མཚོ་ལྷོ་ཁུལ་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་།
2023.11.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 22

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ།   ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཞི་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ནས།  ཏང་ཀྲུང་དབྱང་གི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཐད་ཀྱི་བཀོད་སྒྲིག་བླང་བྱ་དང་ཞིང་ཆེན་ཏང་ཨུའི་ལས་དོན་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱས་ཏེ།  ལྟ་སྐུལ་མཛུབ་སྟོན་ནན་མོ་དང་ཁྲིད་སྟོན་ལ་བརྟེན་ནས་ལྟ་སྐུལ་མཛུབ་སྟོན་བྱས་ནས།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཉམ་དུ་བརྗོད་དོན་སློབ་གསོར་ཤུགས་སྣོན་བྱས་ཏེ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཞི་པས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་ཡག་པོ་བྱས་པ་དང་།  སྒེར་གྱི་རང་སྦྱོང་དང་ཚན་ཆུང་ཕན་ཚུན་སློབ་སྦྱོང་། ཚན་ཆུང་ནང་ཁུལ་གྱི་གཅིག་སྡུད་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱད་ནས་སྲིད་ཇུས་ཀྱི་ཡིག་ཆ་ཁོང་དུ་ཆུད་པ་དང་། ཁུལ་དང་རྫོང་གི་གནས་ཚུལ་ཁོང་དུ་ཆུད་པ། ཏང་འཛུགས་སྐྱོང་གི་གཞི་གྲངས་ཁོང་དུ་ཆུད་པ་བཅས་བྱས་ཏེ།  སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ལས་དོན་ཡག་པོ་བསྒྲུབ་པར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད། སློབ་སྦྱོང་གི་སྤུས་ཚད་འགན་ལེན་བྱ་ཆེད།  སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་བཞི་པས“ཐོག་མཐའ་བར་གསུམ་དུ་ཁྱབ་པ”དང“མི་སྣ་ཡོངས་ལ་ཁྱབ་པའི”གནད་འགག་གཉིས་ཁོང་དུ་ཆུད་པར་མཐོང་ཆེན་བྱས་ཏེ།   ཁུལ་དང་རྫོང་རིམ་པ་གཉིས་ཀྱི་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་ཏང་གི་སློབ་ཚན་སོགས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བྱ་འགུལ་ཐེངས་30ལྷག་ཙམ་ལ་ཞུགས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུ་ཡིས་མཚོ་ལྷོ་ཁུལ་གྱི་བྱ་བའི་བླང་བྱར་རྩེ་གཅིག་ཏུ་དམིགས་ནས། མཚོ་ལྷོའི“12345”ཡི་འབད་འཐབ་དམིགས་འབེན་དང་བཀོད་སྒྲིག་སོགས་ཁོང་དུ་ཆུད་པར་བྱས་ཏེ།  མཚོ་ལྷོའི་ཡུན་རིང་འཕེལ་རྒྱས་དང་རིགས་སོ་སོའི་མང་ཚོགས་ཀྱི་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་དོན་ཆེན་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་སློབ་སྟོན་བྱས་ཡོད། ཕྱི་ཚུལ་རིང་ལུགས་ཀྱི་ཕྱོགས་ལྷུང་ལ་ཚད་མཐོན་པོས་དོགས་ཟོན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས།  རྫོང་5དང་ཁུལ་ཐད་གཏོགས་སྡེ་ཚན་དུ་བསྐྱོད་དེ་ཡུལ་དངོས་སུ་ཐེངས་གཉིས་ལ་བསྐྱོད་དེ་སྣེ་ཁྲིད་དང་ལྟ་སྐུལ་བྱེད་ཐུབ་པར་བྱས་ཡོད། རིམ་པ་རེ་རེ་བཞིན་ཞིབ་བཤེར་བྱས་ནས་བཏོན་པའི་གནད་དོན་གྱི་རྩིས་ཁྲའི་དོན་ཚན་235དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་རྩིས་ཁྲ་དང་དཔྱད་ཡིག་སྟོང་ཕྲག་ཁ་ཤས་སྣུར་བསྲིང་བྱས་པ་དང་། མི་ཐེངས་600ལྷག་ཙམ་ལ་སེམས་གཏམ་གླེང་མོལ་ཐེངས་གཉིས་ལ་བྱས་པ་དང་ཡུལ་དངོས་སུ་ལྟ་སྐུལ་མཛུབ་སྟོན་200ལྷག་ཙམ་བྱས་ལ། སྐུལ་སློང་བཀོད་སྒྲིག་དང་དཔེ་ཀློག་གྲོས་བསྡུར། ཆེད་དོན་སློབ་ཁྲིད་སོགས་ཐེངས་30ལྷག་ཙམ་བྱས།

ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་བཅོས་སྒྲིག་གནད་དོན་གྱི་རྩིས་ཐོ་གོང་ཞུ་བྱས་རྗེས་སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་ཁུལ་ཏང་ཨུའི་བརྗོད་དོན་སློབ་གསོའི་གཞུང་དོན་ཁང་གིས་གཅིག་གཏད་གཅིག་དང་ངོ་ཐུག་གདོང་འཕྲད་ཀྱིས་དུས་རིམ་སྔོན་མའི་ལས་དོན་ཁྲོད་ཀྱི་མི་འདང་ས་དང་ལེགས་བཅོས་བྱེད་དགོས་པའི་བསམ་འཆར་ཚུར་ལེན་བྱས་ནས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱར་ཞིབ་བསྡུར་བྱས་ཏེ།  བསྐྱར་དུ་ཞིབ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གནད་དོན་གྱི་གསལ་ཐོ་དེ“བསྐྱར་དུ་ཕྱིར་སློག”བྱས་ནས“གནད་དོན་གྱི་གསལ་ཐོ”དེབ”དེ“ཕན་འབྲས་ཀྱི་གསལ་ཐོར”བསྒྱུར་རྒྱུའི་བླང་བྱ་བཏོན་པ་རེད། དེ་དང་ཆབས་ཅིག་དེ་བས་ཞིབ་ཕྲ་དང་དངོས་གཉེར་དང་ལག་བསྟར་ཐུབ་པའི་དག་ཐེར་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་དག་ཐེར་གྱི་དམིགས་ཚད་དང་དག་ཐེར་གྱི་དུས་ཚད།  སྣེ་ཁྲིད་ཀྱི་མགོ་ཁྲིད། འགན་འཁྲིའི་ལས་ཁུངས་བཅས་རེ་རེ་བཞིན་ཁ་གསལ་བཟོས་ནས“ཨར་ལས་ས་བཀྲ”ཡག་པོ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད། མཚོ་ལྷོ་ཁུལ་གྱིས་རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུར་མཛུབ་སྟོན་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོར་སྐུལ་འདེད་གཏོང་བ་དང་། ལས་ཁུངས་དང་སློབ་གྲྭ། གསར་བ་གཉིས་སོགས་ཁྱབ་ཁོངས་བདུན་གྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཁྱད་ཆོས་ལ་དམིགས་ནས། ལས་ཀའི་གཞི་རྟེན་དང་ལས་འགན་གསལ་ཐོ།  ལས་ཀའི་བླང་བྱ་བཅས་མི་འདྲ་བ་བཟོས།

གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུར་མཐོང་ཆེན་བྱས་ནས“ཉིན་གཅིག་རེར་བཀོད་སྒྲིག་གཅིག”དང་།“གཟའ་འཁོར་གཅིག་ལ་རྩིས་བཤེར་གཅིག”“ཟླ་བ་གཅིག་ལ་བཀོད་གཏོང་གཅིག”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ།  སྐོར་སྐྱོད་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བཞུགས་མོལ་ཚོགས་འདུ་དང་། མི་རེ་རེ་བྱས་ནས་སྐད་ཆ་བཤད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། མཚོ་ལྷོ་ཁུལ་དང་གནད་དོན་གལ་ཆེན་དུས་ཐོག་ཏུ་བརྗེ་རེས་དང་། དཔེ་མཚོན་ཉམས་མྱོང་བརྗེ་རེས། གནད་དོན་ལ་བསམ་འཆར་ལྡོག་འདྲེན། གནད་དོན་གཙོ་བོ་དྲན་སྐུལ་བཅས་བྱས་ནས་ལས་ཀའི་གྲོས་མགོ་དང་ཡང་ན་ལས་ཀའི་དྲན་སྐུལ་ཁག་7བཏང་བ་དང་།  གནོན་ཤུགས་རྒྱུན་མཐུད་བརྒྱུད་སྤྲོད་དང་བརྡ་རྟགས་ནན་མོ་བཏང་ནས་བརྗོད་དོན་སློབ་གསོའི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱས།

                                                           ཡིག་སྒྱུར་བ།  གཡང་འབུམ་རྒྱལ།