དམངས་ཚིས་དྲོད་ཚད་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཟབ་ཚད་ལ་ཞིབ་བཤེར་བྱས།
2023.11.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

དམངས་ཚིས་ཕན་པའི་བྱ་བ་ཏན་ཏིག་གིས་སྒྲུབ་པ་དང་དམངས་སེམས་དྲོ་བའི་བྱ་བ་ཞིབ་ཏུ་སྒྲུབ་པ། དམངས་ཀྱི་འདོད་བློ་དང་མཐུན་པའི་བྱ་བ་ཡག་པོར་སྒྲུབ་དགོས། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་།  མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་བསྣན་ནས།“ཟབ་མོ”ཞེས་པ་བརྗོད་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་།   སློབ་སྦྱོང་ཟབ་མོ་བྱེད་པའི་ཁྲོད་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ་དང་།   ལས་ཀ་བྱེད་པའི་ཁྲོད་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ།  བཅོས་སྒྱུར་གཏིང་ཟབ་སྤེལ་བྱེད་པའི་ཁྲོད་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།   མང་ཚོགས་ཀྱི“བྲེལ་དཀའ་སྡུག་སྨོན”ལ་དམིགས་པ་དང་།  དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་འཚོའི་འགན་ལེན་ཤུགས་ཆེན་པོས་དམ་འཛིན་བྱེད་པ། དམངས་འཚོའི་དྲོད་ཚད་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཟབ་ཚད་ལ་ཞིབ་བཤེར་བྱེད་པ་བཅས་བྱས་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།

ཉེ་ལམ།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་བྱ་མདོ་ཡུལ་ཚོ་སྤྲེལ་ནག་སྡེ་བ་རུ། ཀོས་ནན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་ལས་བྱེད་མི་སྣས་མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིAppབརྒྱུད་ནས།  སྡེ་བའི་འགྲོ་སྐྱོད་སྟབས་བདེ་མིན་པའི་རྒན་རྒོན་གྱི་ཐོབ་ཐང་བདེན་དཔང་ར་སྤྲོད་བྱས་པ་དང་།  ཉན་སྤྲོ་ཞིང་གོ་བདེ་བའི་བྱེད་ཐབས་སྤྱད་ནས་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ།“2023ལོའི་ཐོབ་ཐང་ལེགས་སྒྲིག”དང“རྒན་གསོའི་དངུལ་སྟེར་བའི་ཚད་གཞི།” “སྤྱི་ཚོགས་འགན་སྲུང་བྱང་བུ་བཀོལ་སྤྱོད”སོགས་ཚང་མས་དོ་ཁུར་བྱེད་པའི་གནད་དོན་ལ་རེ་རེ་བཞིན་ལན་བཏབ།

སྤྱི་ཚོགས་འགན་སྲུང་གི་གཉེར་སྒྲུབ་ཞབས་ཞུའི་ལས་དོན་སྔར་ལས་ཡག་པོར་སྒྲུབ་ནས།   སྤྱི་ཚོགས་འགན་སྲུང་ཐེབས་རྩའི་གཏོང་ཡོང་གནས་ཚུལ་འབྱུང་བར་བཀག་འགོག་ནུས་ལྡན་བྱེད་ཆེད།  ཀོས་ནན་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་2023ལོའི“སྤྱི་ཚོགས་འགན་སྲུང་ཞབས་ཞུ་ཁྱིམ་ཚང་ཁྲི་ལ་ཁྱབ་པའི”དྲིལ་སྒྲོག་བྱ་འགུལ་སྤེལ་ནས།  ཐོབ་ཐང་ལེན་མཁན་གྱི་ཐོབ་ཐང་དཔང་དངོས་ར་སྤྲོད་ཁས་ལེན་བྱས་ཏེ།  འགྲོ་སྐྱོད་སྟབས་བདེ་མིན་པའི་རྒན་རྒོན་ཚོ་ཕྱིར་འགྲོ་མི་དགོས་པར་དྲོ་སྐྱིད་ཀྱི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་བྱས།

ལས་བྱེད་པ་རྣམས་ཀྱིས་དམངས་ཀྱི་སྐད་ཆར་ཉན་པ་དང་། མང་ཚོགས་ཀྱི་ཁྲོད་དུ་ཏང་གི་གསུང་སྐད་སྒྲོག་པ།  མང་ཚོགས་ལ་དམངས་ཀྱི་གནས་ཚུལ་ཤེས་སུ་འཇུག་པ་དང་།  མང་ཚོགས་ལ་ཏང་གི་དགོངས་དོན་རྟོགས་སུ་འཇུག་པ་ནི་བརྗོད་དོན་སློབ་གསོའི་གྲུབ་འབྲས་མངོན་འགྱུར་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་རེད།

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཏང་ཨུའི་རྒྱུན་ཨུ་ཚན་ཁག་གིས“མེད་པ་གསུམ”གྱི་གཞིས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཞན་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེ་བ། དོ་དམ་ཆུ་ཚད་དམའ་བ་བཅས་ཀྱི་དཀའ་གནད་ལ་དམིགས་ཏེ། ཆེད་དོན་བརྟག་ཞིབ་ཇུས་གཞི་བཟོས་ནས་བརྟག་ཞིབ་བྱས་པ་དང་།“ཏང་འཛུགས་སྐྲུན་དང་མེད་པ་གསུམ་གྱི་གཞིས་ཁུལ་བཅོས་སྐྱོང་དོ་དམ”གྱི་རྣམ་པ་འཚོལ་ཞིབ་བྱས་ནས་བཙུགས་པ་དང་།  ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་གི་སྡེ་ཁུལ་དང་ལས་རིགས་ཨུ་ཡོན་ལྷན་ཁང་།   སྡེ་ལས་ཁེ་ལས་བཅས་“ཕྱོགས་གསུམ་མཉམ་འགུལ”ཀྱི་བྱ་བའི་ལམ་སྲོལ་དང་ཏང་ཀྲི་པུའུ་ལྟེ་བར་བྱས་པའི་མཉམ་སྐྲུན་དང་མཉམ་དུ་དོ་དམ་བྱེད་པ།  མཉམ་དུ་བཀོལ་སྤྱོད་བྱེད་པ་བཅས་ཀྱི་རྣམ་པ་གསར་པ་བསྐྲུན་ཏེ། བཙོག་ཟིང་ཞན་གསུམ་གྱི་རྣམ་པ་དེ་ཕན་འབྲས་ལྡན་པའི་སྒོ་ནས་ཐག་གཅོད་བྱས་ཏེ།  རྩ་བའི་ཆ་ནས་རྫོང་ཡོངས་ཀྱི་གསུམ་མེད་གཞིས་ཁུལ་སོ་བརྒྱད་ལ་དོ་དམ་བྱེད་མཁན་ཡོད་པ་དང་དོ་དམ་ཡག་པོ་བྱེད་མཁན་ཡོད་པར་བྱས།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་།    མཚོ་ལྷོ་ཁུལ་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས།  མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བའི་བྱེད་ཐབས་ནུས་ལྡན་དུ་བརྩིས་ནས།  མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པ་དང་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་དངོས་ཐག་གཅོད་བྱེད་པར་རྐང་བཙུགས་ཏེ། 《མཚོ་ལྷོ་ཁུལ་གྱི2023ལོའི་དམངས་འཚོའི་བྱ་བ་དངོས་ཀྱི་རྣམ་གྲངས་འགན་འཁྲི་ཁག་བགོས་ཇུས་གཞི》དང་ཞིབ་བསྡུར་ནན་མོ་བྱས་ཏེ།   མ་དངུལ་བརྩོན་ལེན་བྱེད་པའི་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་བརྗོད་དོན་སློབ་གསོའི་ཁྲོད་དུ་མངོན་པར་བྱས།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་མི་དམངས་མང་ཚོགས་ཀྱི་བདེ་ཚོར་དང་སྐྱིད་ཚོར་ལ་ཤུགས་རྐྱེན་ཐེབས་པའི་མངོན་གསལ་གནད་དོན་ལ་དམིགས་ཏེ།  མང་ཚོགས་ཀྱི་ཁྲོད་དུ་བསམ་འཆར་ཆེན་པོ་ཡོད་པ་དང་སྤྱི་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པའི་གནད་དོན་གཙོ་བོར་དམིགས་ནས།  མངོན་མེད་རྐྱེན་ངན་ལ་རྡུང་རྡེག་བཅོས་སྒྲིག་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད།  འགལ་བ་དང་རྩོད་གཞི་ཞིབ་བཤེར་དང་འདུམ་སྒྲིག་བྱས་པ་དང་།  ཉིན་བརྒྱའི་མཁྲེགས་གཏོར་གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཁོར་ཡུག་སྲུང་སྐྱོབ་དང་སློབ་གསོའི་འཕྲོད་བསྟེན།  རྩྭ་ཐང་དང་རི་ཁུལ་གྱི་ས་མཚམས།   ཁྱིམ་མཚེས་བར་གྱི་རྩོད་གཞི།  གཉེན་དོན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འགལ་བར་ཞིབ་བཤེར་བྱས་པ་དང་། དུས་ཚིགས་གསུམ་པར་ཁྱོན་སྡོམ་འགལ་བ་དང་རྩོད་གཞིའི་རིགས233ལ་ཞིབ་བཤེར་བྱས་པ་དང་།  འགལ་བ་དང་རྩོད་གཞིའི་རིགས་223ཐག་གཅོད་བྱས་པས་སྤྱི་ཚོགས་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་སོང་།

སྐོར་གཉིས་པའི་བརྗོད་དོན་སློབ་གསོའི་ཁྲོད།  མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་སོ་སོས་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བར་བྱས་ནས།   འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་མདུན་གྲལ་དུ་བསྐྱོད་པ་དང་།  མིག་དཔེ་སྟོན་རྒྱུ་རྒྱུན་འཁྱོངས་ཀྱིས་འཐབ་ཕྱོགས་དང་པོར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་པ།  གྲོང་གསེབ་དང་སྡེ་ཁུལ།   ཁེ་ལས་སོགས་གཞི་རིམ་གྱི་མདུན་གྲལ་དུ་བསྐྱོད་དེ་རང་འགུལ་ངང་དོན་དངོས་སྒྲུབ་པ་དང་དཀའ་གནད་བསལ་བ་བཅས་བྱས་ནས་ལས་དོན་སྣ་ཚོགས་ལ་བརྒལ་གཏོར་གསར་པ་འབྱུང་བར་སྐུལ་འདེད་བཏང་ཡོད།

བརྗོད་དོན་སློབ་གསོའི་ཕན་འབྲས་ཅི་འདྲ་ཡིན་མིན་དང་། དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཚད་གཞི་གལ་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱིས་“དམངས་ལ་རེ་འབོད་ཡོད་”ཅེས་པ་དེ་“ང་ལ་ཨ་ལན་ཡོད”ཅེས་པར་བསྒྱུར་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཉེ་ལམ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་བྲག་ཆ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ས་གནས་ཀྱི་ནོར་ལུག་གི་ཤ་དག་མ་འཛད་སྤྱོད་བྱེད་མགོ་བརྩམས་པ་དང་།  ཐོག་དང་པོར་འཛད་སྤྱོད་ཀྱི་ཚོང་ལམ་དེ་འདྲ་མི་བཟང་བའི་གནས་ཚུལ་ལ་དམིགས་ནས།  མཚོ་འཁྱིལ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་རོགས་སྐྱོར་སྣེ་ཁྲིད་བྱས་པར་བརྟེན།   ད་ལྟ་མཉམ་ལས་ཁང་གིས་ཉིན་རེ་བཞིན་སྒོར་ཁྲི་གཉིས་ཡན་གྱི་ནོར་ལུག་གི་ཤ་ཕྱིར་འཚོང་བྱེད་ཐུབ་ཀྱི་ཡོད།

རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ཅིན་ཡུང་ཆིན་གྱིས་བཤད་རྒྱུར།  ང་ཚོ་ཡུལ་ཚོས་འབྲེལ་མཐུད་བྱ་བ་ཡག་པོར་སྒྲུབ་ནས་བཤས་གཏོང་ལ་བྱ་དགའ་སྤྲོད་པ་དང་།  ཕྱིར་ཚོང་སྟེགས་བུ་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས།  ནོར་ལུག་གི་ཚོང་བྲིན་པའི་ཐབས་ལམ་རྒྱ་ཆེར་གཏོང་གི་ཡོད།  དེ་ནི་ཡུལ་ཚོའི་ནོར་ལུག་བྲིན་འཚོང་གི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་ཡིན་པས་ང་ཚོས་ནོར་ལུག་བྲིན་འཚོང་གི་ཚད་གཞི་མུ་མཐུད་དུ་མཐོ་རུ་བཏང་ནས་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་འབྱུང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་མཚོ་འཁྱིལ་ཡུལ་ཚོས་རོང་འབྲོག་པར“དཔལ་འབྱོར་གྱི་རྩིས་ཁྲ”དང་།“སྐྱེ་ཁམས་ཀྱི་རྩིས་ཁྲ”“དགུན་སྒྲོལ་གྱི་རྩིས་ཁྲ”བཅས་མུ་མཐུད་དུ་ཡག་པོར་བཟོ་རོགས་བྱས་ནས།  བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་གྲུབ་འབྲས་དེ་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱེད་པའི་བྱ་བའི་སྒུལ་ཤུགས་སུ་བསྒྱུར་ཏེ།   བརྗོད་དོན་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་སྔར་ལས་དོན་དངོས་དང་དམངས་སེམས་ལ་སིམ་པར་བྱས།

བརྗོད་དོན་སློབ་གསོའི་ཁྲོད།   མཚོ་བྱང་ཁུལ་གྱིས“དགོངས་པར་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ།  ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ།  བརྗོད་དོན་སློབ་གསོ་དང་བྱ་བ་སྣ་ཚོགས་ཟུང་འབྲེལ་དམ་པོ་བྱས་ནས་ཚད་གཞི་མཐོན་པོས་སྐུལ་འདེད་བྱེད་པ་དང་སྤུས་ཚད་མཐོན་པོས་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བྱས་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་དེ་དམངས་ཀྱི་དངོས་གཉེར་དངོས་སྒྲུབ་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱས་པ་དང་།    མིག་སྔར་དམངས་ཀྱི་ཆེད་དུ་དོན་དངོས་296བསྒྲུབས་ཡོད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུ།“སོག་བོད་སྨན་ཁང་གི་སྨན་རིན་རང་གྲོན་བཏང་ནས་རྩིས་རྒྱག་དགོས་པ”དེ་སྨན་བཀོལ་སྤྱོད་བྱེད་པའི་ནད་པ་རྣམས་ལ་མཚོན་ན་དཀའ་གནད་ཅིག་ཏུ་གྱུར་ཡོད།  སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་།  ཏུའུ་ལན་རྫོང་འཕྲོད་བསྟེན་བདེ་ཐང་ཅུའུ་ཡིས་“མཚོ་སྔོན་ཞིང་ཆེན་གྱིས་མི་རིགས་གསོ་རིག་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བའི”འབྲེལ་ཡོད་བྱ་བའི་བླང་བྱ་ཧུར་ཐག་གིས་ལག་བསྟར་བྱས་ཏེ། སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ནུས་པའི་ཆུ་ཚད་མཐོ་རུ་བཏང་སྟེ།    རྫོང་སོག་བོད་གསོ་རིག་སྨན་ཁང་གི་སྨན་རྫས་རིགས་95སྨན་བཅོས་འགན་བཅོལ་གྱི་རྩིས་རྒྱག་ནང་བཅུག་ཡོད་པས།   ད་ལྟ་ནད་པའི་སྨན་རིན་གྱི་འགྲོ་སོང་དེ་སྔོན་དང་བསྡུར་ན་ཧ་ཅང་དམའ་རུ་ཕྱིན་ཡོད་པས་མང་ཚོགས་ལ་ཕན་པ་དངོས་ཐོབ་ཡོད།

མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གིས་ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་པའི་གནད་འགག་དེ་དམ་འཛིན་བྱས་ནས།  ལས་ཞུགས་སྔོན་ལ་འཛིན་པའི་འཐབ་ཇུས་དང་བརྗོད་དོན་སློབ་གསོ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ལས་གནས་གསར་སྤེལ་དང་། རྩལ་ནུས་གསོ་སྦྱོང་། ལས་ཞུགས་རོགས་སྐྱོར་བཅས་ཀྱི་ཐུན་མོང་བྱེད་ཐབས་སྤྱི་འདོམས་ཡག་པོ་བྱས་ནས“ལས་ཀ་འཚོལ་ས་ཡོད་པ་དང་། ལས་ཞུགས་ལམ་བུ་ཡོད་པ། དཀའ་ངལ་ལ་རོགས་རམ་ཡོད་པ”བཅས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་པ་དང་།  མིག་སྔར་རྫོང་ཡོངས་སུ་མི་1563གསར་དུ་ལས་ཞུགས་བྱས་པ་དང་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་མི་ཐེངས་འབུམ་གཅིག་ལྷག་གཞན་སྒྱུར་ལས་ཞུགས་བྱས་ནས་ཡོང་འབབ་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ལྷག་མངོན་འགྱུར་བྱས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོ་སྨུག་ཡངས་སྡེ་བའི་སྡེ་མི་མཁན་ཐར་ནི་རྐང་པ་ཞ་བོ་ཞིག་ཡིན་པ་དང་།  དུས་རྒྱུན་གྱི་བྱ་སྤྱོད་དང་འཚོ་བའི་ཁྲོད་འགྲན་སློང་སྣ་ཚོགས་ལ་འཕྲད་ཀྱི་ཡོད་ལ་རྟག་ཏུ་རང་ཉིད་ནི་ཉམས་ཆུང་དང་རོགས་རམ་བྱེད་མཁན་ཡང་མེད་པའི་སྣང་བ་ཞིག་རྒྱུན་དུ་སྐྱེས་བཞིན་ཡོད།    གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས།  གཅིག་སྒྲིལ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁོར་ལུས་རྩལ་ཡོ་བྱད་ཆ་ཚང་ཞིག་མཁོ་འདོན་བྱས་པ་མ་ཟད། བེད་སྤྱོད་བྱེད་སྟངས་ངོ་སྤྲོད་ཞིབ་མོ་བྱས་པ་རེད། དམིགས་བསལ་གྱི་ཤ་གནད་དག་ལ་དམིགས་ནས་སྦྱོང་བརྡར་བྱས་པ་བརྒྱུད། ཁོན་ཐར་གྱི་གཟུགས་པོའི་སྟབས་བསྟུན་རང་བཞིན་དང་མཐུན་སྦྱོར་རང་བཞིན་མངོན་གསལ་གྱིས་ཆེ་རུ་ཕྱིན། ཁོས་བཤད་རྒྱུར། “སྐབས་རེ་ང་དལ་མོར་འགྲོ་ཐུབ་ཀྱི་ཡོད།   དེ་ནི་ངའི་ངོས་ནས་བརྗོད་ན་ཧ་ཅང་ཐོད་བརྒལ་ཆེན་པོ་ཞིག་རེད་”ཟེར།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ།    མགོ་ལོག་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབང་པོ་སྐྱོན་ཅན་གྱི་སློབ་གསོ་དང་སྨན་བཅོས། རིག་གནས། ལུས་རྩལ་བཅས་ཁྱིམ་ཚང་དུ་སྤེལ་བའི་བྱ་འགུལ་བརྒྱུད། དབང་པོ་སྐྱོན་ཅན་མང་ཚོགས་བར་དུ་འབྲེལ་ཟམ་བཙུགས་ནས་བདེ་སྐྱིད་ལམ་བུ་བསྐྲུན་ཏེ། ་དབང་པོ་སྐྱོན་ཅན་མང་ཚོགས་ལ“ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།

“རྡོ་སོལ་འཛུགས་སྐྲུན་གྱི་གཞིས་ཁུལ་དུ་བོགས་གཏོང་ཁྱིམ་ཚང་གཅིག་མང་དུ་ཕྱིན་ཡོད་པས་ངེས་པར་དུ་ཐོ་འགོད་ཡག་པོ་བྱས་ནས་གཞིས་ཁུལ་གྱི་སྡོད་དམངས་ལ་ཕྱོགས་ཡོངས་ཀྱི་དོ་དམ་དང་བདེ་འཇགས་འགན་ལེན་བྱེད་དགོས”“གཞིས་ཁུལ་རྙིང་པར་རླངས་འཁོར་འཇོག་ས་ཉུང་བ་དང་། སྡོད་དམངས་རྣམས་ཀྱི་རླངས་འཁོར་འཇོག་དཀའ་བ། ཉེ་འཁོར་གྱི་རླངས་འཁོར་འཇོག་ས་མཐུན་སྦྱོར་བྱས་ནས་ཁོ་ཚོར་ཟླ་གཅིག་རིང་བོགས་མར་གཏོང་རྒྱུ་ཡིན”“ཨ་ཁུ་ཁྲིན་ལགས།  སྨན་ཨེ་འཐུང་། ངས་ཁྱེད་རང་ལ་སྨན་སྒམ་གཉིས་ཉོས་ཡོད། འཚོ་བའི་ཐད་དཀའ་ངལ་ཅི་ཞིག་ཡོད་ན་ང་ལ་ཁ་པར་རྒྱག་རོགས། ”

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ།  ཟི་ལིང་གྲོང་ཁྱེར་གྱི་ཉེན་རྟོག་པའི་གྱོན་ཆས་གྱོན་པའི་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གཞོན་པ་རེ་རེ་བཞིན་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་གཞུང་ཆེ་ཆུང་སོ་སོར་སོང་སྟེ་ཟི་ལིང་གི“དུས་བདེའི་སྦྲེལ་ཐག”བརྒྱུད་ཡོད།   ཁོ་ཚོས་བརྗོད་དོན་སློབ་གསོ་ལས་འཕེལ་བའི་སློབ་སྦྱོང་དང་བྱ་བའི་སྤྲོ་སེམས་དེ་ལས་སྒྲུབ་ལས་གཏོད་དང་ལས་ཀར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ནས།  དམངས་ལ་ཞབས་འདེགས་ཞུ་བ་དང་འགལ་ཟླ་སེལ་བའི་ཐད་ཐབས་ཤེས་དངོས་འདོན་པ་དང་བྱས་རྗེས་དངོས་འཇོག་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་མང་ཚོགས་ལ་བརྗོད་དོན་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དངོས་སུ་ཚོར་ཐུབ་པར་བྱས་ཡོད།

“ཉེན་རྟོག་པའི་གྱོན་ཆས་གྱོན་པའི་ཧྲུའུ་ཅི་གཞོན་པ”ནི་ཟི་ལིང་གིས་བརྗོད་དོན་སློབ་གསོར་སྐུལ་འདེད་བཏང་ནས་དམངས་འཚོར་དངོས་འབྲེལ་ཕན་པ་ཐོབ་པའི་བསྡུས་རིས་ཤིག་རེད།   བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས་ཟི་ལིང་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་ཀར་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ལ་འགྱུར་བར་བྱས་ཏེ།   མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད” ཧུར་ཐག་གིས་ཤར་གཏོང་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།

སྐོར་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གོང་འོག་བར་གསུམ་གྱིས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ་དང་། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་གནད་དོན་ལ་དམ་པོར་དམིགས་ནས་འཕེལ་རྒྱས་ལ་དགོས་གལ་ཆེ་བ་དང་བཅོས་སྒྱུར་ལ་དགོས་གཏུག་ཆེ་བ། གཞི་རིམ་གྱིས་རེ་སྒུག་བྱེད་པ། དམངས་སེམས་ཀྱི་ཕྱོགས་སོ་བཅས་གནད་དོན་ཁག་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་།

བརྗོད་དོན་སློབ་གསོའི་ཕན་འབྲས་བཟང་མིན་ནི་མང་ཚོགས་ཀྱིས་ཆེས་གསལ་བོར་མཐོང་ཞིང་ཆེས་ཐད་ཀར་དུ་ཚོར་བ། མང་ཚོགས་ལ་ཆེས་སྨྲ་དབང་ཡོད་པ་ཞིག་རེད། སྐོར་གཉིས་པའི་བརྗོད་དོན་སློབ་གསོ་ཐད་ཀར་དུ་གཞི་རིམ་དང་མང་ཚོགས་ལ་ཁ་ཕྱོགས་པ་དང་། རང་ཞིང་གི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོའི“དམངས་ལ་མཐོང་ཆེན་བྱེད་པའི”རྩོམ་ཡིག་ཡག་པོ་བྲིས་ཏེ།   བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དམངས་ལ་དྲོ་སྐྱིད་སྦྱིན་པ། དམངས་འཚོར་ཕན་པ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།

                                                                             ཡིག་སྒྱུར་བ། གཡང་འབུམ་རྒྱལ།