ཟི་ལིང་གྲོང་ཁྱེར་གྱིས་བརྗོད་དོན་སློབ་གསོ་ཞིང་སྡེ་རུ་སྤེལ་བར་སྐུལ་འདེད་བཏང་།
2023.11.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 6

“སློབ་ཁྲིད་མིའི་འདོད་པ་ལྟར་བྱེད་པའི”སློབ་སྦྱོང་གིས་ཏང་ཡོན་སློབ་གསོ་ལ་བར་ཐག་མེད་པར་བྱས་པ་དང་། “དགོས་མཁོ་ལྟར་སློབ་ཁྲིད་བྱེད་པའི”སློབ་སྦྱོང་གིས་ཏང་གི་གཞུང་ལུགས་དང་མང་ཚོགས་བར་འབྲེལ་འདྲེས་བྱེད་པ། “བསླབ་གཞི་ལ་བརྟེན་ནས་སློབ་མ་སྐྱོང་བའི་རྣམ་པའི”སློབ་སྦྱོང་གྱིས་ཞིང་སྡེའི་ཏང་ཡོན་རྗེས་སུ་མི་ལུས་པར་བྱེད་པ་དང་། “ལས་རིགས་ཀྱི་དོགས་སེལ་རྣམ་པའི”སློབ་སྦྱོང་གྱིས་དམངས་ཕན་སྲིད་ཇུས་སྔར་ལས་སེམས་སུ་འཇགས་པར་བྱས།

སྐོར་ཁག་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་སྡེའི་གཞི་རིམ་ཏང་ཡོན་གྱི་ཁྱབ་ཁོངས་རྒྱ་ཆེ་བ་དང་། རིགས་མང་བ། གྲངས་འབོར་མང་བ། ལོ་ཚོད་ཀྱི་བར་ཐག་ཆེ་བ། རིག་གནས་ཆུ་ཚད་མི་འདྲ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ། ཟི་ལིང་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་པ་དང་རིགས་དགར་ནས་མཛུབ་སྟོན་བྱས་ཏེ། གཙོ་བོར་ཁ་གཏད་ས་དང་། གཙོ་གནད་བྱེད་ཐབས། གཙོ་གནད་བླང་བྱ་འབུར་དུ་ཐོན་པར་བྱས་ནས་ཕྱོགས་ཡོངས་ནས་རྒྱུད་ཁོངས་རིག་པ་དང་སྐབས་བསྟུན་ཐབས་ཤེས་རིག་པ། གསར་སྐྲུན་ཐེག་བྱེད་རིག་པར་མཐོང་ཆེན་བྱས་ནས་ཞིང་སྡེའི་ཏང་ཡོན་གྱི་གཞུང་ལུགས་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་དང་། ཚང་མ་ནང་དུ་ཞུགས་པ་མངོན་འགྱུར་ཡོང་བ་བྱས་ནས་བརྗོད་དོན་སློབ་གསོར་ཕན་འབྲས་ངོ་མ་ཐོབ་པར་སྐུལ་འདེད་བཏང་ཡོད།

ཡུལ་བབ་གྱི་གནས་ཚུལ་དང་བསྟུན་པ་འབུར་དུ་ཐོན་པར་བྱེད་དགོས།

རྟ་ཐང་རྫོང་དང་། སྟོང་སྐོར་རྫོང་། ཧོང་ཀྲུང་ཆུས་བཅས་ཀྱིས་གྲོང་ཁྱེར་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དོན་འཁྱོལ་ཟབ་མོ་བྱེད་པར་མ་ལག་གིས་བཀོད་སྒྲིག་བྱས་པ་དང་། སློབ་གསོས་རྒྱ་ཆེའི་ཞིང་སྡེའི་ཏང་ཡོན་ལ་སྣེ་ཁྲིད་དེ་བྱ་བའི་དངོས་ཡོད་དང་འགན་འཁྲིའི་འགན་འཁུར་དང་ཟུང་འབྲེལ་བྱས་ནས་མ་རྩོམ་ཀློག་པ་དང་། མ་ཡིག་སློབ་པ། རྩ་བའི་རིགས་པར་གོ་བ་བླངས་ནས་སློབ་སྦྱོང་གི་བྱེད་ཐབས་ཁོང་དུ་ཆུད་པ་དང་། སློབ་སྦྱོང་གི་རང་འགུལ་ཇེ་དྲག་ཏུ་གཏོང་བ། སློབ་སྦྱོང་གི་ཕན་ནུས་ཇེ་མཐོར་གཏོང་བ། སློབ་སྲོལ་ནན་འཛིན་དར་སྤེལ་བྱེད་པ་བཅས་བྱས་ཏེ། ཏང་ཡོན་གྱིས་བསམ་ཕོད་པ་དང་སྒྲུབ་ཕོད་པའི་རྟིང་ཤུགས་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་ནུས་རྩལ་མུ་མཐུད་ ཇེ་དྲག་ཏུ་བཏང་སྟེ། ཞིང་སྡེའི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་པའི་སྟོབས་དང་ལྡན་པའི་སྒུལ་ཤུགས་དངོས་གནས་གཅིག་བསྡུས་བྱེད་དགོས།

ཏང་ཡོན་གྱི་སློབ་གསོ་བར་ཐག་མེད་པར་བྱས་པ།

སྲོལ་རྒྱུན་གྱི་སྟེགས་བུའི་སྟེང་སློབ་ཁྲིད་བྱས་ནས་གཤམ་དུ་སློབ་ཁྲིད་ལ་ཉན་པའི“གཞུང་ལུགས་ཁོ་ན་བཤད་པའི”སློབ་སྦྱོང་གི་རྣམ་པར་འགྱུར་ལྡོག་བཏང་ནས་རྣམ་པ་ཆུང་གྲས་དང་། ཁ་འཐོར། དམངས་ཕན་བཅས་རྩ་དོན་དུ་བྱས་ཏེ་ཏང་གི་སློབ་ཁྲིད་དེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ཁང་དང་། རྒན་པའི་ཁྱིམ་ཚང། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་བཅས་སུ་སྤོས་པ་དང་། དེ་ནས་ཞིང་ཁ་དང་། ཞིང་བའི་ཁྱིམ་ཚང་བཅས་སུ་བསྐྱལ་ནས་ཏང་ཡོན་སློབ་གསོའི་གསོ་སྦྱོང་གི་འགྱེད་འཕྲོ་ར་བ་མུ་མཐུད་དུ་རྒྱ་སྐྱེད་པ་དང་། ཏང་ཡོན་སློབ་གསོར“བར་ཐག་མེད་པ” མངོན་འགྱུར་ཡོང་བ་བྱེད་དགོས།

ཏང་གི་རིགས་པའི་གཞུང་ལུགས་མང་ཚོགས་དང་འབྲེལ་མཐུད་ཡོང་བར་བྱེད་དགོས།

“གང་ཞིག་ཆད་ན་དེ་གསབ་པའི”རྩ་དོན་ལྟར། ཏང་གཤིས་བློ་སྦྱོང་དང་། གྲོང་གསེབ་དར་སྤེལ། ཡུལ་སྲོལ་དཔལ་ཡོན། གཞི་རིམ་ཏང་འཛུགས་སོགས་ཀྱི་ནང་དོན་ལ་དམིགས་ནས་ཞིང་སྡེའི་ཏང་ཡོན་གྱི་སློབ་སྦྱོང་འཆར་གཞི་བཟོས་ཏེ། ཏང་གི་སློབ་ཁྲིད་སྤུས་ལེགས་སྐྲུན་པ་དང་། “སློབ་ཁྲིད་འདེམས་པའི”ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་རྣམ་པ་ཁྱབ་གདལ་དུ་གཏོང་བ། ཞིང་སྡེའི་ཏང་ཡོན་གྱི་སློབ་སྦྱོང་དགོས་མཁོ་མི་འདྲ་བ་སྐོང་བ། ཏང་གི་སློབ་ཁྲིད་ཀྱི་ཡིད་དབང་འགུག་ཤུགས་དང་འབོད་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། སློབ་ཁྲིད་བྱེད་མཁན་ཐང་མི་ཆད་པ་དང་ཉན་མཁན་ལ་སུན་སྣང་མེད་པར་ཉན་འདོད་པ་དང་སེམས་ལ་འཛིན་བདེ་བ། སྒྲུབ་ཐུབ་པའི་སློབ་སྦྱོང་གི་འབྲས་བུ་ཡོད་པར་བྱེད་དགོས།

“གཞི་རིམ་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་བརྗོད་ན། ངས་བསམ་གཞིགས་མང་ཙམ་གཏོང་བ་དང་སེམས་ལ་མང་ཙམ་དྲན་པ། གོ་བ་མང་པོ་ལེན་པ།  རྒྱུན་དུ་ཀློག་པ་དང་གཏིང་ཟབ་མོར་ཀློག་པ། ཞིབ་མོར་ཀློག་རྒྱུ་ཡིན། ཏག་ཏག་ཏང་ཡོན་རྣམས་དང་མཉམ་དུ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེད་དོན་གནད་བསྡུས》སློབ་སྦྱོང་བྱས་ཚར་མ་ཐག་པའི་རྟ་ཐང་རྫོང་ཁྲིན་ཀོན་གྲོང་རྡལ་པེད་ཧྲིན་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཧའེ་ཆིན་གྱིས་བཤད་རྒྱུར། ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས“ཏང་ཡོན་གྱི་མདོག་གསུམ་ཞབས་ཞུ་དང་། སྡེ་ཁུལ་བཅོས་སྐྱོང་ལ་རོགས་སྐྱོར”བྱེད་པའི་ཏང་འཛུགས་སྤུས་རྟགས་འཛུགས་སྐྲུན་ཟབ་མོ་བྱས་ནས་གཞི་རིམ་སྡེ་ཁུལ་བཅོས་སྐྱོང་ལ་ཤུགས་སྣོན་པའི་ཁྲོད་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་དང་། སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་སློབ་གསོ་ལེགས་པོར་སྒྲུབ་ཏེ། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་གཅིག་བསྡུས་ནུས་པ་དང་། སིམ་འཛུལ་ནུས་པ། ཤན་ཤུགས་ནུས་པ་ཇེ་དྲག་ཏུ་བཏང་སྟེ། འཆམ་མཐུན་དང་བརྟན་འཇགས་ཀྱི་མཛེས་པའི་པེད་ཧྲིན་སྡེ་ཁུལ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འབད་འཐབ་བྱེད་དགོས།

ཧོང་ཀྲུང་ཆུས་སྟོད་པ་གྲོང་རྡལ་གྱིས་ཞིང་སྡེའི་ཏང་ཡོན་གྱི་ཁྱབ་ཁོངས་རྒྱ་ཆེ་བ་དང་། རིགས་མང་བ། གྲངས་འབོར་མང་བ། ལོ་ཚོད་ཀྱི་ཚད་བརྒལ་ཆེ་བ། རིག་གནས་ཆུ་ཚད་མི་འདྲ་བ་སོགས་ཀྱི་ད་ལྟའི་གནས་ཚུལ་ལ་གཞིགས་ནས“ཟས་ཀྱི་བྲོ་བ་གཅིག་ལ་འཇུ་ཚད་མི་གཅིག་པའི”དངོས་ཡོད་འགལ་བར་ཁ་གཏད་དེ། ཞིང་སྡེའི་ཏང་ཡོན་གྱིས་ན་གཞོན་ཏང་ཡོན་དང་། སྡེ་སྡོད་ཧྲུའུ་ཅི་དང་པོ། བྱ་བའི་རུ་ཁག གསར་དུ་ལས་ཞུགས་བྱས་པའི་ཚོགས་སྤྱིའི་ཏང་ཡོན། འཁོར་བསྐྱོད་ཏང་ཡོན། ལོ་ན་ཆེ་ཞིང་ལུས་སྟོབས་ཞན་པའི་ཏང་ཡོན། རིག་གནས་ཆུ་ཚད་དམའ་བའི་ཏང་ཡོན་སོགས་ཀྱི་རིམ་པ་དགར་ནས་རིགས་མི་འདྲ་བའི་ཏང་ཡོན་རྣམས་ཀྱི་མཐིལ་རྟོགས་པར་བྱས་པ་དང་། གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་བཏོན་སྟེ། ཏང་ཡོན་རེ་རེར་བརྗོད་དོན་སློབ་གསོའི་སྐབས་སུ་སློབ་གསོ་ཐོབ་པ་དང་། མཐོར་འདེགས་ཡོད་པར་ཁག་ཐེག་བྱེད་དགོས།

རིགས་དབྱེ་སྐུལ་འདེད་ལ་དོ་སྣང་བྱེད་དགོས།

རྟ་ཐང་རྫོང་དང་། སྟོང་སྐོར་རྫོང་། ཧོང་ཀྲུང་ཆུས་བཅས་ཀྱིས་ཞིང་སྡེའི་ཏང་ཡོན་གྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་མཁན་ཁ་འཐོར་ཡིན་པ་དང་། དུས་ཚོད་མེད་པ། གོ་བ་ལེན་དཀའ་བ། གཞན་སྒྱུར་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་རྒྱུན་འཁྱོངས་ཀྱིས་གཙོ་གནད་ཁ་གཏད་བྱེད་ཡུལ་དང་གཙོ་གནད་བྱེད་ཐབས། གཙོ་གནད་བླང་བྱ་འབུར་དུ་ཐོན་པར་བྱས་ནས་བྱེ་བྲག་ཅན་དང་། གནད་འཁེལ་ཅན། བར་ཁྱད་ཅན་གྱི་སྒོ་ནས་སློབ་སྦྱོང་གི་བསམ་གཞིགས་དང་། འདོད་བློ། ཐོབ་པ་རྣམས“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་བསམ་ཕྱོགས་བྱེད་ཐབས་དང་། སྲིད་ཇུས་བྱེད་ཐབས། ལམ་ལུགས་རྐྱེན་སྲོལ་བཅས་སུ་བསྒྱུར་དུ་འཇུག་དགོས། ཞིང་སྡེའི་ཏང་ཡོན་རྗེས་སུ་མི་ལུས་པར་བྱེད་དགོས།

རིགས་དབྱེ་ནས་སློབ་སྦྱོང་བྱེད་དགོས། འཁོར་སྐྱོད་ཏང་ཡོན་ལ་དམིགས་ནས་སྦྲག་སྲིད་ནང་བསླབ་གཞི་བསྐུར་བ་དང་། སྒོ་ཁར་བསྐྱལ་བ། “དྲ་ཐོག་དང་ཡུལ་དངོས”གཉིས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བརྒྱུད་དེ། འཁོར་སྐྱོད་ཏང་ཡོན་གྱིས་རང་རྟོགས་སྒོས་ཏང་གཤིས་སློབ་གསོའི་རང་འགུལ་རང་བཞིན་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། ལོ་ན་ཅུང་མཐོ་བ་དང་འགུལ་སྐྱོད་སྟབས་བདེ་མིན་པའི་ཏང་ཡོན་རྒན་པར་དམིགས་ནས“སློབ་སྦྱོང་སྒོ་ཁར་སྐྱེལ་བའི”བྱེད་སྒོ་སྤེལ་ཏེ། འབྲེལ་འདྲིས་ཀྱི་ཟམ་པ་བཙུགས་པ་དང་། དེ་ཡིས་ཏང་ཡོན་རྒན་པ་སྒོ་ཕྱིར་འགྲོ་མི་དགོས་པར་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་པ་དང་། མི་ཚང་མས་སློབ་སྦྱོང་དང་། སློབ་ཁྲིད་མི་ཆད་པ། རྗེས་སུ་མི་ལུས་པ་བྱེད་དགོས།

དམངས་ཕན་སྲིད་ཇུས་སྔར་ལས་སེམས་སུ་འཇགས་པར་བྱས།

“ས་གནས་རང་གི་མཁས་པ”དང་།“ཞིང་བ་ཤེས་ལྡན་མི་སྣ།” སྡེ་བའི་ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅི། ཡུལ་ཕྱོགས་ཀྱི་ཤེས་ལྡན་མི་སྣ། ཕྱུག་འགྱུར་ནུས་པ་ཅན་སོགས་ཞིང་ཁ་དང་ཞིང་བའི་ཁྱིམ་ཚང་དུ་བསྐྱོད་དེ་ངོ་འཕྲད་དེ་ཡུལ་དངོས་ནས་སློབ་ཁྲིད་བྱས་པ་དང་། སྲིད་ཇུས་བཟོ་བ་དང་། སྒྲིག་སྲོལ་བརྒྱུད་རིམ། ལས་གཉེར་བྱེད་སྟངས་སོགས་ཀྱི་ཕྱོགས་ལ་དམིགས་ནས་ལྟ་འདོད་ལ་ཉན་སྤྲོ་བ་དང་། གོ་བདེ་ཞིང་ཤེས་སླ་བ། མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བཅས་ཀྱི་བྱེད་ཐབས་སྤྱད་དེ་དགོངས་པ་སྒྲོག་པ་དང་།  གཞུང་ལུགས་འཆད་པ། སྲིད་ཇུས་བཤད་པ། ཁྲིམས་ལུགས་སྒྲོག་པ། ལག་རྩལ་ཁྲིད་དེ། དམངས་ཚིས་ལ་ཕན་པ་དང་དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་བསྟུན་པ་དེ་ཏང་ཡོན་གྱིས་སློབ་སྦྱོང་ཕན་འབྲས་ལ་བརྡར་ཤ་གཅོད་པའི“ཚོད་ལྟའི་ཕ་ལམ་རྡོ”ལྟ་བུ་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དེ“རྒྱུན་ལྡན་གྱི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ཐུབ་པ་བྱུང་།”

“‘སློབ་ན་གོང་འཕེལ’ཡོད་པ་དང‘ཡིད་ལ་བརྟན་པོར་འཛིན་པ’ ‘ཡིད་རྟོན་ངོ་མ་ཡོད་པ’ ‘བཀོལ་སྤྱོད་ཐུབ་པའི’གནད་དོན་དངོས་གནས་ཐག་གཅོད་བྱས་ཏེ། དོན་ངོ་མའི་སྟེང་གཏིང་ཟབ་པ་དང་། སེམས་ལ་ཟུག་པ། དོན་དངོས་ཡིན་པ་མངོན་འགྱུར་བྱེད་དགོས།”རྟ་ཐང་རྫོང་ཧྲའོ་པེ་བོད་རིགས་ཡུལ་ཚོ་ཏུང་ཀྲི་ཀིག་སྡེ་བའི་ཧྲུའུ་ཅི་ལི་དབྱིན་རིན་གྱི་བྱ་བའི་ཟིན་བྲིས་དེབ་ཀྱི་ཁ་ཕྱེས་པ་ན། སྨྱུ་གུ་དམར་པོས་རྟགས་བརྒྱབ་ཡོད་པའི་ཟིན་བྲིས་དེར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས། ཁོང་གིས་གསར་འགོད་པར་བཤད་རྒྱུར། ཏུང་ཀྲི་ཀིག་སྡེ་བ་ནས་ཐག་ཉེ་སའི་སྟབས་བདེའི་རྣམ་པ་སྤྱད་དེ། རྒྱལ་སྟོབས་སློབ་སྦྱོང་དང་། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས། ཞིང་བའི་དཔེ་ཁང་སོགས་ཀྱི་སྟེགས་བུ་བཀོལ་སྤྱོད་ལེགས་པོ་བྱས་ནས་རིགས་པའི་གཞུང་ལུགས་ཞིང་སྡེའི་ཏང་ཡོན་གྱི་སེམས་སུ་བསྐྱལ་བ་དེས་རྒྱ་ཆེའི་ཏང་ཡོན་གྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་མཉམ་དུ“སློབ་སྦྱོང་བྱེད་མཁན”དང་། “དྲིལ་སྒྲོག་མཁན།” “ལག་ལེན་མཁན”བཅས་བྱེད་དགོས།

སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་དཔེ་བསྡུར་བྱེད་དགོས།

རྟ་ཐང་རྫོང་དང་། སྟོང་སྐོར་རྫོང་། ཧོང་ཀྲུང་ཆུས་བཅས་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་བཅོས་སྒྲིག  སྒྲིག་སྲོལ་འཛུགས་པ་དང་ལམ་ལུགས་བཟོ་བ་དཀྱུས་གཅིག་ཏུ་འབྲེལ་བར་བྱས་ནས་ནུས་ལྡན་སྒོས་མཉམ་འདྲེས་དང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་། སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་དུས་དང་རྣམ་པ་ཀུན་ཏུ་གནད་དོན་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་དོན་ངོ་མའི་སྟེང་གནད་དོན་ལ་བརྟག་དཔྱད་དང་། འཕེལ་རྒྱས་ཀྱི་ལམ་བུ་བཏོད་དེ། རང་འགུལ་གྱིས་ལས་འགན་གཙང་སྒྲུབ་དང་། གནད་དོན་ཐག་གཅོད། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱེད་ཐབས་དངོས་འདོན་པ་དང་། ལས་དོན་དངོས་སྒྲུབ་པ། ཕན་འབྲས་དངོས་ཐོབ་པར་བྱེད་དགོས།

ཞིབ་བཤེར་ཟབ་མོ་བྱས་ནས“གནད་དོན”འཚོལ་དགོས།

རང་འགུལ་གྱིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་དང་གྲོང་ཁྱེར་ཏང་ཨུའི་བྱ་བའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་དང་པོ་བརྟན་པོར་ཁོང་དུ་ཆུད་པར་བྱས་ནས་རང་སྟེང་ནས་གནད་དོན་ལ་ལྟ་བ་དང་རང་འགུལ་གྱིས་གནད་དོན་བཙལ་བ་རྒྱུན་འཁྱོངས་སྒོས་ཆབ་སྲིད་ཀྱི་ལངས་གནས་དམའ་བ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོག་པ། བྱ་བ་སྒྲུབ་པའི་སྤྲོ་སེམས་ཞན་པ། ནུས་པའི་སྤུས་ཚད་དམའ་བ། བྱ་བའི་སྤུས་ཚད་ཀྱི་ཕན་འབྲས་ཞན་པ། བྱ་སྤྱོད་སྒྲིག་ཁྲིམས་ཁ་འཐོར་ཡིན་པ་སོགས་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཟབ་མོར་བཙལ་ནས་སློབ་སྦྱོང་གི་གནས་ཚུལ་དང་ཟུང་འབྲེལ་སྒོས་ཆེས་ཐོག་མའི་ཞིབ་བཤེར་གནད་དོན་འཚོལ་ཞིབ་བྱས་ནས་གླེང་།

འཕེལ་རྒྱས་དང་ཟུང་འབྲེལ་བྱས་ནས“དཀའ་གནད”སྔོག་འདོན་བྱེད་དགོས།

དོན་དངོས་ཀྱི་གནད་དོན་ཐག་གཅོད་དང་དོན་དངོས་ཀྱི་ཕན་འབྲས་ཐོབ་པ་བྱ་རྒྱུ་དེ་གཞི་འཛིན་ས་དང་རྐང་ཚུགས་སར་བརྩིས་ཏེ། ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེན་པོ་མེད་པར་ཞིབ་བཤེར་ཟབ་མོ་བྱས་ནས་སྡེ་བའི༼སྡེ་ཁུལ༽“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་ཉམས་ཞན་དང་ཁ་འཐོར་ཡིན་པ་དང་། ཏང་ཡོན་གྱི་སློབ་གསོའི་དོ་དམ་ནན་མོ་མིན་པ་དང་དོན་དངོས་མིན་པ། གོང་རིམ་ཏང་རྩ་འཛུགས་ཀྱི་ཐབས་ཇུས་བཀོད་སྒྲིག་དངོས་འབེབ་དོན་འཁྱོལ་བྱས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་དང་ལྷག་པར་དུ་གནད་དོན་ཐག་གཅོད་བྱེད་ཐབས་རྙེད་པ་དང་། ཐོན་ཁུངས་དོ་དམ་ཡོངས་སུ་ཁྱབ་དུ་འཇུག་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་མངོན་གསལ་མིན་པའི་གནད་དོན། ལེགས་བཅོས་བྱེད་ཐབས་ཞིབ་མོ་ཡིན་པ་དང་ལེགས་བཅོས་འགན་འཁྲི་གསལ་བོ་བྱས་ཏེ། དོན་ངོ་མའི་སྟེང་གནད་དོན་རྟོགས་པ་དང་གནད་དོན་ཐག་གཅོད་བྱེད་པ་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། བཅོས་སྒྱུར་ལ་བྲེལ་བ། གཞི་རིམ་གྱི་རེ་སྒུག དམངས་ཀྱི་འདོད་བློ་སྐོར་ཞིག་ཐག་གཅོད་པའི་འབུར་ཐོན་གནད་དོན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་།

རྟ་ཐང་རྫོང་ཅི་ལི་ཡུལ་ཚོ་ཙུང་དབྱང་ཀིག་སྡེ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གནས་པའི་གནད་དོན་གྱི་ཞན་ཆར་དབྱེ་ཞིབ་ཟབ་མོ་བྱས་ཏེ། ཞིང་ཆེན་རིམ་པའི་རོགས་སྐྱོར་ལས་ཁུངས་དང་འབྲེལ་འདྲིས་བྱེད་པར་ཤུགས་བསྣན་ནས “ཀྲི་པུའུ་ཡི་ཆ་སྒྲིག་མཉམ་འཛུགས”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཁྱིམ་ཚང་བརྒྱ་དང་རེ་བདུན་གྱི་གནད་དོན་ཡོད་པའི་སྤྱོད་ཁང་ལེགས་སྒྲིག་དང་སྡེ་བའི་ནང་གི་བགྲོད་ལམ་ཉམས་གསོ། ཆུ་ལམ་དུ་སྲུང་སྐྱོབ་ར་སྒྲིག་སྦྱོར་བྱེད་པ། རིག་གནས་ཐང་ཆེན་ཉམས་གསོ་བྱེད་པ་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས་པ་དང་། མང་ཚོགས་ལ་རྒྱང་སྒྲོག་བརྙན་འཕྲིན “ཁྱིམ་ཚང་རེ་རེར་ཁྱབ་པའི”སྒྲིག་ཆས་60ལྷག་བྱིན་ནས“ལས་བྱེད་པས་སློབ་གསོ་མྱོང་བ་དང་། མང་ཚོགས་ལ་ཁེ་ཕན་ཐོབ་པ། ཀྲི་པུའུ་མཉམ་དུ་མཐོར་འདེགས་གཏོང་བ། གྲོང་གསེབ་མཉམ་དུ་འཕེལ་རྒྱས་གཏོང་བའི”ཕན་འབྲས་ཤིག་མངོན་འགྱུར་བྱུང་།

སྟོང་སྐོར་རྫོང་ཉི་ཟླ་བོད་རིགས་ཡུལ་ཚོས་ཏང་ཀྲི་པུའུ་སྡེ་ཚན་བྱས་ནས“སྒོ་འབྱེད་གསལ་འདེབས་བྱེད་པ”དང“མང་ཚོགས་ལ་བཅར་འདྲི་བྱེད་པ” “སྡེ་བའི་ནང་ཟབ་འཇུག”བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་བསམ་འཆར་བསྡུ་ལེན་བྱས་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་དག་ཆུང་ཆུང་དང་དཀའ་གནད་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ། འོས་འགན་སྨན་བཅོས་ཞབས་ཞུའི་བྱེད་སྒོ་དང་། གཏོར་བརླག་ཐེབས་པའི་བགྲོད་ལམ། གློག་སྒྲོན་ཞིག་གསོའི་བྱ་བ་སོགས་དམངས་ཀྱི་དོན་དངོས་ཁག་སུམ་ཅུ་རྩ་འཛུགས་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།