ་རྟོགས་དང་། བློ་གྲོས་ལ་བརྟེན་ནས་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བ། བརྗོད་དོན་སློབ་གསོ་དང་ལྟེ་གནས་བྱ་བར་ཟུང་འབྲེལ་དམ་པོ་བྱས་ཏེ། རང་སྟེང་གི་གནད་དོན་བཙལ་བ་དང་། མང་ཚོགས་ཀྱིས་རང་འགུལ་གྱིས་གནད་དོན་འདོན་པ། མཉམ་དུ་གྲོས་སྡུར་བྱེད་པ། གོང་རིམ་གྱིས་གནད་འདོན་པ། ཡོངས་ཀྱིས་ཉན་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། གཅིག་བསྡུས་སྒོས་བྱིས་སྐྱོང་ཁང་གི་འཕྲལ་མར་ཐག་གཅོད་བྱེད་དགོས་པའི་དངོས་ཡོད་གནད་དོན་དང་དཀའ་ངལ་འཚོལ་བསྡུ་བྱས་ནས“གཞིས་ཁྱིམ་མཉམ་སྐྲུན་གྱི་ཕན་འབྲས་ད་དུང་མངོན་གསལ་མིན་པ”དང་། “གཞིས་ཁྱིམ་མཉམ་སྐྲུན་གྱི་ཡུན་རིང་རྐྱེན་སྲོལ་འཐུས་ཚང་མ་ཡིན”པ་སོགས་ཀྱི་གནད་དོན་བཞི་ཞིབ་བཤེར་འཚོལ་ཞིབ་བྱས་ནས་བྱེ་བྲག་གི་ལེགས་བཅོས་བྱེད་ཐབས་བརྒྱད་བཟོས། “གནད་དོན་གྱི་གསལ་ཐོ”དེ་དད་སེམས་བརྟན་པོ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་གཏོང་བའི “གྲུབ་འབྲས་གསལ་ཐོ”བསྒྱུར་རྒྱུ་རྒྱུན་འཁྱོངས་བྱས་ནས་དགེ་སློབ་དང་ཁྱིམ་བདག་ཚོར་དོན་དངོས་ཀྱི་བརྗོད་དོན་སློབ་གསོའི་འགྱུར་ལྡོག་གསར་པ་ཚོར་དུ་བཅུག་པ་དེས་སློབ་སྦྱོང་གི་གྲུབ་འབྲས་དེ་སློབ་སྔོན་སློབ་གསོ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱེད་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།